ལུའོ་ཁྲའོ་ཧྥེང་གིས་ཆེད་མཁས་ཤེས་ལྡན་པ་དང་གཟིགས་སྐྱོང་བྱ་ཡུལ་གཙོ་བོར་འཚམས་འདྲི་གནང་བ།

ཟླ་1པོའི་ཚེས་22ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རང་ཁུལ་གྱི་ཆེད་མཁས་ཁག་གཅིག་དང་གཟིགས་སྐྱོང་བྱ་ཡུལ་གཙོ་བོར་གཟིགས་པ་དང་འཚམས་འདྲི་གནང་ནས་ཁོང་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་འབྲེལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཀྱང་བརྒྱུད་སྤྲོད་གནང་བ་རེད

ཟླ་1པོའི་ཚེས་22ཉིན།ལུའོ་ཁྲའོ་ཧྥེང་གིས་ཞིང་ཨུའི་འབྲེལ་གཏུག་ཆེད་མཁས་ཧོ་ཅི་ཧྥུ་དང་།ཁུལ་ཨུའི་འབྲེལ་གཏུག་ཆེད་མཁས་ལུང་ཀྲི་ཡུས་ལ་འཚམས་འདྲི་གནང་བ་རེད།
ཞིང་ཨུའི་འབྲེལ་གཏུག་ཆེད་མཁས་ཧོ་ཅི་ཧྥུ་དང་།ཁུལ་ཨུའི་འབྲེལ་གཏུག་ཆེད་མཁས་ལུང་ཀྲི་ཡུས་ལ་གཅིག་བསྡུས་ཀྱིས་འཚམས་འདྲི་ཞུ་སྐབས།ལུའོ་ཁྲའོ་ཧྥེང་གིས་ཁོང་ཚོ་དང་སྤེལ་རེས་ཟབ་མོ་གནང་བ་དང་།སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གིས་སློབ་གཉེར་འཕེལ་རྒྱས་དང་ཆེད་ལས་འཛུགས་སྐྱོང་།སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་། དེ་བཞིན་ཁུལ་སྨན་ཁང་གི་ཀྲུང་ལུགས་གསོ་རིག་ཚན་ཁག་གི་སྒོ་བསྟེན་ཞབས་ཞུ།གཞི་རིམ་ནད་བརྟག་སྨན་བཅོས།ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལས་དོན་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གསན་པ་མ་ཟད།ཆེད་མཁས་པ་གཉིས་ཀྱིས་རང་ཁུལ་གྱི་སློབ་གསོ་དང་སྨན་བཅོས་བྱ་གཞག་ལ་བྱས་རྗེས་འབུར་ཐོན་བཞག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་མ་ཟད།ཆེད་མཁས་པ་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་དུས་ཆེན་གྱི་རྟེན་འབྲེལ་ཡང་ཞུས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན།སློབ་གསོ་དང་སྨན་བཅོས་ནི་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པ་དང་།མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁྱབ་ཁོངས་གཙོ་བོ་ཡིན་པས།རང་ཁུལ་ལ་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སྣ་ཚོགས་ཀྱིས་ནུས་པ་འདོན་རོགས་བྱས་ཏེ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།སེམས་ཀྱི་ཉི་ཟླའི་ལས་རིགས་སློབ་གླིང་གིས་ཁུལ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས།ཞིང་ཆེན་ཕྱི་ནང་གི་སློབ་གླིང་དང་ཁེ་ལས་བར་མཉམ་ལས་མཉམ་སྐྲུན་ཟབ་སྤེལ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ཁྱད་ལྡན་ཆེད་ལས་བཀོད་སྒྲིག་བྱས་ཏེ།ཤེས་ལྡན་མི་སྣ་སྤྱོད་གོ་ཆོད་པ་དང་རྩལ་ནུས་ཅན་སྐྱེད་སྲིང་བྱས་ནས།ཐོན་ལས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་པོ་འདོན་རྒྱུའི་རེ་བ་ཡོད།ཁུལ་སྨན་ཁང་གིས་རོགས་སྐྱོར་ལས་སྟེགས་རིགས་སོ་སོར་བརྟེན་ནས་རང་འགུལ་གྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་འབྲེལ་མཐུད་བྱེད་པ་དང་།ལག་རྩལ་སྤེལ་རེས་དང་ཤེས་ལྡན་མི་སྣ་མཉམ་དུ་སྐྱེད་སྲིང་བྱེད་པ།སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་བ་བཅས་བྱས་ནས།མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་སྔར་ལས་ལྷག་པར་སྐོང་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།ལུའོ་ཁྲའོ་ཧྥེང་གིས་ཆེད་མཁས་གཉིས་པོས་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་སྤེལ་རོགས་ཁྲིད་གསུམ་ཡག་པོ་བྱེད་པ་དང་ཤེས་ལྡན་མི་སྣ་ཕུལ་བྱུང་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་རང་ཁུལ་གྱི་སློབ་གསོ་དང་སྨན་བཅོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་སྐུལ་ལྕག་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་གཟིགས་སྐྱོང་བྱ་ཡུལ་གཙོ་བོ་ཧྲེན་སི་ཡན་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
གཟིགས་སྐྱོང་བྱ་ཡུལ་གཙོ་བོ་ཧྲེན་སི་ཡན་གྱི་ཁྱིམ་དུ།ལུའོ་ཁྲའོ་ཧྥེང་གིས་མོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་།མོའི་ལས་ཀ་དང་།ཁྱིམ་ཚང་།བུ་ཕྲུག་སློབ་གྲྭར་ཞུགས་ཚུལ་བཅས་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད།ཧྲེན་སི་ཡན་དང་མོའི་ཁྱིམ་མི་རྣམས་དཔྱིད་གསར་སྤྲོ་པོ་དང་།གཟུགས་གཞི་བདེ་ཐང་།འཚོ་བ་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་འབྲེལ་ཡོད་སྡེ་ཚན་ལ་གཟིགས་སྐྱོང་བྱ་ཡུལ་གྱིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁོང་ཚོའི་འཚོ་བའི་སྐྱིད་སྡུག་ལ་སེམས་ཁུར་བྱེད་ཀྱི་ཡོད་པས་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་བྱེད་པ་དང་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་ལས་ཀ་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད།
ཁྲེན་ཆུན་འཚམས་འདྲིར་ཕེབས་པ།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གིས་ཆེད་མཁས་ཤེས་ལྡན་པ་དང་གཟིགས་སྐྱོང་བྱ་ཡུལ་གཙོ་བོར་འཚམས་འདྲི་གནང་བ།
ཁུལ་སྐབས་བཅུ་བཞི་བའི་མི་དམངས་སྲིད་གཞུང་གི་ཚང་འཛོམས་(རྒྱ་བསྐྱེད)གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།
འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྐྱེ་ཁམས་ཀྱི་བདེ་ཆེན། བྱ་རིགས་འཚོ་སྡོད་ཀྱི་གནས་མཆོག་ཞེས་པའི་བྱ་གཟིགས་དུས་ཆེན་སྐབས་བརྒྱད་པ་དངོས་སུ་སྤེལ་འགོ་ཚུགས།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པར་འཐུས་མིའི་གྲོས་གཞི་ཁྱོན་བསྡོམས་ཁག་109འབྱོར་བ།
འགོ་འཛུགས་མྱུར་ཚད་མགྱོགས་སུ་བཏང་ནས་འགོ་འཛུགས་རྣམ་པ་གསར་པ་བཏོད་པ། བདེ་ཆེན་ཁུལ་གྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ་བ།
ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཁྲེན་ཚུང་ཁུལ་འབྲིམ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ལ་འདེམས་བསྐོ་བྱས།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
