中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-01-08 16:02:04

ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ས་གནས་ས་ཐོག་ཏུ་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་བསྟན་དོན། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ལས་ཀའི་བླང་བྱར་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་ཀའི་འགན་འཁྲི་ནན་པོར་གཏོང་བ་དང་།  རྣམ་གྲངས་ལས་དོན་ཀུན་གྱི་གཙོ་བོར་བརྩི་བ་དང་འགྲིམ་འགྲུལ་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་འགོ་བཙུགས་མ་ཐག་ཐག་གཅོད་དམག་འཐབ་རྒྱག་པ་དང་གོམ་གང་སྤོས་པ་ནི་མཐའ་མའི་གདོང་མཆོང་ཡིན་པའི་འབད་འཐབ་ཀྱི་རྣམ་པའི་ཐོག་ནས་སྤུས་ཚད་འགན་ལེན་དང་གྲངས་ཚད་འགན་ལེན་གྱིས་བདེ་འཇགས་འགན་ལེན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མགྱོགས་མྱུར་ངང་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། 

སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་(ཡུལ་གསུམ་ནས་མཚམས་རྒྱབ་བར)་གྱི་རིམ་པ་གཉིས་པའི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ལུའོ་ཁྲའོ་ཧྥེང་གིས་རྣམ་གྲངས་ཀྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ།  རྡོ་ལ་སྐས་རྩ་ཕུག་ལམ་འཛུགས་སྐྲུན་བྱས་ཚུལ་དང་དེ་བཞིན་རྣམ་གྲངས་ཧྲིལ་པོའི་ཨར་ལས་རྩ་འཛུགས་དང་།  ལས་གྲྭའི་མྱུར་ཚད།  སྤུས་ཚད་ཚོད་འཛིན།  བདེ་འཇགས་ཐོན་སྐྱེད་བྱ་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་དང་ཤེས་རྟོགས་གནང་།

ལུའོ་ཁྲའོ་ཧྥེང་གིས་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ནི་མ་འཇོག་ལ་སྐུལ་ཁྲིད་དང་།  འཕེལ་རྒྱས་ལ་སྐུལ་འདེད།  དམངས་འཚོར་ཕན་པ་བཅས་ཀྱི་སྒུལ་བྱེད་འཕྲུལ་འཁོར་གལ་ཆེན་ཞིག་ཡིན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ས་ཚིགས་ཀྱི་གནས་བབ་མཐོ་རུ་ཏན་ཏིག་གཏོང་བ་དང་།  ལས་འགན་ཞིབ་ཕྲ་བཟོ་བ།  ལས་ཡུན་ལྡོག་སྒྲིག་བཅས་བྱས་ཏེ་འགྲིམ་འགྲུལ་རྣམ་གྲངས་སྣ་ཚོགས་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།  དུས་འགོའི་དུས་རིམ་དུ་གནས་པའི་རྣམ་གྲངས་ལ་རང་འགུལ་གྱིས་བྱས་རྗེས་འཇོག་པ།  ལག་བསྟར་བྱས་འཐུས་རང་བཞིན་གྱི་ཞིབ་འཇུག་དང་།  ཁོར་ཡུག་དཔྱད་དཔོག་ས་ཆ་སྤྱོད་པ་སོགས་ཀྱི་ཆོག་མཆན་འགོད་པའི་ལས་ཀ་མགྱོགས་སུ་གཏོང་བ།  རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པའི་ཆ་རྐྱེན་འཛོམས་པར་སྐུལ་འདེད་གཏོང་དགོས། ལས་འགོ་ཚུགས་ཟིན་པའི་རྣམ་གྲངས་ལ་གཅིག་གྱུར་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཨར་ལས་སྒྲིག་འཛུགས་ལེགས་སུ་བཏང་ནས་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མགྱོགས་པོ་ཡོང་ཐུབ་ན་མགྱོགས་པོ་ཡོང་བ་བྱས་ཏེ་སྔ་ཙམ་བསྐྲུན་ཐུབ་པ་དང་། ཞབས་ཞུ་འགན་ལེན་དང་མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ་དང་ཞིབ་མཆན་འགོད་པའི་ལྗང་མདོག་བགྲོད་ལམ་ཤར་གཏོང་ཐུབ་པ་བྱས་ཏེ། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་དུས་ཐོག་ཏུ་སེལ་ནས་རྣམ་གྲངས་ནུས་ཆེ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ནན་པོ་སྲུང་ནས་རིམ་པ་བཞིན་འགན་འཁྲི་ནན་པོར་གཏོང་བ་དང་བདེ་འཇགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡ་རབས་ཚད་ལྡན་ངང་ཨར་ལས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  ཐོག་མཐའ་བར་གསུམ་དུ་ལས་གྲྭའི་སྤུས་ཚད་ཨང་དང་པོར་འཇོག་པ་དང་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ཏེ། རྣམ་གྲངས་ཚང་མ་སྤུས་ལེགས་ལས་གྲྭར་ཧུར་ཐག་གཏོད་པ་དང་། འགྲིམ་འགྲུལ་དྲ་བ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ་དང་ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཀྱི་ནུས་པ་ཆེ་རུ་བཏང་ནས་དམངས་བདེ་དམངས་ཕན་གྱི་བདེ་སྐྱིད་ལམ་བུ་འདིང་དགོས་ཞེས་བསྟན་ཡོད།

  • བདེ་ཆེན་གསར་འགྱུར།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།

བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བདེ་ཆེན་རུ་ཁག་གི་ཟླ་བ་བཞི་པའི་འགྲན་བསྡུར་དུས་ཚོད་གཏན་འཁེལ་བྱས།

ཡུན་ནན་ཞིང་ཆེན་རིམ་གྱི་ཁང་པ་ཉོ་བའི་ཁ་གསབ་རོགས་དངུལ་རིམ་བསགས་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཞིང་ཡོངས་ཁྲིམས་ལུགས་ཁྱབ་གདལ་རྨང་གཞི་བརྟན་དུ་གཏོང་བའི་ཆེད་དོན་ལས་ཀའི་ཕུལ་བྱུང་ལས་ཁུངས་ཀྱི་མཚན་སྙན་ཐོབ།

ཟླ་བ་2པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ཟླ་བསྡུར་དང་དུས་མཚུངས་ལས་འཕར།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com