ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྗང་མདོག་གཏེར་ལས་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་1ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྗང་མདོག་གཏེར་ལས་འཕེལ་རྒྱས་དང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་སྐབས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་བདེ་འཇགས་ཐོན་སྐྱེད་ཀྱི་གསང་ཐག་བཙན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
བརྟག་ཞིབ་ཁྲོད། ཀྲང་ཝེ་ཏུང་གིས་ཡུས་ལང་ཕེ་གཏེར་རོ་གསོག་མཛོད་ཀྱི་བདེ་འཇགས་དོ་དམ་དང་གཏེར་རོ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་གནས་ཚུལ་ལ་ལྟ་ཞིབ་གནང་བ་མ་ཟད། གཏེར་རོ་གསོག་མཛོད་ཀྱི་རྒྱུན་གཏན་ལྟ་ཞིབ་ཚད་ལེན་དང་འཛིར་འགོག་སྲུང་སྐྱོང་། མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས། དེ་རྗེས། ཡུན་ནན་བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སིའི་བཀོད་གཏོང་ལྟེ་གནས་སུ་ཕེབས་ནས། ཡུལ་དངོས་སུ་ཀྲང་ཝེ་ཏུང་གིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་བདེ་འཇགས་ཐོན་སྐྱེད་དོ་དམ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་མ་ཟད། ཁེ་ལས་ཀྱི་འཕེལ་རྒྱས་འཆར་འགོད་དང་ལག་རྩལ་གསར་གཏོད། ཐོན་རྫས་རིན་ཐང་གི་ཕན་ནུས་དང་དེ་བཞིན་མིག་སྔར་འཕྲད་པའི་དཀའ་ངལ་གནད་དོན་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས།

དེ་རྗེས་ཀྱི་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཀྲང་ཝེ་ཏུང་གིས་ཡུན་ནན་བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སིའི་བདེ་འཇགས་ཁོར་ཡུག་སྲུང་སྐྱོང་དང་ཐོན་སྐྱེད་གཉེར་སྐྱོང་། ལྗང་མདོག་གཏེར་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན། ཁོང་གིས་ཡུན་ནན་བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་ནི་ཁུལ་ཡོངས་ཀྱི་གཏེར་ལས་དཔལ་འབྱོར་སྣེ་འདྲེན་ཁེ་ལས་ཤིག་ཡིན་པས། དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས། ཐོག་མཐའ་བར་གསུམ་དུ་ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་ཁེ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩི་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་ནས། རང་འགུལ་ངང་འབྲེལ་མཐུད་བྱས་པ་དང་རང་འགུལ་ངང་ཞབས་འདེགས་ཞུ་བ། ཁེ་ལས་རྣམས་སྡེ་ཚན་དུ་ཉུང་ཙམ་འགྲོ་བཅུག་བ་དང་འཕེལ་རྒྱས་ལ་དམ་འཛིན་མང་ཙམ་བྱས། རྒྱུ་རྐྱེན་གཙོ་བོར་འགན་སྲུང་བྱས་པ་དང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ། གནད་དོན་མཐུན་སྦྱོར་སོགས་ཀྱི་རྨང་གཞིའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ནས། ཕན་ནུས་ལྡན་པའི་ཞབས་ཞུ་ཡིས་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོའི་ངང་འཕར་བར་རོགས་རམ་བྱེད་དགོས་ཞེས་བསྟན།
ཀྲང་ཝེ་ཏུང་གིས་ནན་གྱིས་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་གསང་ཐག་མཐའ་གཅིག་ཏུ་སྲུང་ནས། འགན་འཁྲི་གཙོ་བོ་དང་སྡེ་ཚན་གྱི་འགན་འཁྲི་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན། གྲལ་བཤེར། བཅོས་སྒྲིག་བཅས་ཀྱི་ཁ་ཟུམ་ལམ་སྲོལ་འཐུས་ཚང་དུ་གཏོང་། དུས་རིམ་གཙོ་བོ་དང་གནས་འགག་གཙོ་བོའི་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་ནས། བདེ་འཇགས་ལས་འཛོལ་སྣ་ཚོགས་བྱུང་བར་མཐའ་གཅིག་ཏུ་དོགས་ཟོན་བྱས་དགོས།
མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་གོམ་སྟབས་ཇེ་ལེགས་གཏོང་། ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་ལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས། དོན་དངོས་ཀྱི་བྱ་ཐབས་དང་རྩེ་གྲའི་ཞབས་ཞུར་བརྟེན་ནས། སྲིད་གཞུང་དང་ཁེ་ལས་ཀྱི་བློ་སེམས་གཅིག་མཐུན་དང་ཕྱོགས་གཅིག་ཏུ་ཤུགས་སྣོན་རྒྱག་པར་སྐུལ་འདེད་བཏང་སྟེ། བདེ་ཆེན་གྱི་ལྗང་མདོག་གཏེར་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས། ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་སྲ་བརྟན་བཏང་བ་དང་ནང་ཁུལ་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་ནས། ལས་ཡུན་ཕྱིར་ལྡོག་གཏོང་བ་དང་གནད་འགག་ཁ་གསལ་བཟོ་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་གཉེར་སྐྱོང་དམ་འཛིན་ཡག་པོ་བྱེད་པ་དང་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་མཐོ་རུ་གཏོང་བ། ཁུལ་ཡོངས་ཀྱི་འཕེལ་རྒྱས་ཕྱོགས་སུ་རང་འགུལ་ངང་མཉམ་འདྲེས་ཧུར་ཐག་བྱེད་བཅུག་ནས། བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་ཆེན་པོ་འབུལ་དགོས།
དབྱང་ཞུའེ་ཝུན་དང་ཀྲོང་ཞའོ་ཕིང་། དེ་བཞིན་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་བརྟག་ཞིབ་ནང་ཞུགས།
- བདེ་ཆེན་གསར་འགྱུར།
དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།
ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108