2025ལོར་བདེ་ཆེན་ཁུལ་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་གི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་། སྣེ་མང་རྙོག་འཛིང་ཆེ་བའི་སྤྱི་ཁོག་དུས་བབ་དང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་ནུས་ལྡན་འོག་ཞིང་ཆེན་ཨུ་ལྷན་གྱིས་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་བྱས་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བཅས་བརྟན་ལྷིང་གི་དོན་ཆེན་བཞི་དམ་པོར་བཟུང་སྟེ ། “དཔལ་འབྱོར་ཆེན་པོ་གསུམ་”འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་དང་། “ཅན་ལྔ་”ཡི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བརྟན་འཇགས་ངང་འཕེལ་རྒྱས་ལ་ཁག་ཐེག་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད། ཀྲུང་གོའི་རྣམ་པ་ཅན་གྱི་བདེ་ཆེན་ལག་ལེན་ཐད་གོམ་སྟབས་གསར་པ་སྤོས་ཡོད།
2025ལོར་སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་313ལེགས་འགྲུབ་བྱུང་ནས་2.5%ཡས་མས་འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་9%ཡས་མས་འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་5.7%འཕར་བ། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་91.99ཟིན་ནས་6.8%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་18.49ཟིན་པ་བཅས་ཀྱི་ནང་ནས་ཐེངས་གཅིག་རང་བཞིན་གྱི་རྒྱུ་རྐྱེན་ཕུད་རྗེས་7.71%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་142.43ལེགས་གྲུབ་བྱུང་བ། ཐེངས་གཅིག་རང་བཞིན་གྱི་རྒྱུ་རྐྱེན་ཕུད་རྗེས་7.61%འཕར་ཡོད།
ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱ་རྒྱུར་མཐོང་ཆེན་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་གནོན་ཤུགས་ཐེག་རིང་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་བར་བྱས་ཡོད།
མ་དངུལ་འཇོག་པ་དང་འཛད་སྤྱོད་བྱེད་པའི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་། “བཞི་གཅིག་འདྲེས་”ཀྱི་དཔལ་འབྱོར་འཁོར་སྐྱོད་ཆེད་དོན་འཛིན་གྲྭ་འཛུགས་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཏེ། ནང་མཁོ་འཕར་གཞི་རྒྱ་སྐྱེད་བཏང་བར་ཤུགས་རྒྱབ་པ།
རྣམ་གྲངས་ལ་མ་དངུལ་འཇོག་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཀྲུང་དབྱང་དང་ཞིང་ཆེན་གྱི་སྔོན་རྩིས་ནང་གི་མ་དངུལ་དང་བུན་འཛིན་གྱི་མ་དངུལ་གསར་སྣོན་སོགས་སྒོར་དུང་ཕྱུར་28.03བརྩོན་ལེན་བྱས་ཡོད། གསར་དུ་ལས་འགོ་ཚུགས་པའི་སྲིད་གཞུང་གི་མ་དངུལ་འཇོག་པའི་རྣམ་གྲངས་23རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། ལོ་འཁོར་མོའི་གཙོ་གནད་ལས་གཞི་169ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བྱེད་འགོ་བསྐྱར་འཛུགས་བྱེད་ཚད་85.8%ཟིན་ཡོད།
འགྲིམ་འགྲུལ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འཇོལ་རྫོང་ནས་འབའ་ལུང་བར་གྱི་གཞུང་ལམ་གྱི་ཡེ་ཀྲི་དུམ་བུའི་སྒྱུར་བཀོད་ལས་གྲྭ་དང་། སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་བདེ་འཇགས་ངང་ལེགས་སུ་བཏང་བའི་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། འཇོལ་རྫོང་ནས་ཚྭ་ཁ་ལྷོའི་རིམ་པ་གཉིས་པའི་གཞུང་ལམ། སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་གཞུང་ལམ་གསར་པ། འབའ་ལུང་ནས་ཅུས་ཏེན་བར་གྱི་གཞུང་ལམ་སོགས་ཀྱི་རྣམ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་དང་། ཤར་གྱི་གདུབ་བུའི་དུས་ཐེངས་གཉིས་པ་སོགས་ཀྱི་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱས། ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཞིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོའི་ཆུ་ལོག་སྔོན་འགོག་བཅོས་སྒྲིག་གི་ཕུག་ལམ་ལས་གྲྭ་དང་། སན་ཁྲ་ཧུའུ་ཆུ་མཛོད་བསྐྲུན་པ། ཀེ་ཁྲུའུ་ཁྲུའུ་ཆུ་མཛོད་། འཇོལ་རྫོང་གི་ཅ་ཉི་ལ་ཆུ་མཛོད་དང་། ཞ་ཐ་ལུའོ་ཆུ་མཛོད་། འབའ་ལུང་རྫོང་གི་ཐུའོ་ཀྲི་གྲོང་ཚོའི་འབབ་རྒྱུད་ཆུང་གྲས་བཅོས་སྒྲིག་སོགས་ཀྱི་ཆུ་བེད་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་མགྱོགས་སུ་བཏང་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྤྱི་པའི་ལྕགས་ལམ་མཉམ་འདྲེན་དང་ཐོན་ལས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས། བོད་ཤར་འོ་ཆུ་ཁའི་ཕྱོགས་བསྡུས་ཐོན་ལས་གླིང་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བས་ལྕགས་ལམ་སྐྱེལ་འདྲེན་དངོས་ཟོག་ཏུན་ཁྲི་137.44ཟིན་ཡོད། འབའ་ལུང་དེང་རབས་ཅན་གྱི་གྲོང་གསེབ་གློག་དྲའི་གློག་ཤུགས་མ་ལག་གསར་པའི་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང་བསྐྲུན་པ་དང་། ཆན་ཕུའུ་220ཡི་གློག་སྒྱུར་ལས་གྲྭ་6བསྐྲུན་ཟིན་ནས་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཕྱི་ཕྱོགས་སུ་ཚོང་འགུགས་ཐེངས་8བྱས་པ་དང་། ཡན་ལག་རུ་ཁག་ཆུང་བས་ཚོང་འགུགས་ཐེངས་40བྱས་པ། དམིགས་ཚད་ཁེ་ལས་129སྦྲེལ་མཐུད་བྱས་ཡོད། ཚོང་འགུགས་མ་འདྲེན་གྱི་ཚེ་སྲོག་ཧྲིལ་པོའི་དུས་འཁོར་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་47ལ་མིང་རྟགས་བཀོད་པ་དེ་དུས་མཚུངས་ལས་13འཕར་ཡོད། དེའི་ནང་སྒོར་དུང་ཕྱུར་1ཡན་གྱི་རྣམ་གྲངས་11དང་སྒོར་དུང་ཕྱུར་10ཡན་གྱི་རྣམ་གྲངས་2ཡོད། སེམས་ཀྱི་ཉི་ཟླའི་ས་ཁོངས་ཧྲིལ་པོའི་ལྟ་སྐོར་དང་། ཨའུ་རྩི་ཐོན་ལས། ཡ་ཏའོ་མགྲོན་ཁང་སོགས་ཚོང་འགུགས་རྣམ་གྲངས་27དོན་ཐོག་ཏུ་འཁྱོལ་ནས་ཕྱི་དངུལ་ཨ་སྒོར་ཁྲི་200དངོས་སུ་བེད་སྤྱོད་བཏང་ཡོད།
འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བ་རེད།
“དཔྱིད་གསར་དུས་ཆེན་སྒོ་བརྒྱབ་མེད”དང་“བཟའ་བཏུང་ཚོང་གཉེར་ལས་རིགས་+ཞབས་ཞུའི་ལས་རིགས་”སོགས་འཛད་སྤྱོད་ལ་སྐུལ་འདེད་བཏང་བའི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། འཛད་སྤྱོད་ཀྱི་འཛིན་ཤོག་སྒོར་ཁྲི་152སྤྲད་པ་དང་། འཛད་སྤྱོད་17678སྐུལ་སློང་བྱས། ཁུལ་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་ཀྱིས་རྙིང་ནས་གསར་དུ་བརྗེ་ནས་ཁ་གསབ་མ་དངུལ་སྒོར་ཁྲི་981.34ཞིབ་རྩིས་བཏང་བ་དང་། བཙོང་འབོར་སྒོར་ཁྲི་6261.75སྐུལ་ཁྲིད་བྱས་ནས་སྐུལ་སྤེལ་ཀྱི་གསོན་ཤུགས་འཛད་སྤྱོད་ནུས་ལྡན་བྱུང་ཡོད། རྒྱུན་མཐུད་ཀྱིས་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་བྱ་འགུལ་ལ་སྐུལ་འདེད་བཏང་ཡོད།
ཁྱུ་ཚོགས་སྟོབས་ལྡན་དུ་བཏང་བར་མཐོང་ཆེན་བྱས་ཏེ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཚུལ་སྒྱུར་རིམ་སྤར་ཁྲོད་སྔར་བས་སྲ་བརྟན་དུ་བཏང་བ།
རྒྱུན་བསྲིང་ལྷོད་མེད་ངང་ཐོན་ལས་དམ་འཛིན་བྱས་ཏེ་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་དང་སྟོབས་ཆེར་བཏང་བ།
རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་མི་མངོན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
“3331”ལས་ཀའི་བསམ་ཕྱོགས་གཞིར་བཟུང་རྒྱུན་མཐུད་ཀྱིས“ཡུན་ནན་གྱི་འཚོ་བ་འཛམ་གླིང་གི‘སེམས་ཀྱི་ཉི་ཟླ”ཞེས་པའི་སྤུས་རྟགས་བྱེ་བྲག་ཅན་གྱི་ལག་ལེན་ལ་སྐུལ་འདེད་བཏང་བ་རེད། “དུས་ཚིགས་ལ་བརྗོད་དོན་གཙོ་བོ་ཡོད་པ་དང་ཟླ་རེར་བྱེད་སྒོ་ཡོད་པའི”བཞུར་འདྲེན་ལས་གྲྭ་མཐའ་འཁྱོངས་བྱས་ཏེ་རྒྱུན་མཐུད་ཀྱིས་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”རིག་གནས་ཡུལ་སྐོར་དུས་ཆེན་དང་སེམས་ཀྱི་ཉི་ཟླའི་གླེང་སྟེགས་སོགས་བྱེད་སྒོ་སྣ་ཚོགས་ཐེངས་50ལྷག་ཙམ་ཡག་པོ་གཉེར་བ་རེད། རྒྱུན་མཐུད་ཀྱིས་Aརིམ་མཛེས་ལྗོངས་ཁུལ་18ཀྱི་རྒྱུ་སྤུས་ཇེ་མཐོར་བཏང་བ་དང་། ཡན་ཆད་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་“གཉིས་སེལ་”ཡོང་འབབ་ཕྱེད་ཀ་ནི་བརྒལ་བའི་སྤ་སེའི་ཡོང་འབབ་ཡིན་པས“སྤ་སེའི་དཔལ་འབྱོར”“ཕྱོགས་བསྡུས་འཛད་སྤྱོད་དཔལ་འབྱོར་”སུ་མགྱོགས་མྱུར་བསྒྱུར་ཡོད།
“དཀར་ནག་རྐང་ཐང་མར་སྐྱོད་པའི”ལམ་ཐིག་215ལེགས་སྒྲིག་བྱས་པ། རྐང་ཐང་མར་སྐྱོད་པའི་བྱེད་སྒོ་ཚད་ལྡན་དུ་བཏང་ནས་ཡུན་ནན་གྱི་སེམས་ཀྱི་ཉི་ཟླ་ཆེན་མོའི་ཕྱི་རོལ་འགུལ་སྐྱོད་འཕེལ་རྒྱས་ཀྱི་གཅིག་སྡུད་ས་གནས་དང་། ཉམས་རོལ་ཁུལ། འཛམ་གླིང་གི་རྐང་ཐང་མར་འགྲོ་སའི་གནས་མཆོལ་བཅས་ལ་བཞེངས་སྐྲུན་བྱས། ཚོང་རའི་གྲུབ་ཆ་གཙོ་བོ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། དམངས་ཁྱིམ་མགྲོན་ཁང་ཚད་ལྡན་དུ་འཕེལ་རྒྱས་བཏང་བ། “དུས་བཞིར་བདེ་ཆེན་དུ་ཡུལ་སྐོར་བྱེད་པ”དང་། “ཡུལ་སྐོར་བ་བདེ་ཆེན་དུ་སྐྱོད་པ”སོགས་ཀྱི་སྤུས་རྟགས་དང་“ཚེ་འདིའི་བརྩེ་བར་བརྟེན་ནས་G214གཏན་འཁེལ་བྱེད་པའི་”IPདང་། མེ་ཏོག་ཡུལ་སྐོར་དང་། མངོན་མིན་རིག་གནས་ཤུལ་བཞག་ཡུལ་སྐོར། ཆང་གྲོང་ཡུལ་སྐོར་སོགས་ལས་རྣམ་འཕེལ་རྒྱས་བཏང་བ། ཉི་ཤར་ཐང་སྨད་གྲོང་ཚོར་“ཡུན་ནན་དུ་ཡུལ་སྐོར་བྱེད་པར་སྐྱོད་པའི་”ཚོད་ལྟ་བྱེད་ས་ཁག་དང་པོར་བདམས་པ་རེད། དྲ་ཐོག་དང་དྲ་ཕྱིའི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། འགྲུལ་ཁུངས་གཙོ་བོ་དམིགས་ཡུལ་དུ་བཟུང་ནས་པེ་ཅིང་དང་ཧྲང་ཧའེ། ཀོང་ཏུང་། ཁྲུང་ཆིང་། ཁྲེང་ཏུའུ་དང་དེ་བཞིན་མ་ལེ་ཞི་ཡའི་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཏུ་སྐྱོད་པའི་བརྗོད་བྱ་གཙོ་བོའི་འོས་སྦྱོར་བྱེད་སྒོ་སྤེལ་བ་དང་། རིག་གནས་ཡུལ་སྐོར་གཉེར་སྐྱོང་ཇུས་འགོད་དང་སྤུས་རྟགས་དྲིལ་བསྒྲགས་ཁྱབ་གདལ་བཏང་བར་ཤུགས་སྣོན་བརྒྱབ་ཡོད།
ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་དང་ཞབས་ཞུ་གསར་གཏོད་སྤུས་ལེགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གྱོད་གཞི་58ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཞུ་གཏུག་ནུས་ལྡན་བྱེད་ཚད་43.42%ཆག་པ། ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་2025ལོར་ཀྲུང་གོའི་རྫོང་ཁོངས་ཡུལ་སྐོར་གྱི་ཕྱོགས་བསྡུས་འགྲན་ནུས་ཆེ་བའི་རྫོང(གྲོང་ཁྱེར)བརྒྱར་བདམས་པ་དང་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”སྤུས་རྟགས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3636.01ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་296.27ཟིན་ནས་16.43%དང་23.39%སོ་སོར་འཕར་ནས་འཕར་ཚད་གཉིས་ཀ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་ཐོན་འཕར་དང་ཕན་འབྲས་ཆེ་རུ་ཕྱིན་པ།
རྒུན་འབྲུམ་དང་། ཀྲུང་ལུགས་སྨན་རྒྱུ་དང་། ཁྱད་ལྡན་སྒོ་ཕྱུགས་དང་ཁྱིམ་བྱ། བཟའ་བྱའི་ཤ་མོ་སོགས་ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་བཏང་བ་དང་། བཟའ་བྱའི་ཤ་མོ་མུའུ་ཁྲི་1.04འདེབས་འཛུགས་ཁྱབ་གདལ་བཏང་བ། རྒུན་འབྲུམ་རྟེན་གཞི་མུའུ་ཁྲི་1.06འཛུགས་སྐྲུན་དང་རིམ་སྤོར་བྱས་པ། ཀྲུང་ལུགས་སྨན་རྒྱུ་དཔེ་སྟོན་རྟེན་གཞི་མུའུ་2560གསར་སྣོན་བྱས་ཡོད། ས་མཐོའི་ཤིང་ཏོག་དང་སྔོ་ཚལ་དང་། ཁྱད་ལྡན་འབྲུ་རིགས་དཀྱུས་འབྲུ། ཤིང་རིགས་སྣུམ་རྒྱུ་སོགས་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། གཉེར་སྐྱོང་གྲུབ་ཆ་གཙོ་བོ་གསར་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་འདིའི་ནང་རྫོང་རིམ་པ་ཡན་གྱི་ཞིང་ལས་སྣེ་འདྲེན་ཁེ་ལས་15གསར་དུ་གཏན་འཁེལ་བྱས་པ་དང་། ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་34གསར་དུ་ཁས་ལེན་བྱས་པ། ཁེ་ལས་20ཡི་སྤུས་རྟགས་ཞིང་ཆེན་རིམ་པའི“ལྗང་མདོག་སྤྲིན་ཚོམ”སྤུས་རྟགས་ཀྱི་དཀར་ཆག་ནང་བཅུག་པ། འབྲུ་རིགས་ཉེན་མེད་འགན་སྲུང་མཐའ་གཅིག་ཏུ་བྱས་པ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་3.25འཛུགས་སྐྲུན་བྱས་པ། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་17.48ཟིན་ནས་1.53%འཕར་ཡོད།
བཟོ་ལས་དཔལ་འབྱོར་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་།
ཞོལ་ལུང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་། ཀོང་རྩེད་ར་ཆུ་ཤུགས་གློག་ཁང་གི་མཆན་འགོད་བཀའ་ལན་ཐོབ། ཀུའུ་ཧྲུའེ་ཆུ་ཤུགས་གློག་ཁང་གི་འཛུགས་སྐྲུན་ལ་ཆོག་མཆན་འགོད་ལ་ཉེ། ལུང་ཕན་ཆུ་ཤུགས་གློག་ཁང་གི་དུས་འགོའི་ལས་ཀ་བརྟན་པོའི་ངང་སྤེལ་བཞིན་ཡོད། རྩིག་བཟོའི་རྫིང་བུ་དང་པོ་དང་སྐབས་གཉིས་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་དྲ་སྦྲེལ་ཐུབ་ལ་ཉེ། དེའི་འོད་ཤུགས་གློག་གཏོང་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་ལ་ཉེ། ལྗང་མདོག་གཏེར་ལས་ཀྱི་གཞི་ཁྱོན་ཇེ་ཆེར་བཏང་ནས་སྤུས་ཚད་མཐོར་འདེགས་དང་། “ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གིས་ཁེ་ལས་ཀྱི་རེ་ཞུ་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད། བློ་རིག་གཏེར་རི་འཛུགས་སྐྲུན་གྱི་ཉམས་མྱོང་ཁྱབ་གདལ། ཕུ་ལང་སོགས་ཁེ་ལས་ཀྱིས་གཏེར་རི་གྲངས་ཀ་ཅན་དང་བློ་རིག་ཅན་དུ་སྒྱུར་བཀོད་རིམ་སྤར་བྱེད་པར་རྒྱབ་སྐྱོར་བཅས་བྱས། གླང་དམར་ཟངས་གཏེར་ཞིང་ཆེན་རིམ་པའི་ལྗང་མདོག་གཏེར་རིའི་མིང་གཞུང་དུ་བཅུག་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་9གསར་སྣོན་བྱས་ཡོད།
དྲང་སྲུང་གསར་གཏོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་བསྒྱུར་བཅོས་སྒོ་འབྱེད་བྱེད་རིང་འཕེལ་རྒྱས་གང་མགྱོགས་བཏང་བ།
བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་བ།
གཙོ་གནད་བསྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་།
འཚོ་བ་དམ་གྱིས་རོལ་བའི་གོམས་གཤིས་ཆགས་དགོས་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། རྒྱུན་མཐུད་ཀྱིས་ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་། བརྒྱུད་རིམ་ཧྲིལ་པོའི་གྲུབ་འབྲས་དོ་དམ་མ་ལག་འཐུས་ཚང་དུ་བཏང་བ། ནོར་སྲིད་བཅོས་སྐྱོང་གི་ནུས་ཕྱོད་ནུས་ལྡན་གྱི་སྒོ་ནས་མཐོ་རུ་ཕྱིན་ཡོད། ཞིང་ལས་ཀྱི་གྲོང་གསེབ་བཅོས་སྒྱུར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རེས་སྐོར་གཉིས་པའི་ས་ཆ་འགན་གཙང་ལེན་གྱི་དུས་བཀག་སླར་ཡང་ལོ་30ཕྱིར་འགྱངས་བྱས་པའི་ཚོད་ལྟའི་ལས་དོན་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། སེམས་ཀྱི་ཉི་ཟླ་རྒྱལ་ཁབ་ལ་དབང་བའི་ནགས་རས་སྡོག་ཕྲུག་རྐང་ཁྲི་100གསོ་སྐྱོང་བྱས་པ་དང་རྒྱལ་ཁབ་ལ་དབང་བའི་ནགས་རའི་སྔོ་ལྗང་རྟེན་གཞིའི་རྒྱལ་ཁབ་རིམ་པའི་ཚོད་ལྟ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་།
རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཁྲོམ་རར་ཞུགས་རྒྱུའི་བཀག་རྒྱ་གཙང་བཤེར་བཅོས་སྒྲིག་བྱེད་སྒོ་གཏིང་ཟབ་སྤེལ། ལག་བསྟར་གྱི་ཁྲོམ་རར་ཞུགས་འཐུས་བཀག་རྒྱ་གསལ་ཐོ་ཚད་ལྡན་དུ་བཏང་ནས། ཁེ་ལས་གཉེར་བའི་དུས་ཚོད་དེ་ལས་ཀའི་ཉིན་རེར་0.5བར་ཉུང་དུ་བཏང་བ་རེད། རྒྱུན་མཐུད་ཀྱིས་སྲིད་དོན་ཞབས་ཞུའི་དོན་ཚན་ལ་“སྒོ་གཅིག་ཁོ་ནར་བསྐྱོད་”པ་དང་དྲ་ཐོག་ལས་སྒྲུབ་ལ་“དྲ་བ་གཅིག་ཁོ་ནར་བསྐྱོད་”པར་སྐུལ་འདེད་བཏང་སྟེ་དྲ་ཐོག་ནས་སྒྲུབ་ཚད་99.17%དང་། དྲ་ཐོག་ནས་སྒྲུབ་ཐུབ་ཚད་89.02%ཟིན་པ། “ལས་ཆོད་ཆེ་བའི་སྒོ་ནས་དོན་དག་གཅིག་སྒྲུབ་ཐུབ་པའི”ལས་སྒོ་239345སྒྲུབ་པ་བཅས་རེད། ཁེ་ལས་ལ་ཕན་པ་ཐོབ་པའི་དོན་དག་དངོས་10ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། རྒྱུན་མཐུད་ཀྱིས“སེམས་དྲོད་བྱ་སྤྱོད”ལ་སྐུལ་འདེད་བཏང་བ་དང“ཁེ་ལས་པའི་མཚན་མོའི་གཏམ་བཤད”ཀྱི་བྱེད་སྒོ་ཐེངས་28སྤེལ་ལ། ཅུས་ཀྲང་གིས་“ནད་བརྟག་”དང་ “སྐོར་ཞིབ་” “སྒོ་འགྲིམ་ནད་འདྲི་རྩད་”ཐེངས་9བྱས། ཁེ་ལས་227ལ་རོགས་རམ་བྱས་ལ། ཁེ་ལས་233ཡི་དཀའ་ངལ་ཐག་གཅོད་བྱས། ཁུལ་ཡོངས་ལ་གཉེར་སྐྱོང་བྱེད་པོ་དངོས་ཡོད་དུད་ཚང་78271ཟིན་ཡོད་ལ། 7.62%འཕར་ཡོད།
གསར་གཏོད་ཀྱི་སྐུལ་འདེད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད།
ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཚན་རྩལ་འགྲོ་གྲོན་སྒོར་ཁྲི་2732ཁྱོན་བརྩོན་ལེན་བྱས། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་སྒོར་དུང་ཕྱུར་གཞི་ཁྱོན་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་ཀྱི་ལག་རྩལ་གསར་བའི་ཚད་མཐོའི་ཁེ་ལས་25ཟིན་ལ། ཡུན་ནན་ཞིང་ཆེན་གྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་བ་27གསར་དུ་བསྣན་པ། ཁེ་ལས་ཁྲིམས་མི་ཁྲི་རེའི་ནང་གི་ལག་རྩལ་གསར་བའི་ཚད་མཐོ་ཁེ་ལས་ཀྱི་གྲངས་འབོར་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལེགས་གྲུབ་ལག་རྩལ་གན་རྒྱ་ངོས་བཅད་ཀྱི་ཐོ་འགོད་རྣམ་གྲངས་52དང་ཚོང་འགྲིག་པའི་དངུལ་གྲངས་སྒོར་དུང་ཕྱུར་3.51ཟིན་ཡོད་ལ། རྒྱལ་ཁབ་ཀྱི“ས་ཁུལ་གསུམ་པའི”ཚན་རྩལ་ཤེས་ལྡན་མི་སྣ་དང་། ཞིང་ཆེན་རིམ་པའི་ལག་རྩལ་གསར་གཏོད་ཀྱི་ཤེས་ལྡན་མི་སྣ། “དྲུག་ཅུའི་དབུ་དཀར་ཚན་རྩལ་ཆེད་མཁས་པ། ”ཚན་རྩལ་ཆེད་མངག་མི་སྣ་སོགས་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཡུན་ནན་ཞིང་ཆེན་གྱི་འབྲུ་གཡག་ལུས་ཕྱིའི་སྦྲུམ་རྟེན་གྱི་སྟེགས་བུ་ཐོག་མ་བསྐྲུན་ནས་བཀོལ་སྤྱོད་བྱེད་འགོ་ཚུགས་ཡོད།
སྒོ་འབྱེད་ཀྱི་མཉམ་འདྲེས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ།
ཕྱི་ཕྱོགས་ཀྱི་སྒོ་འབྱེད་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཁ་ཆེའི་གུར་ཕྱིར་ཚང་ཐེངས་དང་པོ་བྱས་ཤིང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་“ཀླད་ཀོར་”ཚད་བརྒལ་བྱུང་བ་མངོན་འགྱུར་བྱུང་། རྒུན་ཆང་དང་། བེ་ཤ ཀྲུང་ལུགས་སྨན་རྫས། སྔོ་ཚལ་སོགས་སྤུས་ལེགས་ཀྱི་ཐོན་རྫས་བསྡོམས་འབོར་སྒོར་ཁྲི་7000ལས་བརྒལ་བ་མངོན་འགྱུར་བྱུང་ལ། 22.8%འཕར་ཡོད། ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་བཏང་ནས་མ་དངུལ་སྒོར་དུང་ཕྱུར་2.06བརྩོན་ལེན་བྱས་ལ། རྣམ་གྲངས་58ལག་བསྟར་བྱས། སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་དང་ཧྲང་ཧའེ་ཏན་ལིན་ཀང་ཁུན་མིང་ཚན་རྩལ་གྲོང་ཁྱེར་གཉིས་མཉམ་ལས་བྱས་ཏེ། “འཕུར་ས་གླིང་ཁུངས”འཛུགས་སྐྲུན་བྱས་པ་དེ་ཞིང་ཆེན་ནང་ཁུལ་གྱི་དཔེ་སྟོན་ཐོག་མ་ཞིག་ཏུ་གྱུར།
འཛུགས་སྐྲུན་དང་དོ་དམ་གཉིས་ཀར་མཐོང་ཆེན་བྱས་ནས། བདེ་སྡོད་བདེ་ཆེན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་ཁྲོད་རྣམ་པ་གསར་པ་མངོན།
གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་མཐའ་འཁྱོངས་བྱས་ནས་ས་ཁོངས་ཀྱི་མཐུན་སྦྱོར་ངང་གོང་འཕེལ་ལ་སྐུལ་འདེད་བཏང་བ།
གྲོང་ཁྱེར་གྱི་རྒྱུ་སྤུས་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད།
གྲོང་ཁྱེར་འཛུགས་སྐྲུན་དང་གསར་སྒྱུར་བསྒྱུར་བཀོད་བྱེད་འགོ་བརྩམས་ནས། བྱེད་ནུས་འཐུས་ཚང་དང་རྒྱུ་སྤུས་མཐོར་འདེགས་བཏང་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་། གྲོང་ཁྱེར་གྱི་འཚོ་གནས་དང་འཚམ་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འཇོལ་རྫོང་གི་ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོ་བྱེད་པའི་སྤྱིའི་ཇུས་གཞིར་ཞིང་ཆེན་སྲིད་གཞུང་གིས་ཞིབ་བཤེར་དང་མོས་མཐུན་བྱས་པ་དང་། རིམ་རྩིས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་22.69དམིགས་སུ་བཀར་ནས་གནས་པ་དང་། བཀོད་སྒྲིག་ཁང་བའི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་བཏང་བས། རྫོང་གསར་པ་དོན་དངོས་རང་བཞིན་གྱི་འཛུགས་སྐྲུན་དུས་མཚམས་སུ་སླེབས་ཡོད། ཁུལ་ཆུང་རྙིང་པ་12སྒྱུར་བཀོད་བྱས་ནས་གྲོང་མི་དུད་ཚང་2358ལ་ཕན་པ་ཐོབ་པ་རེད། ཆར་དང་བཙོག་ཆུའི་སྦུབས་ལམ་སྦུ་གུ་ཆིག་སྟོང་སྨི་30.4གསར་དུ་བསྐྱར་སྐྲུན་བྱས་པ་དང་། སྤྱི་པའི་རླངས་འཁོར་འཇོག་ས་25386བར་མང་དུ་ཕྱིན་པ། སྤྱི་པའི་གསང་སྤྱོད་སྟུག་ཚད་སྤྱི་ལེ་གྲུ་བཞི་རེར་8.13མང་དུ་ཕྱིད་ཡོད་ལ། གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་སྤྱི་པའི་སྐྱེད་ཚལ་རྒྱ་ཁྱོན་སྨི་ངོས་གྲུ་20.71ཟིན་ཡོད་ལ། སྤྱི་གླིང་སྔོ་ལྗང་ས་ཞབས་ཞུའི་རྒྱ་ཁྱབ་ཚད་85%ལས་བརྒལ་ཡོད། དྲོད་གཏོང་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་17.5གསར་དུ་བསྣན་ནས་སྨི་ངོས་གྲུ་ཁྲི་239ཟིན་ཡོད། རྒྱུན་མཐུད་ཀྱིས་གྲོང་ཁྱེར་ལ་ཞིབ་ཚགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འཛུགས་སྐྲུན་གྱི་རྣམ་པ་དང་གྲོང་ཁྱེར་གྱི་རྣམ་པ་ཆེད་དམིགས་བཅོས་སྒྲིག་གཏིང་ཟབ་བྱས་ཡོད། ས་ཁང་ཁྲོམ་ར་མར་ཆག་མཚམས་བཞག་ནས་བརྟན་པོ་བྱུང་བ་དང་། མ་རྩ་བཞག་པ་མ་རྩ་འཇོག་པ་31.2%འཕར་བ། ཚོང་ཟོག་ཁང་པ་ཕྱིར་ཚོང་རྒྱ་ཁྱོན་འཕར་བ་མངོན་འགྱུར་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ལེགས་གྲུབ་དུ་ཐོག་མར་ཁང་སྤྲོད་འགན་ལེན་གྱི་ལས་འགན་བྱས་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་མཉེན་གཤིས་དང་དྲོད་ཚད་གང་ལེགས་མངོན་ཡོད།
གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་ཀྱི་ཕན་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་བ་དང་སྦྲེལ་མཐུད་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་8.85དོན་འཁྱོལ་བྱས་ཏེ། མི་འབོར་ཁྲི་3.36ལས་ཞུགས་གཞན་སྒྱུར་བྱས་པ་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཉེན་ཁ་སེལ་ཚད་77.98%ཟིན་ནས། ལོ་རེར་གཉེར་སྐྱོང་རང་བཞིན་གྱི་ཁེ་འབབ་སྒོར་ཁྲི་བཅུ་ཡན་གྱི་མཉམ་སྡེབ་དཔལ་འབྱོར་104ཟིན།
རེས་སྐོར་གསར་པའི་ཞིང་ལས་ཡོང་འབབ་འཕར་སྣོན་བཏང་བའི་ལོ་གསུམ་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་ལྟར་ན་སྒོར་15664ཟིན་ནས། 8%ཡས་མས་འཕར་སྣོན་བྱུང་།
ལས་གྲྭ་ཁྲི་སྟོང་གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ནས། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཚང་མ་ལེགས་སུ་བཏང་བའི་བྱ་སྤྱོད་མུ་མཐུད་སྐུལ་འདེད་བཏང་བས། འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་78.6%ཟིན་པ་དང་། གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ། རང་བྱུང་གྲོང་ཚོ་བཅས་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་ཁྱབ་ཚད་100%དང་98.92% 95.95%་ཟིན། གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་བཅོས་ནུས་ལྡན་ཐུབ་ཚད་80.77%ཟིན། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་དང་ཞིང་པའི་སྡོད་ཁང་2380སྒྱུར་བཀོད་བྱས།
རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གཞུང་ལམ་རིམ་སྤོར་བྱ་སྤྱོད་ལག་ལེན་བསྟར་ནས། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་305.9ཉམས་བཟོ་བྱས་པ་དང་། ཚེ་སྲོག་ཉེན་མེད་འགོག་སྲུང་ལས་གྲྭ་སྤྱི་ལེ་358འཛུགས་སྐྲུན་བྱས་པ། ཟམ་པ་ཉེན་ཅན་བསྒྱུར་བཀོད་དང་ཟམ་པ་གསར་པ་11བསྐྲུན་ཡོད།
གྲོང་ཚོ་རིམ་པའི་མྱུར་སྐྱེལ་ཞབས་ཞུའི་ཁྱབ་ཚད་90%ལས་བརྒལ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་བྱེད་པའི་རྣམ་གྲངས་25ལག་ལེན་བསྟར་ནས། ཕན་པ་ཐོབ་མཁན་མི་ཁྲི་1.1ཟིན།
མ་མཐའི་ཚད་གཞི་བརྟན་སྲུང་བྱེད་པར་དོ་སྣང་བྱས་ནས་སྐྱེ་ཁམས་ཁོར་ཡུག་ནི་འགག་སྒྲོལ་ཤུགས་ཆེན་བྱེད་རིམ་ཁྲོད་དེ་བས་སྲ་ཞིང་བརྟན་པོར་གྱུར།
རི་ཀླུང་སྔོ་ལྗང་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་འཁྱག་གི་ཡུལ་ལུང་ཡང་གསེར་རི་དངུལ་རི་ཡིན།
སྐྱེ་ཁམས་སྲུང་ཡོལ་ནུས་ལྡན་ངང་སྐྲུན་པ།
རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་གཏེར་ལས་དབང་ཆ་ཕྱིར་འཐེན་དང་ཐག་གཅོད་ལས་དོན་ལ་སྐུལ་འདེད་གཏོང་ནས། སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཁབ་ཀྱི་ཁག་གཉིས་པ་འཛུགས་སྐྲུན་བྱེད་པའི་འོས་མིང་ནང་བཞག
སྔོ་ལྗང་ཅན་གྱི་བདེ་ཆེན་བསྐྲུན་ཆེད། དམངས་ཡོངས་ཀྱིས་འོས་འགན་ངང་ཤིང་སྡོང་ཁྲི་188.54བཙུགས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཉམས་ཞན་དུ་གྱུར་པའི་ནགས་ཚལ་མུའུ་ཁྲི་2.91སླར་གསོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བྱེས་ཁྲོད་ཀྱི་ཡུན་ནན་གྱི་བེ་ཏ་གནའ་བོའི་ཤིང་གི་ཁྱུ་ཚོགས་ཆེ་ཤོས་གསར་རྙེད་ཐུབ་ནས། པི་ལུའོ་གངས་རིའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དུས་ཐེངས་དང་པོ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་རྨང་གཞིའི་སྟོང་ཆ་ཆེ་ཤོས་བསྐངས་ནས། ཞིང་ཆེན་ཡོངས་སུ་ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་ཀྱི་གནོད་འཚེ་འགན་བཅོལ་སྔོན་དུ་བཙུགས་པ་མ་ཟད། སྐྱིན་ཚབ་སྤྲོད་ཐེངས་དང་པོ་དེ་ལེགས་འགྲུབ་བྱུང་།
ནགས་དཔོན་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། རིག་ནུས་ལྡན་པའི་ནགས་རྩྭའི་རྣམ་གྲངས་ལག་བསྟར་བྱས་ནས། མེ་འགོག་འགྲོ་ལམ་སྤྱི་ལེ་1075.74བེད་སྤྱོད་བྱས་ཏེ། བསྟུད་མར་ལོ་2་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་བྱུང་མེད། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་མུ་མཐུད་སྐུལ་འདེད་བཏང་ནས། གང་བྱུང་དུ་བཟུང་བ་དང་གང་བྱུང་དུ་སྔོག་པ། གང་བྱུང་དུ་སྤུངས་པ། གང་བྱུང་དུ་སྐྲུན་པ་བཅས་བཅོས་སྒྲིག་བྱེད་པ་དང་ཆུ་དཔོན་གྱིས་ཆུ་བོ་གཙང་བཤེར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ནས། ཆུ་དང་མཚེའུ་13་ལ་ཞིང་ཆེན་རིམ་པའི་མཛེས་སྡུག་ལྡན་པའི་ཆུ་དང་མཚེའུ་ཞེས་པར་བདེ་བླག་ངང་ཡར་ཞུ་བྱས།
སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་།
གནམ་སྔོ་ཞིང་དྭངས་པ་དང་ཆུ་དྭངས་ཤིང་གཙང་བ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་ནས། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་100%ཟིན་ནས། ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།
རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་ས་ངོས་ཆུའི་ལྟ་ཞིབ་ཚད་ལེན་བཅད་ངོས་ཀྱི་ཆུ་སྤུས་ཡག་པོ་རྒྱུན་འཁྱོངས་ཐུབ་ནས། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་བརྟན་པོ་བྱེད། གཙོ་བོར་འཛུགས་སྐྲུན་བྱེད་པའི་ས་ཆ་བེད་སྤྱོད་བདེ་འཇགས་བྱེད་ཚད་100%ཟིན་པ།
ནན་ཅི་ལུའོ་དང་། ཧ་པ་གངས་རི། སྟག་མཆོང་གྲོག་རོང་བར་སྟོད་སོགས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཚད་ལྡན་དོ་དམ་ཡག་པོ་བྱས།
བཅོས་སྒྲིག་གསུམ་དང་ལེགས་བཅོས་གཅིག་གཏིང་ཟབ་ཏུ་བཏང་སྟེ། ། ནགས་ཕག་མཚོའི་ཆུ་སྤུས་རིམ་བཞིན་ལེགས་སུ་བཏང་།
འབྲི་ཆུའི་དཔལ་འབྱོར་རྒྱུད་དང་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་ཀྱི་ལོ་རྒྱུས་ཀྱི་ཤུལ་ལུས་གཏེར་རིའི་སྐྱེ་ཁམས་སླར་གསོ་བྱས་ཏེ་ཚང་མ་གཙང་སེལ་བྱེད། ཀྲུང་དབྱང་དང་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དོན་འཁྱོལ་ཡག་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྟོན་ གྲངས་80ཡན་རྒྱུན་འཛིན་ཐུབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རིགས་དེ་རིམ་པ་དང་པོར་གནས།
ལྗང་མདོག་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།
ནགས་དབང་འཁོར་རྒྱུག་རྣམ་པ་གསར་གཏོད་བྱས་ནས་སྐྱེ་ཁམས་གནས་སྐོར་གྱི་ནགས་དབང་འཁོར་རྒྱུག་ཐོག་མར་སྤེལ་ཡོད། ཐཱན་འདུས་ཉོ་ཚོང་ཚོད་ལྟའི་ལས་ཀ་ཧུར་ཐག་སྤེལ་ཏེ་ལྔ་ཤོག་ཤང་དང་ལོ་ཅི་ཤང་གཉིས་ཁུལ་རིམ་པའི་ཐཱན་འདུས་ཚོད་ལྟའི་ཤང་དང་གྲོང་རྡལ་ཁག་དང་པོར་གཏན་འཁེལ་བྱས།
ནགས་ཁྲོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནགས་ཁྲོད་ཀྱི་འདེབས་འཛུགས་དང་གསོ་སྤེལ་རྒྱ་ཁྱོན་མུའུ་ཁྲི་2.66ཟིན་པ་དང་། རི་སྐྱེས་ཤ་མོ་སྐྱེ་ལྡན་གསོ་སྐྱོང་རྟེན་གཞི་མུའུ་ཁྲི་4.72བསྐྲུན་པ། བེ་ཤའི་གསོ་སྐྱོང་དང་སྐྱེ་འཕེལ་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་ལྟེ་བའི་ཐོན་ཁུལ་གྱི་ཐོན་འཕར་དང་རྒྱུན་མཐུད་བེད་སྤྱོད་ཐུབ་པ་བྱས།
ནགས་རྩྭའི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་45.8ཟིན་ནས་26.66%འཕར་ཡོད།
སྤུས་ཚད་མཐོ་རུ་དང་ཁྱབ་ཁྱོན་ཆེ་རུ་བཏང་བར་དོ་སྣང་བྱས་ནས་མཉམ་སྐྲུན་མཉམ་སྤྱོད་བྱེད་རིང་མང་ཚོགས་ཀྱི་ཕན་བདེ་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གོང་བུར་འགྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་དགོས།
ལས་ཞུགས་ཀྱི་གནས་བབ་བརྟན་པོ་ཡོང་བ་བྱས་ཡོད།
ཀྲུང་དབྱང་གི་ལས་ཞུགས་གསབ་དངུལ་སྒོར་དུང་ཕྱུར་1.09བརྩོན་ལེན་བྱས་པ་དང་། ཁེ་ལས་ཀྱིས་ལས་ཞུགས་བྱས་པའི་བྱ་དགའི་ཁ་གསབ་དང་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་འཇགས་ཀྱི་ཕྱིར་སློག་སོགས་པའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། ཁེ་ལས་ཀྱིས་ལས་གནས་བརྟན་འཇགས་དང་རྒྱ་སྐྱེད་བཏང་བར་རྒྱབ་སྐྱོར་བྱས་ཡོད། སྲིད་གཞུང་གི་ཁ་གསབ་རང་བཞིན་གྱི་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི་1.97ལེགས་གྲུབ་བྱུང་བ་དང་། གྲོང་གསེབ་ཀྱི་ངལ་རྩོལ་པ་ཁྲི་12.96ལས་ཞུགས་གཞན་སྒྱུར་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་3749གསར་འཕར་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་6469བཀོད་སྒྲིག་བྱས་ཡོད། ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་པོ་གཉེར་ནས་མི་819ལ་མཐོ་རིམ་བཟོ་པ་ཡན་གྱི་ནུས་རྩལ་རིམ་པའམ་ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་པར་སྐུལ་ཁྲིད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཏང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།
སློབ་གསོ་དང་ལུས་རྩལ་བྱ་གཞག་གི་གསར་གཏོད་ཚད་བརྒལ་ཡོང་བར་བྱས་པ།
སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་སྐས་རིམ་གསར་པར་སླེབས་པ་དང་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད་93.35%ཟིན་པ། འཇོལ་རྫོང་འདི་ཉིད་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་རྫོང་ཁག་དང་པོར་གྱུར་ནས་བུ་བཅོལ་ཁང་གི་སློབ་ཁྲིད་ཞིབ་འཇུག་མཛུབ་ཁྲིད་ཀྱི“ཚད་བརྒལ”མངོན་འགྱུར་བྱུང་ཡོད། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་གོང་འཕེལ་གཏིང་ཟབ་བྱུང་བ་དང་། སློབ་མཚམས་མི་ཆད་པ་དང་སློབ་ཞུགས་འགན་ལེན་གྱི་བྱ་བ་མེད་པར་བཟོ་བའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། “ཉུང་གཏོང་གཉིས་”དང་“སློབ་གསོ་ལྔ་མཉམ་དུ་སྤེལ་བ་”ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ།མཐོ་རྒྱུགས་གསར་པ་བརྟན་པོའི་ངང་བར་བརྒལ་བྱུང་བ་དང་དངོས་གཞིའི་ཚན་ཁག་གི་ཡིག་རྒྱུགས་ལོན་ཚད་51.47%ཟིན་ནས་མཐོ་རྒྱུགས་ཀྱི་སྦྱངས་འབྲས་ལོ་བཅུའི་ནང་གི་མཐོ་ཤོས་སུ་སླེབས་པ་དང་ཐོན་ལས་སློབ་གསོ་མཉམ་འདྲེས་དང་གཅིག་འདྲེས་གསོ་སྐྱོང་ཟབ་ཏུ་བཏང་སྟེ་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གི“འབྲོག་ལས་དང་ཕྱུགས་རིགས་སྨན་པའི་ཆེད་ལས་ཚོགས་པ”ཞིང་ཆེན་རིམ་པའི“མཐོ་གཉིས་འཆར་གཞིའི”སྐྱེད་སྲིང་རྣམ་གྲངས་ནང་ཚུད་ཡོད།
ལུས་རྩལ་ཐོན་ལས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། མི་རེའི་ཆ་སྙོམས་ལུས་རྩལ་སྒྲིག་བཀོད་རྒྱ་ཁྱོན་སྨི་ངོས་གྲུ་3.25ཟིན་པ། སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་ཚོགས་དང་། སེམས་ཀྱི་ཉི་ཟླའི་ཕྱི་རོལ་ལུས་རྩལ་ཐོན་ལས་ཚོགས་ཆེན་སྐབས་བཞི་པ། ཡུན་ནན་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་བདེ་ཆེན་གྱི་འགྲན་ར་གཙོ་བོ་སོགས་འགྲན་བསྡུར་བདེ་བླག་ངང་གཉེར་བ། རང་ཁུལ་གྱི་ལུས་རྩལ་པར་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་རེད།
སྨན་བཅོས་ཞབས་ཞུ་གཏིང་ཟབ་ཏུ་སྤེལ་བ།
ཁུལ་མི་དམངས་སྨན་ཁང་གིས་རིམ་པ་གསུམ་པའི་ཀ་པའི་རིམ་པའི་སྨན་ཁང་གི་བསྐྱར་ཞིབ་བྱས་པ་ལེགས་གྲུབ་བྱུང་ནས། གྲངས་འཛིན་འཕུར་གྲིའི་ལག་རྩལ་གངས་ལྗོངས་ས་མཐོར་ཁྱབ་གདལ་བཏང་བ་རེད། རྫོང་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དམ་ཟབ་འཛུགས་པར་ཕན་འབྲས་ཐོན་པ་དང་། ཁུལ་དང་། རྫོང་། ཤང་བཅས་ལ་ཁྱབ་པའི་ས་ཁོངས་ཀྱི་བརྙན་པར་ལས་སྟེགས་བསྐྲུན་པ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་4རྒྱལ་ཁབ་ཀྱི་འོས་སྦྱོར་ཚད་གཞིར་སླེབས་པ། རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་5རིམ་ལྡན་སྨན་ཁང་དཔྱད་ཞིབ་བརྒྱུད་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ནད་བརྟག་སྨན་བཅོས་ལག་རྩལ་དང་དེ་བཞིན་སྨན་རྫས་བཟོ་བའི་རྣམ་གྲངས་ལ་ཞིང་ཆེན་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ། རིམ་པ་གསུམ་པའི་སྨན་ཁང་གིས་ཁ་གཏད་རོགས་སྐྱོར་དང་། “ཞིང་ཆེན་གྱིས་དོ་དམ་དང་རྫོང་དུ་སྤྱོད་པ”དང་དེ་བཞིན“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི“ཕྱོགས་གཉིས་མཉམ་སྐྱོད”བྱས་ཡོད། སྨན་བཅོས་སྔོན་དང་སྨན་རིན་རྗེས་སུ་སྤྲོད་པ་དང་། བརྟག་དཔྱད་འབྲས་བུ་ཕན་ཚུན་ཁས་ལེན། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་དོན་ཚན་མང་པོ་ཞིང་ཆེན་བརྒལ་ནས་སྒྲུབ་པ། སྨན་བཅོས་རོགས་སྐྱོབ་བྱེད་ཁྱོན་རྒྱ་སྐྱེད་བཏང་བ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི་ནད་བཅོས་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་ནུས་ལྡན་བཏང་ཡོད།
སྤྱི་ཚོགས་འགན་སྲུང་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་པ།
གཞི་རྩའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་96%ཡན་བརྟན་པོ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་དང་། སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་ཕྱིན་ཡོད། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ནང་ཞུགས་པའི་ཁེབས་ཚད་68%ནས་95%བར་འཕར་ཡོད། རིམ་རྩིས་བརྒྱབ་ན་རིགས་ཁག་གི་རོགས་སྐྱོབ་དངུལ་སྒོར་དུང་ཕྱུར་2.18བཏང་ཡོད། གཅིག་སྡུད་འཚོ་སྐྱོང་དང་ཁ་ཐོར་དུ་སྡོད་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སོ་སོར་མི་རེར་ཟླ་རེར་སྒོར་2010དང་སྒོར་1370བར་སྤར་ཡོད། གསོས་ཕྲུག་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་2264.74སྤྲད་པ་དང་། “རྒན་རྒོན་གཅིག་དང་ཆུང་བ་གཅིག”གི་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་། དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་ལ་གཟིགས་སྐྱོང་མ་དངུལ་སྒོར་ཁྲི་3446.01དང་། དབང་པོ་སྐྱོན་ཅན་ལ་ཁ་གསབ་རོགས་དངུལ་ཁག་གཉིས་སྒོར་ཁྲི་1457.46སྤྲད་པ་རེད།
རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཡོད།
རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། མི་རིགས་གླུ་གར་ཟློས་གར《ལོ་ངོ་སྟོང་གི་སྒྲ་དབྱངས》ཞེས་པར་ཞིང་ཆེན་ཡོངས་ཀྱི་སྐབས་བཅོ་བརྒྱད་པའི་ཟློས་གར་གསར་པའི་ལེ་ཚན་འཁྲབ་སྟོན་ཕུལ་བྱུང་གི་བྱ་དགའ་ཨང་དང་པོ་ཐོབ། རིགས་ཁག་གི་རིག་གནས་དམངས་ཕན་བྱེད་སྒོ་ཐེངས་2070སྤེལ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གསོན་ཤུགས་རྒྱས་པའི་གྲུབ་འབྲས་མངོན་གསལ་ཐོབ། དམར་དམག་རྒྱང་སྐྱོད་དངོས་མང་བཤམས་མཛོད་ཁང་དེ་ཡུན་ནན་ཞིང་ཆེན་རྒྱལ་ཡོངས་གསར་བརྗེའི་གཞི་རྒྱུའི་མཛོད་དུ་ཚུད་པའི་རོགས་སྐྱོར་རྣམ་གྲངས་གཅིག་པུ་དེར་གྱུར།
ཉེན་ཁར་དོགས་ཟོན་བྱ་རྒྱུར་མཐོང་ཆེན་བྱས་ཏེ་འཕེལ་རྒྱས་བཏང་བའི་རྨང་རྡོ་ནི་རྩ་བ་བརྟན་ཞིང་རྨང་གཞི་བརྟན་དུ་བཏང་བའི་ཁྲོད་དེ་བས་སྲ་བརྟན་དུ་བཏང་བ།
གཞི་ཐིག་གི་བསམ་བློ་བརྟན་པོ་བཙུགས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བཏོན་པ།
སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ངང་བརྟན་དུ་ཕྱིན་པ།
རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ལྟ་བ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐེངས་ལྔ་པའི་དཔེ་སྟོན་སྣེ་ཁྲིད་འཛུགས་སྐྲུན་ལས་གཞི་ལག་བསྟར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་1དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཤང་(གྲོང་རྡལ)3 མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་སྡེ་15བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཡུལ་སྐོར་དང་ལུས་རྩལ་ལ་བརྟེན་ནས་“འགྲིམ་འགྲུལ་གསུམ་”ལ་སྐུལ་འདེད་བཏང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་ལྷན་འདྲེས་ལྟ་བུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཁུལ་གཉིས་བསྐྲུན་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཆོས་ལུགས་འཆམ་མཐུན་རིམ་ལྡན་གྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་བཏང་ཡོད།
སྤྱི་ཚོགས་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ།
ཁྲིམས་ལྟར་ཁུལ་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། བརྒྱད་ལྔའི་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་ཞིང་། བཅའ་ཁྲིམས་“བདུན་སྤེལ་”གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། ཁྲིམས་སྐྱོང་གི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་བཏང་ཡོད། ཁུལ་ཡོངས་ཀྱི་བདེ་འཇགས་དང་ཉེས་དོན་གྱོད་གཞི་འབྱུང་ཚད་སོ་སོར་28.52%དང་16.02%མར་ཆག་ཡོད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆེད་དོན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ལོ་ཧྲིལ་པོར་འགལ་བ་དང་རྩོད་གཞི་སེལ་ཚད་96.62%ཟིན་ཡོད།
ཉེན་ཁ་འགོག་ཟོན་ནུས་ལྡན་བྱུང་བ།
སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲིད་གཞུང་གིས་ཁེ་ལས་ཀྱི་བུ་ལོན་ཆད་འགྱངས་བྱས་རིགས་གཙང་འཇལ་བྱས་པས། བུ་ལོན་གྱི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད། སློབ་གྲྭའི་བཟའ་བཅའ་དང་། གྲོང་གསེབ་ཀྱི་བཟའ་བཅའ། སྨན་རྫས་གཉེར་སྐྱོང་ལྷུ་ཚིགས་བཅས་ལ་“འབྱུང་རྩ་གཙང་སེལ་”སོགས་ཆེད་དོན་བཅོས་སྐྱོང་བྱས་ནས་བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པོ་ཁྲི་1.2ལ་ལྟ་སྐུལ་དོ་དམ་ཏན་ཏིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཡོང་བར་འགན་སྲུང་ཏན་ཏིག་བྱས་ཡོད། གནོད་འགོག་གནོད་སེལ་གནོད་སྐྱོབ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཁུལ་ཡོངས་ཀྱི་ཉེན་གཡོལ་གནས་ཡུལ་མཐོར་འདེགས་བསྒྱུར་བཅོས་དང་དོ་དམ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ། བདེ་འཇགས་ཐོན་སྐྱེད་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་ཏན། རྩ་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད་ལག་བསྟར་ཏན་ཏིག་བྱེད་པ། ལས་འཛོལ་ཆེན་པོའི་མངོན་མེད་རྐྱེན་ངན་ཁག་435ཞིབ་བཤེར་དང་ལེགས་བཅོས་བྱེད་པ། ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཐོན་ཚད་6.7%ཆག་པ། བགྲོད་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་མི་སྣ་ཤི་ཚད་ལོ་གོང་མ་ལས་ཆག་པ་བཅས་ཀྱིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་མུ་མཐུད་བརྟན་དུ་ཕྱིན་ཡོད། བྱེད་སྒོ་སྣ་ཚོགས་བདེ་འཇགས་ངང་སྒྲིག་འཛུགས་བྱེད་པའི་འགན་ལེན་བྱས་ནས་འབའ་ལུང་གི“3·22”དང་འཇོལ་རྫོང་གི“5·31”སོགས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེར་ཁ་གཏད་ཡག་པོ་བཅག་ནས་མི་སྣར“ཤི་རྨས་གཅིག་ཀྱང་མེད་པ”བྱས་པས་རྒྱལ་ཁབ་འཕྲལ་སྡོམ་པུའུ་ཡིས་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་ཡོད། ཡོམ་འགོག་གེགས་སེལ་གྱི་“2421”ཁ་གཏད་བྱ་ཐབས་གསར་གཏོད་དང་འཛུགས་སྐྱོང་བྱས་ནས་བརྡ་ལན་མྱུར་སྤྲོད་དང་། མགྱོགས་མྱུར་སྟོབས་ཤུགས་མངག་གཏོང་། ལས་ཕྱོད་ཆེ་ལ་གོ་རིམ་ལྡན་པའི་ངང་ཐག་གཅོད་བཅས་བྱེད་པའི་ས་ཡོམ་འཕྲལ་སྡོམ་ལས་དོན་གྱི་བརྒྱུད་རིམ་ཆགས་པར་བྱས་ཡོད། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བས་ཡིག་བསྐུར་ངོ་བཅར་གྱི་སྒྲིག་ལམ་རྒྱུན་མཐུད་ལེགས་སུ་སོང་བ་དང་མང་ཚོགས་བློ་ཡིད་ཚིམ་ཚད་བརྟན་པོའི་ངང་འཕར་ཡོད།
ལོ་གཅིག་གི་རིང་ང་ཚོས་དངོས་འཛིན་དངོས་སྒྲུབ་བྱེད་པར་དོ་སྣང་བྱས་པ་དང་། སྲིད་གཞུང་རང་ངོས་ལེགས་སྐྱོང་བྱེད་པ་དེ་འགན་འཁུར་བ་དང་བྱས་རྗེས་འཇོག་པའི་ཁྲོད་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བློ་སྟོབས་གཅིག་ཏུ་བསྒྲིལ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་ཏན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་གཏིང་ཟབ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་“སྤྱོད་ཚུལ་བཞི་”ཡོ་བསྲང་། སྲིད་གཞུང་གི་མ་ལག་གིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བར་སྐུལ་འདེད་གཏིང་ཟབ་དང་དངོས་དོན་གཉེར་བ་བཅས་བྱས་ཡོད། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་དང་ཆབ་སྲིད་སྐྱེ་ཁམས་ཀྱི་བརྟག་དཔྱད་ཞིབ་འཇུག་བརྒྱུད་རིམ་ལྡན་པའི་སྒོ་ནས་དག་ཐེར་ཡོ་བསྲང་བྱས་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་རྒྱུ་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ནས་རང་འགུལ་ངང་ཁུལ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་དང་ལེན་ཞུས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་107དང་སྲིད་གྲོས་ཀྱི་གྲོས་གཞི་133སྒྲུབ་གཉེར་བྱེད་སྤུས་ལེགས་པོ་བྱས་ཡོད། གྲོན་ཆུང་བསྲི་ཚགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་པས་ཁུལ་རིམ་པ་དེ་གའི“གཞུང་གྲོན་གསུམ”མུ་མཐུད་ཆག་པ་དང་སྲིད་གཞུང་ཁོངས་གཏོགས་ཀྱིས་སྒྲིག་ཁྲིམས་སྲུང་བ་དང་། སྒྲིག་ལམ་ལ་སྣང་ཆེན། ལས་དོན་སྒྲུབ་མཁས་པ་བཅས་ཀྱི་རྣམ་པ་སྔར་བས་ཇེ་ཟབ་ཏུ་ཕྱིན་ཡོད།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
2025ལོར་བདེ་ཆེན་ཁུལ་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།
མཐོ་སྒང་གི་ལེའུ་གསར་པ་བྲིས། བློ་སེམས་གཅིག་མཐུན་གྱིས་རྒྱང་རིང་ལ་བསྐྱོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས་པའི་ཟུར་བྲིས།
གྲོས་གཞི་སྒྲུབ་ཚད་100%ཟིན་ནས་བློ་ཡིད་ཚིམ་ཚད་96.6%ཟིན་པ་དང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་གཉེར་སྒྲུབ་ལ་ཕན་འབྲས་ཐོབ་པ།
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་སྒྲུབ་པར་གྲུབ་འབྲས་མངོན་གསལ་ཐོབ།ཨུ་ཡོན་བློ་ཡིད་ཚིམ་ཚད་100%ཟིན།
2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན། (དང་པོ།)
ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས།
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་མགོ་བརྩམས།
མདོ་འཛིན་པས་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐོར་བཤད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
