ཁུལ་སྐབས་བཅུ་བཞི་བའི་མི་དམངས་སྲིད་གཞུང་གི་ཚང་འཛོམས་(རྒྱ་བསྐྱེད)གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

ཟླ་1པོའི་ཚེས་22ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་སྐབས་བཅུ་བཞི་པའི་མི་དམངས་སྲིད་གཞུང་གི་ཚང་འཛོམས་(རྒྱ་བསྐྱེད)གྲོས་ཚོགས་ཐེངས་ལྔ་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་སྙིང་སྟོབས་ཆེར་བསྐྱེད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་འབད་འབུངས་ཡར་བརྩོན་གྱི་སེམས་ཤུགས་བརྟན་པོ་དང་འབད་འབུངས་ལ་བརྟེན་ནས་སྔོན་ཐོན་བརྩོན་ལེན་བྱེད་པའི་ཉམས་འགྱུར་ཐོག་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་ནན་གྱིས་བསྟན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ཞིང་ཆེན་སྲིད་གཞུང་གི་ཚོགས་འདུ་ཐེངས་དགུ་པ་དང་ཁུལ་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད། 
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དོན་འཁྱོལ་ཟབ་མོ་བྱེད་པ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་བཞིན་ཁུལ་ཨུ་བཅས་ཀྱི་ལས་ཀའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དོན་འཁྱོལ་དམ་འཛིན་བྱེད་པར་བརྟེན་ནས་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ་དང་། དོན་དངོས་སྒྲུབ་པར་བརྟེན་ནས་ཏང་གཤིས་སྦྱོང་བརྡར་བྱེད་པ། གྲུབ་འབྲས་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱིས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་ཞུ་བ་བཅས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་“སྲུང་སྐྱོང་གཉིས་”ཐུབ་པ་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཁྱབ་ཁོངས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ལ་དམ་པོར་དམིགས་ཏེ། “མང་ཚོགས་ཡིད་ཚིམ་པ་དང་། འཕེལ་རྒྱས་ཀྱི་ཕན་འབྲས”ཞིབ་བཤེར་གྱི་ཚད་གཞིར་འཛིན་པ། ལས་ཀའི་ཕན་འབྲས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མཐུད་ངང་ཇེ་མཐོར་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་འདི་ཁོང་དུ་བརྟན་པོར་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་འཕྱུགས་མེད་བྱེད་པ། དངོས་གནས་དྲང་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཁུལ་ཡོངས་སྲིད་གཞུང་ཁོངས་གཏོགས་ཀྱིས་ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ། ཁ་ཕྱོགས་གཏད་ནས་ཤུགས་རྒྱག་པ་དང་ཐབས་ཇུས་ཡང་དག་ལག་བསྟར་བྱས་ཏེ། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། རིམ་པ་གསུམ་པའི་འགན་འཁྲི་ནན་དུ་གཏོང་བ་དང་གཅིག་གྱུར་འཆར་འགོད་དམ་འཛིན་ཡག་པོ་བྱས་ཏེ་རིམ་པ་བཞིན་འགན་འཁུར་བ་དང་། མི་ཚང་མར་འགན་འཁྲི་ཡོད་པ། རང་འགན་རང་འཁུར། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། ཞིབ་ཚགས་ཅན་དུ་གཏོང་རྒྱུ་དམ་འཛིན་བྱས་ཏེ། “ལས་འགན་གསལ་ཐོ་དང་། དུས་ཚོད་གསལ་ཐོ། ཚད་གཞིའི་གསལ་ཐོ་”བཅས་ཟུང་འབྲེལ་བྱེད་པའི་འཆར་གཞི་ཞིབ་ཕྲ་བཟོས་ཏེ། བཀོད་སྒྲིག་ཁག་བཀོལ་སྤྱོད་ཐུབ་པ་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱ་དགོས། དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་དང་། སྲིད་ཇུས་དོན་འཁྱོལ་བྱེད་པའི་“མཐའ་མའི་སྤྱི་ལེ་གཅིག་”ཤར་གཏོང་བྱས་ཏེ་གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་རྣམ་གྲངས་རེ་རེ་བཞིན་སྐུལ་སྤེལ་གཏོང་དགོས། དུས་བཞིའི་ལས་དོན་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཇི་མ་ཇི་བཞིན་དུ་གཞིར་བཟུང་སྟེ། སྔོན་ལ་སྒྲུབ་དགོས་པ་ལས་རྩོད་གླེང་མི་བྱེད་པ་དང་། སྔོན་ལ་ཚོད་ལྟ་བྱེད་དགོས་པ་ལས་གཏམ་གླེང་མི་བྱེད་པ། དུས་བཞིའི་ལས་ཀ་གཅིག་གྱུར་འཆར་འགོད་བྱས་ཏེ་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཇི་མ་ཇི་བཞིན་ལག་ལེན་དུ་བསྟར་བ་དང་། སྔོན་ལ་ལས་ཀ་བྱེད་པ་ལས་རྩོད་གླེང་མི་བྱེད་པ་དང་། སྔོན་ལ་ཚོད་ལྟ་བྱེད་པ་ལས་གླེང་མོལ་མི་བྱེད་པ། སྔོན་ལ་ལས་ཀ་བྱེད་པ་ལས་དཔྱད་གཏམ་མི་བཤད་པ་བཅས་བྱས་ནས་ལས་ཀའི་གོམ་སྟབས་དམ་འཛིན་བྱས་ཏེ་ཟླ་འགན་ལ་བརྟེན་ནས་དུས་འགན་འཁུར་བ་དང་དུས་འགན་ལ་བརྟེན་ནས་ལོ་འགན་འཁུར་བའི་འགན་ལེན་ཏན་ཏིག་བྱ་དགོས། ཐོན་ལས་རིགས་སྒྱུར་རིམ་སྤར་ལ་དམ་འཛིན་དང་། རྨང་གཞི་ཇེ་བརྟན་དང་སྒུལ་ནུས་ཇེ་མཐོ་གཏོང་བར་ཤུགས་རྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ཏེ། ཞན་ཆ་ཁ་གསབ་དང་མཐུན་སྦྱོར་སྐུལ་འདེད་གཏོང་བར་ཤུགས་རྒྱག་དགོས། དམངས་འཚོ་ལེགས་བཅོས་བྱ་རྒྱུ་གཙོ་བོར་བཟུང་ནས། དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་འཚོར་ཕན་པ་འདོགས་པའི་ཐད་མུ་མཐུད་ཤུགས་སྣོན་དགོས། བདེ་འཇགས་བརྟན་ལྷིང་གི་གཞི་ཐིག་ལ་དམིགས་ནས། ཉེན་ཁ་སྔོན་འགོག་དང་གཞི་ཐིག་སྲུང་བའི་ཐད་མུ་མཐུད་ཤུགས་སྣོན་དགོས།
ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཐོག་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གོང་བུ་གཅིག་ཏུ་བསྒྲིལ་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ནུས་ཤུགས་ཡོད་རྒུས་མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་གཏོད་དགོས་པ་དང་། “ཉམས་སད་ཐེག་ཐུབ་པ་ལྔ་”བྱེད་པ་དང་། “སྣང་ཚུལ་དྲུག་”གཏན་འགོག་བྱེད་པ། སྲིད་སྐྱོང་གི་མཐའ་ཚད་བརྟན་སྲུང་བྱེད་དགོས། ཉེ་དུས་ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ལ་སྐུལ་འདེད་དང་། དཔྱིད་རྨོད་དཔྱིད་གྲབས། དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་ཀ་བཅས་ལེགས་པར་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
ཁུལ་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ། ཁུལ་ཐད་གཏོགས་སྡེ་ཚན་ཁག་དང་། རྫོང(གྲོང་ཁྱེར)གསུམ། སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ། ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་གཏོགས་ཚན་པ་བཅས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཁུལ་སྐབས་བཅུ་བཞི་བའི་མི་དམངས་སྲིད་གཞུང་གི་ཚང་འཛོམས་(རྒྱ་བསྐྱེད)གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།
འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྐྱེ་ཁམས་ཀྱི་བདེ་ཆེན། བྱ་རིགས་འཚོ་སྡོད་ཀྱི་གནས་མཆོག་ཞེས་པའི་བྱ་གཟིགས་དུས་ཆེན་སྐབས་བརྒྱད་པ་དངོས་སུ་སྤེལ་འགོ་ཚུགས།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པར་འཐུས་མིའི་གྲོས་གཞི་ཁྱོན་བསྡོམས་ཁག་109འབྱོར་བ།
འགོ་འཛུགས་མྱུར་ཚད་མགྱོགས་སུ་བཏང་ནས་འགོ་འཛུགས་རྣམ་པ་གསར་པ་བཏོད་པ། བདེ་ཆེན་ཁུལ་གྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ་བ།
ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཁྲེན་ཚུང་ཁུལ་འབྲིམ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ལ་འདེམས་བསྐོ་བྱས།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
