中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁྱབ་བསྒྲགས་དུས་ཚོད་:2026-04-03 16:48:45 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་2ཉིན། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུ་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་།  ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་ལས་དོན་སྐོར་ཁྱོན་ཡོངས་ནས་ལག་བསྟར་བཀོད་སྒྲིག་བྱས། ཁུལ་ཨུའི་བླང་བྱ་ལྟར། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས།  ཚོགས་འདུའི་ཐོག་མིག་མངས་འགྲིག་སྐོར་གཅིག་ཞེས་པའི་བསམ་བློ་སྔར་ལས་ཤུགས་སྣོན་བརྒྱབ་སྟེ། ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། 

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་། 

    ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་རྣམ་གྲངས་མ་འཇོག་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ནས།  ཁུལ་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་བྱས་ཚུལ་བརྡ་ཁྱབ་བཏང་། རྫོང་དང་གྲོང་ཁྱེར། སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀའི་གནས་ཚུལ་ལ་སྙན་སེང་ཞུ།

    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མགོ་བསྒུར་ནས་བལྟ་ཞེས་པའི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་ཚིགས་དང་པོ་བརྟན་པོའི་ངང་འགོ་འཛུགས་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་བསྒྲུབ་རྒྱུར་སྤྲོད་པའི་རྫོང་དང་གྲོང་ཁྱེར་གཅིག་ལ་གསལ་ཐོ་གཅིག་དང་སྡེ་ཚན་གཅིག་ལ་གསལ་ཐོ་གཅིག་ཞེས་པར་དམིགས་ནས་རིམ་པ་རེ་རེ་བཞིན་ལས་ཀའི་འགན་འཁྲི་སྲ་བརྟན་དུ་གཏོང་བ་མ་ཟད། དུས་ཐོག་ཏུ་ལས་ཀའི་ཆེད་དམིགས་འཛིན་གྲྭ་འཛུགས་པ་དང་ཚན་རིག་དང་མཐུན་པའི་ལས་ཀའི་བྱ་ཐབས་ཇུས་འགོད་བྱེད་པ། དུས་ཚོད་ཀྱི་མྱུར་ཚད་ཁ་གསལ་བཟོ་བ་བཅས་བྱས་ནས། ལས་ཀའི་ལས་འགན་ཁག་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས། ལྐོག་འདྲི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་། མགོ་ཡར་བཀྱགས་ནས་ལྟ་ཞེས་པའི་དུས་ཚིགས་གཉིས་པ་དང་ཐ་ན་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་དོ་སྣང་ཆེན་པོ་བྱས་ཏེ། ལས་དོན་ཁག་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་སློབ་སྦྱོང་དང་ལས་སྒོ་ཞིབ་འཇུག་སྔར་ལས་གཏིང་ཟབ་གཏོང་ནས། སྲིད་ཇུས་ཀྱི་གཏན་འབེབས་གསར་ཤོས་དང་ལས་སྒོའི་ཚད་གཞི་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ།  སྲིད་ཇུས་བེད་སྤྱོད་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཇུས་འདོན་ལས་རོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཞིབ་འཇུག་གཏིང་ཟབ་དང་གཞི་གྲངས་གསལ་རྟོགས། གཅིག་གྱུར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས། གཅིག་གྱུར་ཡོང་བ་དང་གྲངས་གཞི་དོན་དངོས་ལ་འཁེལ་བ། ཚོང་གཉེར་ཡོང་འབབ་ཀྱི་གཞི་གྲངས་མཛོད་ཁང་དུ་བླུགས་དགོས། 

    ཚོགས་འདུའི་ཐོག་བླང་བྱ་གནང་དོན།   མིག་སྔར་ནི་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་འགག་རྩའི་དུས་སྐབས་ཡིན་ལ། ལྷག་པར་དུ་དྭངས་གསལ་དུས་ཚིགས་འཆར་ཉེར་ཡོད་པས། མེ་ཟོན་གྱི་དུས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བ་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་ནགས་ཚལ་མེ་ཟོན་གྱི་རྩ་བར་དམ་པོར་དམིགས་ནས། བསམ་བློ་སྦྲིད་པ་དང་སྟེས་དབང་གི་བསམ་ཚུལ་སེམས་ཐག་གཙང་བཅད་པ། འབྱུང་ཁུངས་དོ་དམ་ཚོད་འཛིན་ལ་དམིགས་ནས། གཙོ་གནད་ས་ཁོངས་དང་གཙོ་གནད་དུས་མཚམས་ཀྱི་སྐོར་ཞིབ་སྐོར་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་ནན་མོ་བྱེད་དགོས།  ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། 

    དབྱང་ཞུའེ་ཝུན་དང་ཧུའུ་ཧྥེ་ཞུང་། ཡུས་ཀུའེ་ཧྥུན། ལིན་ཧའོ། མ་གོ་ཀྲུང་། ཀྲོང་ཞའོ་ཕིང་། རྫོང་དང་གྲོང་ཁྱེར། སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་དང་དེ་བཞིན་ཁུལ་ཐད་གཏོགས་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུ་ནང་ཞུགས། 

  • བདེ་ཆེན་གསར་འགྱུར།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།

རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com