ས་གནས་སོ་སོས“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”བརྗོད་དོན་བྱ་འགུལ་སྤེལ།

པར་འདི་ནི་ཟླ12པའི་ཚེས2ཉིན་ཅང་སུའུ་དབྱང་ཀྲོའུ་སློབ་ཆེན་ཁོངས་གཏོགས་ཀྱི་ཞི་ཅུན་བུ་བཅོལ་ཁང་དུ་ཉེན་རྟོག་པས་གྲོགས་པོ་ཆུང་ཆུང་རྣམས་ལ་བདེ་འཇགས་ཤེས་བྱ་བཤད་བཞིན་པའི་ཚུལ་རེད།
ཟླ12པའི་ཚེས2ཉིན་ནི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཡིན། ཉིན་འགའི་རིང་ལ། ས་གནས་སོ་སོས་འགྲིམ་འགྲུལ་བདེ་འཇགས་ཀྱི་བརྗོད་དོན་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད།

པར་འདི་ནི་ཟླ12པའི་ཚེས2ཉིན་ནན་ཅིན་གྲོང་ཁྱེར་ཐའེ་ཕིན་སྲང་ལམ་བུ་བཅོལ་ཁང་དུ་དགེ་རྒན་གྱིས་ཕྲུ་གུ་ཚོར་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་ཁྲིད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་གྲོང་ཁྱེར་ལོན་ཁྲེང་ཁུལ་གྱི་སློབ་འབྲིང་ལྔ་པ་རུ་ཉེན་རྟོག་པས་སློབ་མ་རྣམས་ལ་རླངས་འཁོར་གྱི་རྨོངས་ཁུལ་ལས་གཡོལ་ནས་ཉེན་ཁ་དང་རྒྱང་ཐག་རིང་བའི་སྐོར་གྱི་ཤེས་བྱ་ཁྲིད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ཞིན་ལེ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཉེན་རྟོག་པས་སློབ་མར་འགྲིམ་འགྲུལ་ཉེན་གཡོལ་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་གྲོང་ཁྱེར་བཞི་ཀྲུང་ལམ་སློབ་ཆུང་དུ་ལས་རོགས་ཉེན་རྟོག་པ་ཞིག་གིས་སློབ་ཆུང་སློབ་མ་རྣམས་ལ་བརྡ་སྒྲོན་མཉམ་འགུལ་གྱི་རོལ་རྩེད་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་ཆེན་གྱི་སློབ་གྲྭ་རུ་ཉེན་རྟོག་པ་ཞིག་གིས་སློབ་མར་ཁྲིམས་འགལ་ངང་རླངས་འཁོར་བཅོས་སྒྲིག་བྱས་པའི་གནོད་འཚེ་ངོ་སྤྲོད་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་ལིན་ཁྲེང་ཁྲོམ་གཞུང་དུ་འགྲིམ་འགྲུལ་ཉེན་རྟོག་པས་སྡེབ་སྐྱེལ་མི་སྣར་བདེ་འཇགས་ཤེས་བྱ་བཤད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས1ཉིན་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཅང་ཏུའུ་ཆུས་ཝུའུ་ཅན་གྲོང་རྡལ་དུ་སློབ་མ་རྣམས་ས་གནས་དེའི་སྤྱི་བདེ་ལས་ཁུངས་ཀྱིས་སྤེལ་བའི་འགྲོད་ལམ་བདེ་འཇགས་སློབ་རའི་ཤེས་བྱ་འགྲན་སྡུར་བྱེད་སྒོར་ཞུགས་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས1ཉིན་ཉིན་ཅང་སུའུ་ཐའེ་ཞིན་ཝུའུ་ཡུའེ་ཐང་ཆེན་དུ་འགྲིམ་འགྲུལ་ཉེན་རྟོག་པ་དང་གྲོང་མི་མཉམ་དུ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་སྤྲོ་སྣང་མཉམ་འགུལ་ཁྲོད་ཞུགས་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་སློབ་མས་ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ཏུན་ཐུའོ་གྲོང་རྡལ་ལྟེ་གནས་སློབ་ཆུང་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་མཚོན་རྟགས་ངོས་འཛིན་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཉིན་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་གྲོང་ཁྱེར་ཞིན་ཧྭ་ཆུས་པོ་ལིན་བུ་བཅོལ་ཁང་དུ“འགྲིམ་འགྲུལ་ཉེན་རྟོག་པ་ཆུང་ཆུང་ཞིག་གིས“བྱིས་པ་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཀོང་ཞིའི་ལུང་ཧྲེང་མི་རིགས་ཐང་ཆེན་དུ་ཉེན་རྟོག་འགྲིམ་འགྲུལ་པས་བྱིས་གཉོར་ཁང་གི་གྲོགས་པོ་ཆུང་ཆུང་དང་མཉམ་དུ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་དྲི་བར་ལན་འདེབས་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཧྲེ་པེ་ཆུས་ཏུང་ཧྲེང་ལམ་སློབ་ཆུང་དུ་ཉེན་རྟོག་འགྲིམ་འགྲུལ་པས་སློབ་མར་འགྲིམ་འགྲུལ་མཚོན་རྟགས་སྐོར་གྱི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཧོ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར་བུ་བཅོལ་ཁང་དང་པོ་རུ་དགེ་རྒན་གྱིས་བྱིས་པ་ཚོར་ཇི་ལྟར་རྨོག་ཞྭ་གྱོན་པའི་སྐོར་ནས་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ12པའི་ཚེས2ཉིན་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་སུའེ་རྫོང་ཀུའུ་ཞང་ལམ་སློབ་ཆུང་དུ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སྐོར་གྱི་དྲི་བར་ལན་འདེབས་བཞིན་པའི་ཚུལ་རེད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108