中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

གྲོས་གཞི་སྒྲུབ་ཚད་100%ཟིན་ནས་བློ་ཡིད་ཚིམ་ཚད་96.6%ཟིན་པ་དང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་གཉེར་སྒྲུབ་ལ་ཕན་འབྲས་ཐོབ་པ།

རྩོམ་པ་པོ་:陈义 ཁྱབ་བསྒྲགས་དུས་ཚོད་:2026-01-20 15:04:20 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   ཉེ་ཆར་གསར་འགོད་པ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་གཉེར་སྒྲུབ་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་རིང་ཚོགས་ཆེན་གྱི་གྲོས་གཞི་ཚོགས་ཆུང་ལ་འཐུས་མིས་བཏོན་པའི་གྲོས་གཞི་117་(དེའི་ནང་གྲོས་གཞི་བརྒྱུད་སྤྲོད་ཀྱི་གྲོས་གཞི་8་ཚུད་ཡོད)་འབྱོར་བ་རེད། མིག་སྔའི་བར་འཐུས་མིས་བཏོན་པའི་གྲོས་གཞི་ཚང་མ་བསྒྲུབས་ཟིན་པ་དང་འབྲེལ་ཚུར་ལན་ཡང་བྱས་པས་སྒྲུབ་ཚད་100%ཟིན་ཡོད་པ་རེད། གྲོས་གཞི་སྒྲུབ་གཉེར་ཁྱོན་ཡོངས་ལ་ཁྱབ་པ་དང་དྲ་ཐོག་སྒྲུབ་གཉེར་དུས་གཅིག་ཏུ་ལེགས་གྲུབ་བྱུང་ནས་འཐུས་མིའི་གྲོས་གཞི་113སྒྲུབ་གཉེར་བྱས་ཚུལ་བློ་ཡིད་ཚིམ་པོ་བྱུང་བ་དེས་བསྡོམས་འབོར་གྱི་96.6%བཟུང་བ་དང་གྲོས་གཞི་4གཞི་རྩའི་ཆ་ནས་བློ་ཡིད་ཚིམ་པོ་བྱུང་བ་དེས་བསྡོམས་འབོར་གྱི་3.4%བཟུང་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན།  ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ།《ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་དང་། སྐྱོན་བརྗོད།  བསམ་འཆར་བཅས་སྒྲུབ་གཉེར་ལས་དོན་ནན་ཏན་གྱིས་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་དང། སྒྲུབ་གཉེར་མ་བྱས་གོང་དབྱེ་ཞིབ་ནན་ཏན་དང་། བརྒྱུད་རིམ་ཧྲིལ་པོ་སྤེལ་རེས་དང་གྲོས་མོལ།  མཉམ་སྒྲུབ་གཞོགས་འདེགས་བྱེད་ཤུགས་ཆེར་བཏང་ནས།   དྲ་ཐོག་སྒྲུབ་གཉེར་དང་ལན་འདེབས་རྣམ་གཞག སྒྲུབ་གཉེར་ལས་དོན་ལ་གཞི་འཛིན་ས་ཡོད་པའི་འགན་ལེན་བྱས་ཡོད།རྒྱུན་ལས་ཨུ་ལྷན་གྱི་འབྲེལ་གཏུག་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྤྱི་ཁྱབ་ལྟ་སྐུལ་སྒྲུབ་གཉེར་དང་། ཆེད་དོན་ལས་དོན་ཨུ་ལྷན་ཁག་གིས་རྗེས་སྙེག་ལྟ་སྐུལ་སྒྲུབ་གཉེར།  འཐུས་ཚབ་ལས་དོན་ཨུ་ལྷན་གྱིས་ཕྱོགས་ཡོངས་ནས་ལྟ་སྐུལ་སྒྲུབ་གཉེར་བཅས་བྱས་ཏེ།  རིམ་བགོས་འགན་འཁུར་དང་གཞོགས་འདེགས་དམ་ཟབ་བྱེད་པའི་ཚན་རིག་དང་མཐུན་པའི་ལྟ་སྐུལ་མ་ལག་ཆགས་པར་བྱས་ཡོད།དུས་རིམ་བར་མའི་ལྟ་སྐུལ་སློབ་སྟོན་དང།  འཕེལ་རིམ་བརྡ་ཁྱབ། ཡིད་ཚིམ་ཚད་བརྟག་དཔྱད།  གདེང་འཇོག་བསམ་འཆར་ལྡོག་ལན།  འཐུས་མིས་བསྐྱར་འདྲི།  དག་ཐེར་ཡོ་བསྲང་ལྟ་སྐུལ།  ཕྱིར་མིག་ལྟ་བའིཞིབ་བཤེར་སོགས་ཀྱི་བྱེད་ཐབས་དང་།ཕྱོགས་བསྡུས་ཀྱིས་སྤྱད་དེ་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་དང། གྲོས་གཞི་ཤོག་ངོས་ནས་ས་ངོས་སུ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བས་འཐུས་མིའི་ཁས་ལེན་ཐོབ་ཡོད།སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་བཏང་སྟེ་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ནན་ཏན་ཁུར་ནས་འཐུས་མིའི་གྲོས་འཆར་གཉེར་སྒྲུབ་བྱེད་རྒྱུའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་ཡོད།

 

 

 

责任编辑:江初卓玛 万玛措

  • བདེ་ཆེན་གསར་འགྱུར།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།

བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བདེ་ཆེན་རུ་ཁག་གི་ཟླ་བ་བཞི་པའི་འགྲན་བསྡུར་དུས་ཚོད་གཏན་འཁེལ་བྱས།

ཡུན་ནན་ཞིང་ཆེན་རིམ་གྱི་ཁང་པ་ཉོ་བའི་ཁ་གསབ་རོགས་དངུལ་རིམ་བསགས་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཞིང་ཡོངས་ཁྲིམས་ལུགས་ཁྱབ་གདལ་རྨང་གཞི་བརྟན་དུ་གཏོང་བའི་ཆེད་དོན་ལས་ཀའི་ཕུལ་བྱུང་ལས་ཁུངས་ཀྱི་མཚན་སྙན་ཐོབ།

ཟླ་བ་2པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ཟླ་བསྡུར་དང་དུས་མཚུངས་ལས་འཕར།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com