中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཡུན་ནན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བདེ་ཆེན་གྱི་ཆེད་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། 

ཁྱབ་བསྒྲགས་དུས་ཚོད་:2025-12-17 11:45:00 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
 སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཡུན་ནན་ཞིང་ཆེན་གྱིལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའིགསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བདེ་ཆེན་གྱི་ཆེད་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། 

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གསར་འགྱུར་ཁྱབ་བསྒྲགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་འགན་སྲུང་དང་ལེགས་སུ་གཏོང་བ་བཅས་གནད་དོན་སྐོར་གསར་འགོད་པའི་དྲི་བར་ལན་བཏབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཞིང་ལས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་སྤུས་ལེགས་དང་ཕན་འབྲས་ཆེ་རུ་གཏོང་བའི་གནད་དོན་སྐོར་གསར་འགོད་པའི་དྲི་བར་ལན་བཏབ།  

图片
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གསར་འགྱུར་ཁྱབ་བསྒྲགས་བྱས་ཤིང་གསར་འགོད་པའི་དྲི་བར་ལན་བཏབ།
 ལུའོ་ཁྲའོ་ཧྥེང་གིས་གསུང་དོན། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་ནས། བདེ་ཆེན་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་ཐེངས་ཁག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཨུའི་གསུམ་བརྒྱད་བཅོ་ལྔ་ཞེས་པའི་འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་མཐའ་འཁྱོངས་བྱས་པ་བརྒྱུད། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་སྟེ། སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ། རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་བཅས་གསར་གཏོད་བྱས་ཐུབ་པས། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་གོམ་སྟབས་བརྟན་པོ་སྤོ་ཐུབ་ཡོད།


ལུའོ་ཁྲའོ་ཧྥེང་གིས། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་ནས། བདེ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་སྲུང་སྐྱོང་བྱ་བ་དེ་ལས་འགན་ཨང་དང་པོར་བརྩིས་ནས་བསྟུད་མར་ལོ་བཅུ་བདུན་རིང་གནད་དོན་མི་བྱུང་བ་དང་གནད་དོན་ཆུང་ཆུང་ཚོད་འཛིན་བྱེད་ཐུབ་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རྒྱུན་མཐུད་ངང་བརྟན་ལྷིང་བྱུང་། རྨང་གཞི་སྟོབས་ཆེར་གཏོང་བའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ཆབ་སྲིད་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ཞེས་པའི་འགག་རྩ་གཉིས་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། སྤྱོད་ཚུལ་དང་ལས་ཕྱོད་གསར་བརྗེ་དང་སྤྱོད་གཙང་ཡུན་ནན་གྱི་བདེ་ཆེན་འཛུགས་སྐྲུན་གྱི་ཆེད་དོན་གཉིས་ལ་དམ་འཛིན་བྱས་པ་བརྒྱུད། སྲོག་ཤིང་ལ་བརྩི་བཀུར་དང་སེམས་པ་པེ་ཅིང་ཕྱོགས་སུ་བཅངས་ཞེས་པ་དེ་བདེ་ཆེན་ལས་བྱེད་པ་དང་མང་ཚོགས་ཀྱི་ཆེས་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་ཏུ་གྱུར་ནས་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་དུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས། 

ལུའོ་ཁྲའོ་ཧྥེང་གིས། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་མངོན་འགྱུར་བྱུང་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཐེར་འབུམ་ཆེན་པོ་གསུམ་ལས་བརྒལ་ནས་༢༠༢༤ལོར་སྒོར་ཐེར་འབུམ་ཆེན་པོ་གསུམ་དང་དུང་ཕྱུར་བདུན་ས་ཡ་གཅིག་ཟིན། རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས། གནོད་མེད་ནུས་རྒྱུ། གནོད་མེད་གཏེར་ལས་སོགས་ཐོན་ལས་འཕེལ་རྒྱས་ལ་མཆོང་བརྒལ་གསར་པ་བྱུང་། ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་དང་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ། སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ། འབའ་ལུང་ནས་ཐུང་ཏའེ་བར་གྱི་གཞུང་ལམ། འཇོལ་ནས་འབའ་ཐང་བར་གྱི་གཞུང་ལམ་སོགས་གཞུང་ལམ་དགུ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས། རྨང་གཞིའི་འཛུགས་སྐྲུན་ལ་མཆོང་སྐྱོད་གསར་པ་བྱུང་། ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་ལོ་རེ་བཞིན་མང་དུ་ཕྱིན་པ་དང་འཕེལ་རྒྱས་ཁོར་ཡུག་སྐས་རིམ་གསར་པ་ཞིག་ཏུ་སླེབས། ཞིང་ཆེན་བོད་སྨན་ཁང་བདེ་ཆེན་དུ་བཙུགས། མཐོ་རིམ་སློབ་གསོ་དང་ཀ་གསུམ་རིམ་པའི་སྨན་ཁང་ཡོད་པའི་ལོ་རྒྱུས་གསར་པ་གཏོད་ནས་དམངས་འཚོ་བདེ་སྐྱིད་འཐུས་ཚང་དུ་བཏང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་སྒྲུབ་ཐབས་ལ་བསྟུད་མར་ལོ་ལྔའི་རིང་ཞིང་ཆེན་རིམ་པའི་དཔྱད་ཞིབ་ནང་ཕུལ་བྱུང་རིམ་པ་ཐོབ་པ་དང་། འབྲི་ཆུ་དང་ཟླ་ཆུ་འབབ་རྒྱུད་ཀྱི་ཆུ་བོ་ཉིས་བརྒྱ་ཉེར་གཅིག་དྭངས་གསལ་གྱི་སྒོ་ནས་བདེ་ཆེན་ནས་བརྒལ་ཐུབ་པ་བྱུང་།  ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། ༢༠༢༤ལོར་ནགས་འོག་དཔལ་འབྱོར་འདེབས་གསོ་རྒྱ་ཁྱོན་མུའུ་ཁྲི་གསུམ་སྟོང་གཅིག་བཞི་བརྒྱ་དང་ཐོན་རྫས་རིན་ཐང་སྒོར་ཐེར་འབུམ་གཅིག་དུང་ཕྱུར་བཞི་བྱེ་བ་དགུ་ས་ཡ་ལྔ་ཟིན་ཏེ། ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་ཀྱི་འཛིན་ར་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས། 

ལུའོ་ཁྲའོ་ཧྥེང་གིས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ནས་བདེ་ཆེན་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་བ་དང་བཀའ་དྲིན་སེམས་སུ་བཅངས་ནས་འབད་བརྩོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་གནང་པའི་ཁ་ཕྱོགས་དང་བསྟུན་ནས་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་མཇུག་བསྡུ་པ་དང་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འཆར་འགོད་ཡག་པོ་བྱེད་དེ་མུ་མཐུད་ནས་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་དམ་འཛིན་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད། 

图片
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས་ཤིང་གསར་འགོད་པའི་དྲི་བར་ལན་བཏབ།
ལུའུ་ཀྲི་ཅུན་དང་ལིན་ཧའོ་ཡིས་གསར་འགོད་པའི་དྲི་བར་ལན་བཏབ། ཀྲུང་དབྱང་གི་ཡུན་ནན་དུ་བཅའ་སྡོད་བྱེད་ཡོད་པའི་གསར་འགོད་པ་དང་ཞིང་ཆེན་དང་ཁུལ་རིམ་པའི་སྨྱན་སྦྱོར་གསར་འགོད་པ་ཚོགས་འདུར་ཞུགས། 

责任编辑:次称曲批、七林卓玛

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཡུན་ནན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བདེ་ཆེན་གྱི་ཆེད་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། 

ལུའོ་ཁྲའོ་ཧྥེང་གིས་ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་རྟོག་ཞིབ་གནང་། 

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com