中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།

ཁྱབ་བསྒྲགས་དུས་ཚོད་:2026-01-22 16:38:56 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

(2026ལོའི་ཟླ་1པོའི་ཚེས་21ཉིན་སྲིས་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་།)

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་དེ་2026ལོའི་ཟླ་1པོའི་ཚེས་18ཉིན་ནས་ཚེས་21ཉིན་བར་སེམས་ཀྱི་ཉི་ཟླར་འཚོགས།

གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགོ་ཁྲིད་འོག  བདེ་ཆེན་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་གཏན་འབེབས་དང་ལག་བསྟར་ལ་དམ་པོར་དམིགས་ནས་སྲིད་དོན་གྲོས་བསྡུར་དང་། ཐབས་འདོན་ཇུས་འབུལ། ངོས་འཛིན་གཅིག་མཐུན་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྡུད་བཅས་གཏིང་ཟབ་བྱས་པ། གྲོས་ཚོགས་ཀྱིས་དར་ཆ་མཐོན་པོ་བསྒྲེངས་བ་དང་། དམངས་གཙོ་དང་མཐུན་སྒྲིལ། སྲོལ་བཟང་སྤྱོད་བཟང་བཅས་བྱས་པས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན་སྤེལ་བ། ངར་ཤུགས་སྐུལ་སློང་བྱེད་པ། སེམས་ནུས་གཅིག་སྒྲིལ་བཅས་ཀྱི་ཚོགས་ཆེན་ཐེངས་ཤིག་ཡིན།

གྲོས་ཚོགས་ཀྱི་རིང་།  ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝེ་ཏུང་སོགས་འགོ་ཁྲིད་བློ་མཐུན་གྲོས་ཚོགས་སུ་ཞུགས་པ་དང་།  ཚོགས་ཆེན་གྱི་གཏམ་བཤད་ཉན་པ་དང་། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ནང་ཞུགས་པ། ཨུ་ཡོན་དང་མཉམ་དུ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་གྲོས་བསྡུར་བྱས་པ་རེད།   གྲོས་ཚོགས་ཐོག་བློ་མཐུན་མིའོ་ཡིའུ་ཧྥ་ཡིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ཞུས་པའི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་ཏེ་ཆོག་མཆན་བཀོད་པ་དང་། བློ་མཐུན་ཁྲེན་ཅུན་མིང་གིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་གྲོས་གཞི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་ཆོག་མཆན་འགོད་པ་རེད། གྲོས་ཚོགས་ཐོག་བློ་མཐུན་དབྱང་ཙི་ཅང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་གསབ་འདེམས་བྱས།  ཚོགས་ཞུགས་ཨུ་ཡོན་རྣམས་བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པར་ཟུར་ཞུགས་བྱས་པ་དང་།  ཁུལ་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ།  ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་བཅས་ཉན་པ་མ་ཟད་གྲོས་བསྡུར་བྱས།  《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རྩ་གནད་(འཆར་ཟིན)》དང་སྙན་ཞུ་གཞན་དག་ལ་གྲོས་བསྡུར་བྱས་པ་དང་།  གོང་གསལ་གྱི་སྙན་ཞུར་མོས་མཐུན་བྱས་པ་དང་འབྲེལ་བསམ་འཆར་དང་གྲོས་འཆར་འདོན་ཡོད།

བློ་མཐུན་ལུའོ་ཁྲའོ་ཧྥེང་གིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་སྟེ།  ཕྱོགས་ཡོངས་ནས་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་དང་2025ལོའི་རང་ཁུལ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དང་།  རང་ཁུལ་གྱི་རིམ་པ་ཁག་གི་སྲིད་གྲོས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་བསྒྱུར་བཅོས་དང་འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་སྤྱི་ཡོངས་ལ་ཞབས་འདེབས་ཞུ་བའི་ཁྲོད་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་།  ཁུལ་ཡོངས་ཀྱི་སྲིད་གྲོས་ལས་ཀོན་ཡག་པོ་སྒྲུབ་རྒྱུ་ལ་བླང་བྱ་གསལ་པོ་བཏོན་པ་དང་།   ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ནུས་ཤུགས་ཆེན་པོས་སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་སྤེལ་བའི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་པར་ནན་བཤད་བྱས།  གསུང་བཤད་ནང་ཁུལ་ཨུ་ཡིས་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྲིད་གྲོས་ཨུ་ཡོན་ལ་རེ་བ་ཟབ་མོ་བཅངས་པར་མཚོན་ཡོད། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པར་བསྟན།

གྲོས་ཚོགས་ཐོག་2025ལོར་ཀྲུང་གུང་བདེ་ཆེན་ཁུལ་ཨུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཡོད་པ་དང་། ཀྲུང་གུང་ཡུན་ནན་ཞིང་ཨུའི་འགོ་ཁྲིད་སྟོབས་ལྡན་འོག  ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ་“འགྲན་སློང་བཞི་”ལ་ཧུར་ཐག་དང་རང་འགུལ་ངང་ཁ་གཏད་གཅོག་པ། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་ཁག་ཐེག་བྱས་པ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་སྐུལ་སྤེལ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་ཡོད་པར་ངོས་འཛིན་བྱུང་།  ཨུ་ཡོན་རྣམས་ཀྱིས་རང་ཁུལ་གྱི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་སྤོབས་པ་ཆེན་པོ་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་2026ལོའི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པ་ལ་ཡིད་ཆེས་ཀྱིས་ཁེངས་པ་མ་ཟད། ཁུལ་སྲིད་གཞུང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་ཀྱང་བྱས་པ་རེད།

གྲོས་ཚོགས་ཐོག་བསྟན་དོན།  2025ལོར་ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགོ་ཁྲིད་འོག  ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི“ཆབ་སྲིད་སྲིད་གྲོས་”འཛུགས་སྐྱོང་བྱས་ཡོད་པ་དང་། ལྟེ་གནས་ཀྱི་ཁྱོན་ཡོངས་ལ་དོ་གནད་བྱས་ཏེ་འགན་འཁུར་པའི“འགན་འཁྲི་སྲིད་གྲོས་”འཛུགས་སྐྲུན་བྱས་པ། མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་སེམས་ལ་འཛིན་པའི་“མི་དམངས་ཀྱི་ཆེད་དུ་བྱེད་པའི་སྲིད་གྲོས་”འཛུགས་སྐྱོང་བྱས་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱས་ཏེ་མཐུན་སྒྲིལ་དང་འབད་བརྩོན་བྱེད་པའི“འཆམ་མཐུན་སྲིད་གྲོས་”འཛུགས་སྐྲུན་བྱས་པ། རྨང་རྩ་གཉིས་བརྟན་ལ་ཤུགས་རྒྱག་སྟེ་དངོས་གཉེར་ནུས་ཆེའི་“ནུས་ཕྱོད་ཀྱི་སྲིད་གྲོས་”འཛུགས་སྐྲུན་བྱས་ཡོད་པས་སྲིད་གྲོས་བྱ་གཞག་ཁག་ཡར་ཐོན་གསར་པར་བྱུང་ཡོད་པ་དང་།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།  ཨུ་ཡོན་རྣམས་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་དང་གྲོས་གཞི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གཉིས་ཀྱི་ནང་2025ལོའི་ལས་ཀར་ཕྱོགས་བསྡོམས་བྱས་པ་དེ་དོན་དངོས་དང་མཐུན་པ་དང་ཁུལ་སྲིད་གྲོས་ཀྱིས་འགན་འཁྲི་སྒྲུབ་པའི་ཁྱད་ལྡན་བཟང་ཆ་དང་ལས་ཀའི་ཕན་འབྲས་གང་ལེགས་མཚོན་ཡོད།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  2026ལོར་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དེ།  ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་དང་སྲིད་གྲོས་ལས་དོན་ཐད་ཀྱི་བླང་བྱ་ལ་གཞིགས་བཟུང་བ་དང་།  ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་དང་། བརྟན་ལྷིང་དང་འཕེལ་རྒྱས།  སྐྱེ་ཁམས།  མཐའ་མཚམས་སྲ་བརྟན་བཅས་དོན་ཆེན་བཞི་ལ་དམ་པོར་དམིགས་པ། “ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཡག་པོ་ཚུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་ཐིག་ཏུ་བྱས་ནས། ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་དུ་བཏང་བ་རྒྱུན་སྲིང་ལག་བསྟར་བྱེད་དེ་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐོག་མཐོ་འདེགས་གསར་པ་མངོན་འགྱུར་བྱུང་དགོས། ལྟེ་བ་དང་སྤྱི་ཡོངས་ལ་དམ་པོར་དམིགས་པ་རྒྱུན་སྲིང་ལག་བསྟར་བྱེད་དེ་རང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལེགས་སྐྱེས་གསར་པ་ཕུལ་དགོས། ཐོག་མའི་བསམ་འདུན་དོན་གཉེར་བྱེད་པ་རྒྱུན་སྲིང་ལག་བསྟར་བྱེད་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་འཚོལ་ཞིབ་བྱེད་པའི་ཐད་གོམ་སྟབས་གསར་པ་སྤོས་དགོས། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱེད་པ་རྒྱུན་སྲིང་ལག་བསྟར་བྱེད་དེ་མཐུན་སྒྲིལ་དང་མཛའ་མཐུན་གྱི་རྣམ་པ་རྒྱ་ཆེར་གཏོང་བའི་ཐད་འགན་འཁྲི་གསར་པ་མངོན་དགོས། རྨང་རྩ་གཉིས་བརྟན་ལ་དོ་སྣང་ཆེན་པོ་བྱེད་པ་རྒྱུན་སྲིང་ལག་བསྟར་བྱེད་དེ་སྲིད་གྲོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་གྲུབ་འབྲས་གསར་པ་ཐོབ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མི་སེམས་དང་ངོས་འཛིན་གཅིག་མཐུན། བློ་རིག སྟོབས་ཤུགས་བཅས་གཅིག་སྒྲིལ་བྱེད་དགོས།

གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན།  ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཞུགས་མཁན་སྡེ་ཚན་ཁག་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་དེ་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགོ་ཁྲིད་སྟོབས་ལྡན་འོག ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་སྒྲུབ་སེམས་ལ་བརྟེན་ནས་བསམ་བློ་བཅིངས་འགྲོལ་དང་བསྒྱུར་བཅོས་གསར་གཏོད།  སྙིང་སྟོབས་ཆེ་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་དང་།  དམ་འཛིན་དངོས་སྒྲུབ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་པའི་ཆེད་དུ་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

 

 (2026 年 1 月 21 日政协迪庆藏族自治州第十三届委员会第五次会议通过)   中国人民政治协商会议迪庆 藏族自治州第十三届委员会第五 次会议,于 2026 年 1 月 18 日至 21 日在香格里拉举行。

会议坚持以习近平新时代中 国特色社会主义思想为指导,在中 共迪庆州委领导下,紧扣迪庆“十 五五”规划制定实施深入协商议 政、建言献策,凝聚共识、汇聚力 量。会议高举旗帜、民主团结、风清 气正,是一次统一思想、增进共识、 鼓舞干劲、凝心聚力的大会。

 会议期间,中共迪庆州委书 记罗朝峰,州委副书记、州长张 卫东等领导同志出席会议,听取 大会发言、参加联组会议、与委 员共商迪庆高质量发展大计。会 议审议批准苗有发同志代表政协 迪庆州第十三届委员会常务委员 会所作的工作报告,审议批准陈 俊明同志代表政协迪庆州第十三 届委员会常务委员会所作的提案 工作情况的报告。会议补选杨梓 江同志为州政协副主席。与会委 员列席了迪庆州第十四届人民代 表大会第六次会议,听取并讨论 了州人民政府工作报告、州中级 人民法院工作报告、州人民检察 院工作报告,讨论了《迪庆藏族 自治州国民经济和社会发展第十 五个五年规划纲要(草案)》及其 他报告,对上述报告表示赞同并 提出意见建议。

罗朝峰同志在开幕会上的讲 话,全面总结回顾了“十四五”时 期及 2025 年我州各项事业取得 的成绩,充分肯定了我州各级政 协和广大政协委员在服务改革发 展稳定大局中作出的贡献,对做 好全州政协工作提出了明确要 求,强调全州各级党委和政府要 大力支持政协按照章程开展工 作。讲话体现了州委对政协工作 的高度重视和对政协委员的殷切 希望,广大政协委员一致表示要 深入学习领会,坚决贯彻落实。

会议认为,2025 年中共迪庆 州委坚持以习近平新时代中国特 色社会主义思想为指导,在中共 云南省委的有力领导下,紧扣省 委“3815”战略发展目标,积极主 动应对“四重挑战”,以稳定确保 发展,以发展促进稳定,长治久 安和高质量发展取得新成效。委 员们为我州各方面取得的成绩倍 感自豪,对完成“十五五”规划和 2026 年目标任务充满信心,对州 政府的工作给予高度评价。

会议指出,2025 年州政协及 其常委会在中共迪庆州委领导 下,强化政治引领,建设对党忠诚 的“政治政协”;聚焦中心大局,建 设担当作为的“责任政协”;坚持 履职为民,建设心系群众的“为民 政协”;广泛凝聚共识,建设团结 奋进的“和谐政协”;着力强基固 本,建设务实高效的“效能政协”, 各项政协事业取得新进步,为推 进中国式现代化迪庆实践作出了 积极贡献。委员们一致认为,常委 会工作报告和提案工作情况报告 对 2025 年的工作总结符合实际, 充分体现了州政协履职的特色亮 点和工作成效。

 

 

 

会议强调,2026 年州政协常 委会要坚持以习近平新时代中国 特色社会主义思想为指导,按照 州委九届十次全会的安排部署及 对 政 协 工 作 的 要 求 ,紧 扣 省 委 “3815”战略发展目标和稳定、发 展、生态和边疆稳固四件大事,以 助推“十五五”开好局起好步为主 线,一以贯之突出政治引领,在夯 实思想根基上实现新提升;一以 贯之紧扣中心大局,在助推我州 高质量发展上做出新贡献;一以 贯之践行初心使命,在探索为民 服务路径上迈出新步伐;一以贯 之广泛凝聚共识,在拓展团结联 谊格局上彰显新担当;一以贯之 注重强基固本,在加强政协自身 建设上取得新成效,为推进中国 式现代化迪庆实践凝聚人心、凝 聚共识、凝聚智慧、凝聚力量。

会议号召,全州各级政协组 织、政协各参加单位和广大政协 委员,要更加紧密地团结在以习 近平同志为核心的中共中央周 围,在中共迪庆州委的有力领导 下,以高度的政治责任感和历史 使命感,解放思想、改革创新,奋 发进取、真抓实干,为奋力谱写 中国式现代化迪庆新篇章贡献智 慧和力量!

责任编辑:江初卓玛  万玛措 

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།

སེམས་ནུས་གཅིག་སྒྲིལ་གྱིས་འཆར་གཞི་བཏབ། དཔའ་མཛངས་རྟུལ་ཕོད་ཀྱིས་འགྲུལ་བཞུད་གསར་པར་བསྐྱོད།——ཁུལ་དམངས་ཆེན་འཐུས་མིས་ཚོ་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”རྩ་གནད་(འཆར་ཟིན་)ཞིབ་དཔྱད་བྱེད་པའི་ཟུར་བྲིས། 

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཁྱོན་གྲོས་གཞི་142འབྱོར་བ་དང་གྱོད་གཞི་139ཐོ་འགོད་བྱས།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་རྒྱལ་ཁའི་ངང་གྲོལ་བ།

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ལུའོ་ཁྲའོ་ཧྥེང་སོགས་ཚོགས་འདུར་ཞུགས།

ཀྲང་ཝེ་ཏུང་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ས་ཁོངས་ཀྱི་གནས་ཚད་གསར་པར་གཞི་ཚུགས་ཏེ་འབའ་ལུང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “སྲིད་གཞུང་ཆགས་སའི་”ངེས་གནས་གཞི་རྩར་འཛིན་ཏེ་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཁུལ་ཡོངས་ལས་དོན་ཁག་གི་མདུན་དུ་བསྐྱོད་དེ་དཔེ་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com