ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཞིང་ཆེན་བསྡོམས་རྩིས་ཅུས་སུ་ལས་དོན་སྦྲེལ་མཐུད་དང་སྙན་སེང་ཞུས།
ཟླ་1པོའི་ཚེས་7ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཞིང་ཆེན་བསྡོམས་རྩིས་ཅུས་སུ་ལས་དོན་སྦྲེལ་མཐུད་དང་སྙན་སེང་ཞུས། ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ཏོ་ཏེང་ཝེ་བཞུགས་མོལ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་དང་བསྡོམས་རྩིས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ནུས་ལྡན་དང་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་མཛུབ་སྟོན་དང་རོགས་རམ་འོག བདེ་ཆེན་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྡོམས་རྩིས་ལས་ཀའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཏང་ནས། ཁྲིམས་ལྟར་བསྡོམས་རྩིས་དང་སྲིད་སྐྱོང་བྱས་པར་སྐུལ་འདེད་བཏང་སྟེ། བསྡོམས་རྩིས་ཀྱི་གཞི་རིམ་རྨང་གཞི་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་ནས། ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་ཕན་འབྲས་གསར་པ་ཐོན། ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ལས་སྒོར་མཛུབ་སྟོན་དང་ལས་གཞིའི་བསྡུ་ལེན། བཅོས་བསྒྱུར་གསར་གཏོད་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་སྔར་ལས་མང་པོ་བྱས་ཏེ། བདེ་ཆེན་གྱི་རིམ་པ་ཁག་གི་ལས་བྱེད་པར་དཔལ་འབྱོར་ཆོས་ཉིད་སྟངས་འཛིན་དང་། དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། དཔལ་འབྱོར་ལས་དོན་ལ་དམ་འཛིན་བཅས་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་རོགས་བྱེད་པ་མ་ཟད། ད་དུང་ཚན་རིག་དང་མཐུན་པའི་སྒོ་ནས“ས་མཐོའི་གླིང་ཁུལ”གྱི་དཔལ་འབྱོར་གྲངས་གཞི་བསྡོམས་རྩིས་རྒྱག་པ་སོགས་ཀྱི་ཐད་རོགས་རམ་བྱས་ཏེ། སྤུས་ཚད་མཐོ་བའི་བསྡོམས་རྩིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་རེ་བ་ཡོད་ཅེས་སྟོན།
ཏོ་ཏེང་ཝེ་ཡིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བསྡོམས་རྩིས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བཅའ་ཁྲིམས་ལྟར་བསྡོམས་རྩིས་ཀྱི་འདུ་ཤེས་བརྟན་པོ་དང་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཞིང་། བསྡོམས་རྩིས་ཞབས་ཞུ་གནད་དུ་འཁེལ་ནས་དཔལ་འབྱོར་དམིགས་ཚད་ཁག་བརྟན་པོའི་ངང་འཕར་ཡོད། བདེ་ཆེན་གྱིས་རྣམ་གྲངས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་དམིགས་ནས། ཁེ་ལས་ཀྱི་རིམ་སྤར་མཛོད་འཇུག་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས། ཞིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་འདོན། ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་བདེ་ཆེན་ཁུལ་བསྡོམས་རྩིས་ལས་དོན་གྱི་རྣམ་པ་ལེགས་བཅོས་དང་བསྡོམས་རྩིས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་རོགས་རམ་བྱས་ཏེ། མཉམ་དུ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྤུས་ལེགས་དང་ནུས་ཆེའི་བསྡོམས་རྩིས་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་སྟོན།
ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་འགོ་འཛིན་གཞོན་པ་ཧུའུ་མིང་ཝུའུ་དང་། ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་གྲོས་ཚོགས་ནང་ཞུགས།
责任编辑:才让东周 达瓦只玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཞིང་ཆེན་བསྡོམས་རྩིས་ཅུས་སུ་ལས་དོན་སྦྲེལ་མཐུད་དང་སྙན་སེང་ཞུས།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
མེ་དབྱི་ཁོ་ཞབས་བྲོ་ཁང་གི་གཅེན་སྲིང་གཉིས་ཀྱི་སྒྱུ་རྩལ་གྱི་ཕུགས་འདུན།
ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་སྐུལ་འདེད་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་རྟོག་ཞིབ་གནང་།
ཀྲང་ཝེ་ཏུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར་འཚམས་འདྲི་གནང་།
ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཡིད་ཆེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྣང་བརྙན་གསར་པ་དང་རྣམ་པ་གསར་པར་བརྟེན་ནས “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
