བདེ་ཆེན་ཁུལ་དུ་2026ལོའི་ཟླ་བ་1པོའི་ཚེས་1ཉིན་ནས་བཟུང་གྲོང་མིའི་ཐོབ་ཐང་ལག་ཁྱེར་དེ་རྒན་རྒོན་གྱི་གཟིགས་སྐྱོང་ལག་ཁྱེར་གྱི་ཚབ་བྱེད་ཆོག
ཉེ་ཆར་གསར་འགོད་པས་བདེ་ཆེན་ཁུལ་དམངས་སྲིད་ཅུས་དང་ཁུལ་རྒན་རྒོན་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2026ལོའི་ཟླ་བ་1་པོའི་ཚེས་1ཉིན་ནས་བཟུང་བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་དང་མཉམ་དུ་རྒན་རྒོན་གཟིགས་སྐྱོང་དཔང་ཡིག་བསྒྱུར་བཅོས་སྲིད་ཇུས་གསར་པ་ཁྱབ་གདལ་བཏང་སྟེ། ལོ་དྲུག་ཅུ་སླེབས་པའི་རྒན་རྒོན་གྱིས་རང་ཉིད་ཀྱི་ནུས་ལྡན་གྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་རྒན་རྒོན་གཟིགས་སྐྱོང་ཞབས་ཞུ་ཁག་ཐད་ཀར་ལོངས་སྤྱོད་བྱེད་ཆོག་པས་རྒན་རྒོན་གཟིགས་སྐྱོང་དཔང་ཡིག་ཁེར་རྐྱང་དུ་གཉེར་མི་དགོས། ལག་ཁྱེར་གཅིག་ལ་བརྟེན་ནས་འགྲོ་སྐྱོད་བྱེད་ཅེས་པ་མངོན་འགྱུར་བྱུང་ཡོད།
ཐེངས་འདིའི་སྲིད་ཇུས་ལེགས་སྒྲིག་ནི་བདེ་ཆེན་ཁུལ་གྱིས་གློད་སྡོམ་ཞབས་གསུམ་ཞེས་པའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་དངོས་ཤིག་ཡིན་པ་དང་དམིགས་ཡུལ་གཙོ་བོ་ནི་རྒན་རྒོན་གྱི་ལག་ཁྱེར་རེ་ཞུ་བྱེད་པའི་ཁུར་པོ་ཡང་དུ་གཏོང་ནས་གཟིགས་སྐྱོང་སྲིད་ཇུས་སྔར་བས་སྟབས་བདེ་དང་ཕན་ནུས་ཆེ་བའི་སྒོ་ནས་རྒན་རྒོན་ཚོགས་སྤྱིར་ཁྱབ་ཐུབ་པ་བྱ་རྒྱུ། གཏན་འབེབས་གསར་པ་གཞིར་བཟུང་2026ལོའི་ཟླ་བ་1པོའི་ཚེས་1ཉིན་ནས་བཟུང་། ཁུལ་ཡོངས་རིམ་པ་ཁག་གི་སྲིད་དོན་ཞབས་ཞུའི་ལས་ཁུངས་ཀྱིས་རྒན་རྒོན་གཟིགས་སྐྱོང་ལག་ཁྱེར་གསར་དུ་གཉེར་རྒྱུ་དང་བརྗེ་སྤྲོད། གསབ་གཉེར་བཅས་ཀྱི་ལས་སྒོ་བདག་སྤྲོད་མི་བྱེད་པ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་དེ་རྒན་རྒོན་གཟིགས་སྐྱོང་ཐོབ་ཐང་ཞིབ་བཤེར་བྱེད་པའི་གཞི་འཛིན་ས་གཙོ་བོར་བརྩི་བ་གཅིག་འགྱུར་བྱ་རྒྱུ།དེ་དང་དུས་མཚུངས་སུ། སྔོན་དུ་སྒྲུབ་ཟིན་པའི་རྒན་རྒོན་གཟིགས་སྐྱོང་ལག་ཁྱེར་སྔར་བཞིན་མུ་མཐུད་ནས་བེད་སྤྱོད་བྱས་ཆོག་ཅིང་སྲིད་ཇུས་བརྟན་པོའི་ངང་བར་བརྒལ་ཡོང་བར་འགན་ལེན་བྱེད་དགོས་པའི་ཁ་གསལ་བྱས།
ཤེས་རྟོགས་བྱུང་བར་གཞིགས་ནས། ཐེངས་འདིའི་ལེགས་སྒྲིག་ནི་རྒན་རྒོན་ལ་གཟིགས་སྐྱོང་མེད་པ་བཟོ་བ་མ་ཡིན་པར།གཟིགས་སྐྱོང་དཔང་ཡིག་དེ་ཁྲིམས་མཐུན་ནུས་ལྡན་གྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཐོག་གཅིག་གྱུར་བྱས་པ་ཞིག་ཡིན། ལོ་དྲུག་ཅུ་སླེབས་པའི་རྒན་རྒོན་རྣམས་ཀྱིས་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ཁྲིམས་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་རྒོན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ཞེས་པ་དང་ཡུན་ནན་ཞིང་ཆེན་རྒན་རྒོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག་ཅེས་པ་དང་དེ་བཞིན་རིམ་པ་ཁག་གི་སྲིད་གཞུང་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་ཆོག་སྟེ་འགྲིམ་འགྲུལ་འགྲོ་སྐྱོད་དང་སྨན་བཅོས་ཞབས་ཞུ། སྤྱི་པའི་རིག་གནས་སྒྲིག་བཀོད་ལྟ་སྐོར་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པས།རྒན་རྒོན་ཚོགས་སྤྱིར་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་སྔར་བས་སེམས་བདེ་དང་ཕན་ནུས་ཆེ་བར་བྱེད་ཡོད།
责任编辑:才让东周 达瓦只玛
- བདེ་ཆེན་གསར་འགྱུར།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།
བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།
ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།
2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བདེ་ཆེན་རུ་ཁག་གི་ཟླ་བ་བཞི་པའི་འགྲན་བསྡུར་དུས་ཚོད་གཏན་འཁེལ་བྱས།
ཡུན་ནན་ཞིང་ཆེན་རིམ་གྱི་ཁང་པ་ཉོ་བའི་ཁ་གསབ་རོགས་དངུལ་རིམ་བསགས་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཞིང་ཡོངས་ཁྲིམས་ལུགས་ཁྱབ་གདལ་རྨང་གཞི་བརྟན་དུ་གཏོང་བའི་ཆེད་དོན་ལས་ཀའི་ཕུལ་བྱུང་ལས་ཁུངས་ཀྱི་མཚན་སྙན་ཐོབ།
ཟླ་བ་2པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ཟླ་བསྡུར་དང་དུས་མཚུངས་ལས་འཕར།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108