འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྐྱེ་ཁམས་ཀྱི་བདེ་ཆེན། བྱ་རིགས་འཚོ་སྡོད་ཀྱི་གནས་མཆོག་ཞེས་པའི་བྱ་གཟིགས་དུས་ཆེན་སྐབས་བརྒྱད་པ་དངོས་སུ་སྤེལ་འགོ་ཚུགས།
འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྐྱེ་ཁམས་ཀྱི་བདེ་ཆེན། བྱ་རིགས་འཚོ་སྡོད་ཀྱི་གནས་མཆོག་ཞེས་པའི་བྱ་གཟིགས་དུས་ཆེན་སྐབས་བརྒྱད་པ་དེ་ཟླ་1པོའི་ཚེས་22ཉིན་སེམས་ཀྱི་ཉི་ཟླ་ས་མཐོའི་སྐྱེ་དངོས་གླིང་དུ་དངོས་སུ་སྤེལ་འགོ་ཚུགས། སྐབས་འདིའི་བྱེད་སྒོ་སྤེལ་ཡུན་ནི་ཉིན་4ཡིན། བྱེད་སྒོ་ནང་རྒྱལ་ནང་གི་བྱ་རིགས་ལ་ལྟད་མོ་ལྟ་དགའ་མཁན་དང་སྐྱེ་ཁམས་རིགས་གཅིག་མཁས་ཅན། ཆེད་ལས་བྱ་རིགས་ལ་ལྟ་བའི་རུ་ཁག་བཅས་འདུ་འཛོམས་བྱུང་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་བྱ་རིགས་ལ་ལྟད་མོ་ལྟ་བ་དང་ཡ་རབས་ལྡན་པའི་ངང་བྱ་རིགས་ལ་སྲུང་སྐྱོང་བྱེད་པ་དེ་ལྟེ་བའི་འདུ་ཤེས་སུ་འཛིན་ནས། བྱ་རིགས་ལ་ལྟ་ཞིབ་དང་འགྲན་བསྡུར། ཚན་ཞིབ་སྤེལ་རེས། རིག་གནས་ཡུལ་སྐོར་ཁྱབ་གདལ་བཅས་ཀྱི་སྐྱེ་ཁམས་སྦྲེལ་ཐག་ཆ་ཚང་ཞིག་བཙུགས་ནས། མཉམ་དུ་མཐོ་སྒང་གི་བྱ་རིགས་ཀྱི་གསང་བ་འཚོལ་ཞིབ་དང་སྐྱེ་ཁམས་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་སྟོན་མོ་ཞིག་གི་འགོ་ཚུགས་ཡོད

བདེ་ཆེན་ཁུལ་ནི་ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། གཙང་གསུམ་མཉམ་རྒྱུག་ཞེས་པའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་ཁུལ་ཡིན་པ། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གླེང་མང་ས་ཁོངས་གསུམ་གྱི་འདུ་འཛོམས་ཁུལ་ཞིག་ཀྱང་ཡིན་པས། སྐྱེ་ཁམས་ཀྱི་གནས་བབ་མངོན་གསལ་དོད་པོ་ཡོད། གནས་འདི་གར་ནགས་ཚལ་ཁེབས་ཚད་63.98%ཟིན་པ་དང་། རྙོག་འཛིང་ཆེ་བའི་ས་དབྱིབས་དང་གནམ་གཤིས་ལས་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པོ་བྱུང་། མིག་སྔར་བྱ་རིགས་67གྱི་སྣ་ཁ་500ལྷག་ཙམ་ཟིན་ཐོ་ནང་བཀོད་ཡོད། ལོ་ལྟར་གྱི་དགུན་དུས་སུ་ཁྲུང་ཁྲུང་སྐེ་ནག་དང་བྱ་བཞད་ནག་སོགས་རྩ་ཆེ་བའི་དུས་བྱ་མང་པོ་དུས་བཀག་ལྟར་ནགས་ཕག་མཚོར་སླེབས་ནས་དགུན་སྐྱེལ། བྱ་རིགས་སྣ་མིན་སྣ་ཚོགས་མཚོ་ངོས་སུ་ལྡིང་སྐོར་རྒྱབ་ནས་མཛེས་སྡུག་པའི་རྣམ་པ་ཆགས་ཏེ། བདེ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བའི་གསོན་ཉམས་ལྡན་པའི་མཚོན་རྟགས་ཤིག་ཏུ་གྱུར།

ཐེངས་འདིའི་བྱ་གཟིགས་བྱེད་སྒོའི་ནང་ནང་དོན་དང་རྣམ་པའི་ཐད་སྔར་བས་གསར་གཏོད་རིམ་སྤོར་བྱས་པ་དང་ཆུ་ཚོད་33ནང་བྱ་རིགས་ལ་ལྟད་མོ་ལྟ་བའི་འགྲན་བསྡུར་བྱས་ཤིང་། འགྲན་བསྡུར་གྱི་དུས་ཚོད་ནི་ཟླ་1པོའི་ཚེས་22ཉིན་གྱི་ཆུ་ཚོད་8ནས་འགོ་ཚུགས་ཏེ་ཟླ་1པོའི་ཚེས་23ཉིན་གྱི་ཆུ་ཚོད་17དང་སྐར་མ་30བར་མཇུག་འགྲིལ་རྒྱུ། འགྲན་བསྡུར་ཁྱབ་ཁོངས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དང་། ཉི་ཤར་ཤང་། ལྔ་ཤོག་ཤང་། འཇོལ་རྫོང་ཐང་སྟེང་ཤང་། བྲག་ཞབས་ཤང་། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་ཡུག་ཁུལ་ཆེན་མོ་གསུམ། དེའི་ནང་ནགས་ཕག་མཚོ་དང་རི་མཐོའི་རྩི་ཤིང་གླིང་། སྔ་མོ་གྲོང་། ཤྭ་ཁ་གངས་རི། ཀུན་གམ་གྲོང་ཚོ། བྲག་ཞབས་ཤང་། རྒྱ་ཞིང་། མའེ་ཏི་ཆུ་བོ། འབའ་བྲོ་གྲོང་ཚོ། ཞང་ཀུའུ་ཆིང་། དམ་པ་གནས་སོགས་ལྟ་དཔྱད་ཚད་ལེན་བྱ་ཡུལ་གལ་ཆེན་མང་པོ་ཞིག་ཏུ་རྒྱལ་ཡོངས་ཀྱི་ཆེད་ལས་བྱ་རིགས་ལྟ་ཞིབ་རུ་ཁག་8་ཀྱིས་དཔེ་མཚོན་སྐྱེ་ཁམས་ས་ཁོངས་དེ་དག་ཏུ་འགྲན་བསྡུར་བྱ་རྒྱུ་རེད། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་གིས་བྱ་རིགས་ལ་ལྟད་མོ་ལྟ་བའི་ཟིན་ཐོ་དེ་སྟེགས་བུའི་ཐོག་ཐོ་འགོད་བྱེད་དགོས། འགྲན་བསྡུར་མཇུག་འགྲིལ་རྗེས་དཔྱད་ཞིབ་དང་རྩོད་ལན་ཚོགས་འདུ་འཚོགས་ནས་ཕུལ་བྱུང་གི་བྱ་དགའ་དང་། བྱ་རིགས་མཆོག་ཏུ་གྱུར་པའི་བྱ་དགའ། ཟིན་ཐོ་གསར་པའི་བྱ་དགའ། སྔོན་དཔག་ཡག་ཤོས་ཀྱི་བྱ་དགའ་སོགས་ཚོགས་པའི་བྱ་དགའ་དང་དེ་བཞིན་མི་སྒེར་གྱི་པར་ལེན་བྱ་དགའ་ཐོབ་རྒྱུ། བྱ་རིགས་ལ་ལྟད་མོ་ལྟ་བའི་འགྲན་བསྡུར་གཙོ་བོ་ཡོད་པ་མ་ཚད། ཟླ་1པོའི་ཚེས་24ཉིན་ད་དུང་ཁྲུང་ཁྲུང་སྐེ་ནག་གི་དབུས་རྒྱུད་ཁྱུ་ཚོགས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་ནས། རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ་མཐོ་སྒང་གི་དུས་བྱའི་སྲུང་སྐྱོང་ལག་རྩལ་མཉམ་སྤྱོད་བྱས་ཏེ། བདེ་ཆེན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་རིག་གཞུང་གི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད།

བྱེད་སྒོའི་ནང་ཐོག་མཐའ་བར་གསུམ་དུ་རྗེས་ཤུལ་མེད་པའི་ལྟ་དཔྱད་ཚད་ལེན་གྱི་རྩ་དོན་བརྩི་སྲུང་བྱེད་པ་དང་འདུ་ཤེས་དེ་ཡང་འགོ་ཚུགས་མཛད་སྒོའི་གྲོས་འགོའི་ནང་བརྒྱུད་སྤྲོད་གཙོ་བོ་བྱེད་དེ། འགྲན་བསྡུར་ནང་ཞུགས་མཁན་ཚོས་བྱ་རིགས་རྒྱུན་ལྡན་དུ་འཚོ་སྡོད་བྱེད་ས་དང་ཕྱི་རོལ་གྱི་ཁོར་ཡུག་ལ་གཏོར་བརླག་བྱེད་པ་བཀག་འགོག་བྱེད་དགོས་པ་མ་ཟད། སྤྱི་དམངས་ལ་འགན་འཁུར་བའི་སྐྱེ་ཁམས་ཡུལ་སྐོར་གྱི་འདུ་ཤེས་བརྒྱུད་སྤྲོད་བྱེད་དགོས།

ཤེས་རྟོགས་བྱུང་གསལ། སྐྱེ་ཁམས་ཀྱི་བདེ་ཆེན། བྱ་རིགས་ཀྱི་འཚོ་སྡོད་གནས་མཆོག་ཅེས་ཞེས་པའི་བྱ་གཟིགས་བྱེད་སྒོ་སྤེལ་བ་ནས་བཟུང་། སྐབས་བདུན་པ་བདེ་བླག་ངང་སྤེལ་ནས། རྒྱལ་ནང་གི་མཚོ་ཕགས་མཐོ་བའི་ས་ཁུལ་གྱི་ཤུགས་རྐྱེན་ཆེ་བའི་བྱ་རིགས་ལ་ལྟད་མོ་ལྟ་བའི་འགྲན་བསྡུར་དང་སྐྱེ་ཁམས་རིག་གནས་ཀྱི་སྤུས་རྟགས་ཤིག་ཏུ་རིམ་གྱིས་འཕེལ་རྒྱས་ཕྱིན་ཞིང་། རིམ་རྩིས་བྱས་ན། རྒྱལ་ཁབ་ཕྱི་ནང་གི་བྱ་རིགས་ལ་ལྟད་མོ་ལྟ་བའི་མཐུན་ཚོགས་50ལྷག་དང་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་74་ལས་བརྒལ་ཏེ། འདབ་ཆགས་རིགས་277ཐོ་འགོད་བྱེད་པ་དང་། སེམས་ཀྱི་ཉི་ཟླའི་དགུན་དུས་ཀྱི་འདབ་ཆགས་རིགས་ཀྱི་རིགས་དང་ཁྱབ་ཚུལ། དགུན་སྐྱེལ་བའི་ཆོས་ཉིད་བཅས་ཁོང་དུ་རགས་ཙམ་ཆུད་པ་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་བྱེད་པར་རྩ་ཆེའི་གྲངས་གཞི་གསོག་འཇོག་བྱས་ཡོད་ལ། བྱ་རིགས་ལ་ལྟ་སྐོར་བྱེད་པའི་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་བཏོད་ཡོད།

རྒྱུན་མཐུད་རང་བཞིན་གྱི་སྐྱེ་ཁམས་རིག་གནས་ལག་ལེན་བརྒྱུད། བདེ་ཆེན་གྱིས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་རང་བྱུང་སློབ་གསོ་ཁྱད་ཆོས་སུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་མཉམ་དུ་གཏོང་བའི་ལམ་བུར་བསྐྱོད་པར་གཞོལ་ཏེ། གངས་རི་དང་གྲོག་རོང་གི་སྤང་ལྗོངས་སུ་འདབ་ཆགས་དང་མིའི་རིགས་མཉམ་གནས་བྱེད་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱས་ཡོད།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཁུལ་སྐབས་བཅུ་བཞི་བའི་མི་དམངས་སྲིད་གཞུང་གི་ཚང་འཛོམས་(རྒྱ་བསྐྱེད)གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།
འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྐྱེ་ཁམས་ཀྱི་བདེ་ཆེན། བྱ་རིགས་འཚོ་སྡོད་ཀྱི་གནས་མཆོག་ཞེས་པའི་བྱ་གཟིགས་དུས་ཆེན་སྐབས་བརྒྱད་པ་དངོས་སུ་སྤེལ་འགོ་ཚུགས།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པར་འཐུས་མིའི་གྲོས་གཞི་ཁྱོན་བསྡོམས་ཁག་109འབྱོར་བ།
འགོ་འཛུགས་མྱུར་ཚད་མགྱོགས་སུ་བཏང་ནས་འགོ་འཛུགས་རྣམ་པ་གསར་པ་བཏོད་པ། བདེ་ཆེན་ཁུལ་གྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ་བ།
ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཁྲེན་ཚུང་ཁུལ་འབྲིམ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ལ་འདེམས་བསྐོ་བྱས།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
