ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དུ་སྡོད་པའི་ལས་བྲལ་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་པ་རྣམས་ལ་འཚམས་འདྲི་གནང་།

ཟླ་1པོའི་ཚེས་8ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དུ་སྡོད་པའི་རང་ཁུལ་གྱི་ལས་བྲལ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་དབྱི་ཁྲའོ་རུང་ལ་འཚམས་འདྲི་གནང་།
ཟླ་1པོའི་ཚེས་8ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་སྡོད་པའི་རང་ཁུལ་གྱི་ལས་བྲལ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་དབྱི་ཁྲའོ་རུང་དང་ཕེང་ཞའོ་ཧྥུ་ལ་འཚམས་འདྲི་གནང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་བློ་མཐུན་རྒན་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་ཞིང་། ཁོ་ཚོས་བདེ་ཆེན་གྱི་སྒྱུར་བཅོས་དང་འཕེལ་རྒྱས། བརྟན་བརླིང་བཅས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས།

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དུ་སྡོད་པའི་རང་ཁུལ་གྱི་ལས་བྲལ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་ཕེང་ཞའོ་ཧྥུ་ལ་འཚམས་འདྲི་གནང་།
ལས་བྱེད་པ་རྒན་པའི་ཁྱིམ་དུ་ཕེབས་ནས་ལུའོ་ཁྲའོ་ཧྥེང་གིས་བློ་མཐུན་རྒན་པ་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་པ་དང་། ཁོ་ཚོའི་ལུས་པོ་བདེ་ཐང་དང་འཚོ་བའི་གནས་ཚུལ་སྐོར་རྒྱུས་ལོན་ཞིབ་ཚགས་བྱས་ཞིང་། ཁོ་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་བསམ་འཆར་ལ་ཉན། ལུའོ་ཁྲའོ་ཧྥེང་གིས། ༢༠༢༥ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི་”སྐབས་སུ། ཏང་ཀྲུང་དབྱང་གིས་བྱམས་བརྩེ་ཐུགས་ཁུར་དང་ཞིང་ཨུས་འགོ་ཁྲིད་ནུས་ལྡན་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཕྱོགས་ཡོངས་སུ་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞི་ལ་དམ་འཛིན་ཡག་པོ་བྱས་ཏེ། བརྟན་བརླིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱས་པ་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་ནས། ཁུལ་ཡོངས་ཀྱི་ལས་དོན་རྣམ་གྲངས་ཁག་གོམ་སྟབས་གསར་པ་སྤོ་པ་དང་གྲུབ་འབྲས་གསར་པ་ཐོབ་སྟེ། དེའི་ནང་དུ་ལས་བྱེད་པ་རྒན་པའི་རྔུལ་ཁྲག་དང་བློ་གྲོས་ཀྱིས་ཁེངས་ཡོད། ལས་བྱེད་པ་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེན་རྒྱུ་ནོར་ཡིན། བློ་མཐུན་རྒན་པའི་ལུས་པོ་བདེ་ཐང་ཡོང་བའི་རེ་བ་བཅངས། སྔར་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་རྩ་ཆེའི་བསམ་འཆར་དང་བློ་གྲོས་ཀྱི་སྟོབས་ཤུགས་མང་ཙམ་འདོན་དགོས། དེ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་རྒན་པའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། གུས་བཀུར་གྱི་བསམ་པ་དང་། བྱམས་སྐྱོང་གི་བརྩེ་དུང་། དངོས་དོན་གཉེར་བའི་བྱ་སྤྱོད་བཅས་ལ་བརྟེན་ནས་བློ་མཐུན་རྒན་པ་རྣམས་ཀྱི་དཀའ་ངལ་དང་གནད་དོན་ལ་ཐག་གཅོད་གང་ཐུབ་བྱས་ཏེ། ཁོ་ཚོས་ཐོག་མཐའ་བར་གསུམ་དུ་ལས་དོན་སྒྲུབ་པ་དང་ཚེ་མཇུག་བདེ་པོ་ཡོང་བར་ཆ་རྐྱེན་ཡག་པོ་བསྐྲུན་དགོས་ཞེས་སྟོན།
ལས་བྱེད་རྒན་པ་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཐོབ་པར་དགའ་པོ་བྱུང་། ཚང་མས་ཐོག་མཐའ་བར་གསུམ་དུ་གཏན་འཁེལ་གཉིས་བརྟན་སྲུང་བྱས་པ་དང་། འགན་ལེན་གཉིས་མཐའ་གཅིག་ཏུ་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀར་རྒྱབ་སྐྱོར་ཧུར་ཐག་འབུལ་རྒྱུ་སྟོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་པོ། གོ་སྐབས་དམ་འཛིན། དུས་བསྟུན་མདུན་སྐྱོད་བཅས་བྱས་ཏེ། བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་རེ་བ་བཅངས།
ཁུན་མིང་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་ཁུལ་ཨུ་ལས་དོན་ཨུ་ལྷན་དང་ཁུན་མིང་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་ཁུལ་སྲིད་གཞུང་གཞུང་དོན་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་འཚམས་འདྲི་ནང་ཞུགས།
责任编辑:才让东周 达瓦只玛
- བདེ་ཆེན་གསར་འགྱུར།
དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།
ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108