中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དགུན་ཁ་འཁྱག་སྦོས་ཐེབས་པ་དང་ལུས་དྲོད་ཤོར་བར་གཟབ་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-01-26 16:12:59 འབྱུང་ཁུངས་:中央广播电视总台藏语

དགུན་ཁ་གནམ་གཤིས་གྲང་ངར་ཆེ་བས། མི་འགའ་ཤས་ཀྱི་རྐང་ལག་འཁྱག་སྦོས་ཐེབས་པ་དང་།མི་ལ་ལའི་ལུས་དྲོད་ཤོར་བ་སོགས་བསམ་ཡུལ་ལས་འདས་པའི་ཐོལ་བྱུང་གནས་ཚུལ་མང་པོ་ཐོན་གྱི་ཡོད། དེས་ན། དུས་ཚིགས་རང་བཞིན་གྱི་གནས་ཚུལ་དེ་རིགས་ཐོན་དུས་ཇི་ལྟར་བྱེད་དགོས་མིན་ཐད་ཀྱི་བདེ་ཐང་རྒྱུན་ཤེས་ཤིག་ཞུ་རྒྱུ་ཡིན།  

图片

འཁྱག་སྦོས་ཐེབས་ན་བྱ་ཐབས་འདི་འཛིན་དགོས།

སྨན་པས་ངོ་སྤྲོད་བྱས་པ་ལྟར་ན། གྲང་ངར་ཆེ་བའི་དགུན་དུས་སུ་མི་འགའ་ཤས་ཀྱི་ལག་མཛུབ་དང་། རྐང་མཛུབ།  སྣ་ཁུག  རྣ་ཅོག་སོགས་ཀྱི་རྩེ་ལ་འཁྱག་སྦོས་ཐེབས་ཀྱི་ཡོད་ཅིང་།  ཐོག་མའི་དུས་སུ་པགས་པ་དཀར་པོ་ཆགས་ཤིང་སྦྲིད་པ་དང་། ཚབས་ཆེ་བའི་སྐབས་སུ་སྐྲངས་ནས་དམར་པོ་ཆགས་པ།  ད་དུང་ཆུ་བུར་ཐོན་པ་དང་ཐ་ན་ཕུང་གྲུབ་ལ་སྐྱོན་ཤོར་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། 

འཁྱག་སྦོས་ཐེབས་མ་ཐག་ལམ་སེང་གྲང་ངར་ཆེ་བའི་ཁོར་ཡུག་ལས་གཡོལ་ཏེ་དྲོད་ཚད་37°Cནས་40°Cབར་གྱི་ཆུ་དྲོན་མོའི་ནང་སྦངས་ནས་དྲོད་ཚད་སླར་གསོ་བྱེད་དགོས་པ་ལས་མེ་བསྲོ་བ་དང་། གངས་ཀྱིས་འཕུར་རྡར་གཏོང་བ།  ཆུ་ཚ་པོས་འཁྲུ་བ་སོགས་བྱེད་མི་རུང་། དེ་ལྟར་བྱས་ན་ན་ཚ་དྲག་སྐྱེད་ཡོང་རྒྱུ་ལྟ་ཅི་ཕུང་གྲུབ་ལ་གནོད་སྐྱོན་ཚབས་ཆེན་བཟོ་སྲིད།

图片

 

ལུས་དྲོད་ཤོར་ན་བྱ་ཐབས་འདི་འཛིན་དགོས། 

དགུན་ཁ་གནམ་གཤིས་གྲང་ངར་ཆེ་བའི་སྐབས་སུ་ཆུ་ནང་དུ་ལྷུང་བ་དང་། ཡང་ན་རྒྱུ་རྐྱེན་གང་རུང་དབང་གིས་མཚན་མོ་མི་མེད་ལུང་སྟོང་དུ་མེ་དང་ཉལ་ཆས་མེད་པར་ལུས་ན་ལུས་དྲོད་ཤོར་བའི་གནས་ཚུལ་ལྷགས་སྲིད། ལུས་དྲོད་ཤོར་བ་ནི་ཧ་ཅང་ཉེན་ཁ་ཆེ་བའི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་ཞིང་། ལུས་པོའི་ལྟེ་བའི་དྲོད་ཚད་35°Cལས་དམའ་བའི་སྐབས་ཁ་འདར་ཤོར་བ་དང་། ངག་དབ་དིབ་ཏུ་གྱུར་བ།  གོམ་སྟབས་འཁྱོམ་པ་སོགས་ཀྱི་ནད་རྟགས་ཐོན་པ་དང་ཚབས་ཆེ་བའི་སྐབས་སུ་ཚེ་སྲོག་ལ་ཉེན་ཁ་ཡོད།  ལུས་དྲོད་མི་ཤོར་བ་བྱེད་པའི་གནད་འགག་ནི་ལུས་པོ་སྐམ་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་དུས་ཐོག་ཏུ་ལྭ་བ་རློན་པ་དག་བརྗེ་དགོས། གལ་ཏེ་ལུས་དྲོད་ཤོར་ན་མྱུར་དུ་སྐེ་དང་མཆན་ཁུང་། དཔྱི་མགོའི་ཤུར་ཁ་སོགས་ལྟེ་བའི་གནས་སུ་ཆུ་ཚ་པོ་བླུགས་པའི་འགྱིག་ཁུག་དང་དྲོད་འཕེལ་ཀོ་ཡོལ་སྦྱར་ནས་དྲོད་སྐྱེད་དུ་འཇུག་དགོས་པ་དང་། གཟུགས་པོར་རིམ་བཞིན་དྲོད་སླེབས་རྗེས་མངར་ཆུ་གར་པོ་དང་ཅོག་ལེ་སོགས་ནུས་ཚད་ལྡན་པའི་ཟས་རིགས་ཁ་གསབ་བྱེད་དགོས་པ་ལས། ལུས་དྲོད་ཤོར་མཁན་གྱི་པགས་པ་འཕུར་མཉེད་བྱེད་མི་ཉན།  

图片

 པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་དོས་དྲག་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཏུའུ་ལན་ཧྥང་གིས་ངོ་སྤྲོད་གནང་བར།  ལུས་དྲོད་ཤོར་བའི་གནས་ཚུལ་འོག དོན་དངོས་སུ་ལུས་ཁམས་ཀྱིས་རང་ཉིད་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཏེ་སྔོན་ལ་པགས་པའི་ཁྲག་རྩ་འཁུམས་ནས་ལུས་པོའི་དོན་སྣོད་གཙོ་བོའི་ཁྲག་རྒྱུན་གྱི་ནུས་པ་འགན་ལེན་བྱེད་ཀྱི་ཡོད། ཁྲག་རྒྱུན་འགག་པའི་གནས་ཚུལ་འོག རྐང་ལག་གི་ཁྲག་རྒྱུན་ནང་སྐྱུར་གཤིས་རང་བཞིན་གྱི་དངོས་པོ་དང་ཅཱ་མཐོ་པོ་མང་པོ་ཐོན་གྱི་ཡོད། དེར་བརྟེན་དངོས་པོ་དེ་རིགས་འཕུར་མཉེད་བྱས་ན་ཁྲག་རྒྱུན་འཁོར་རྒྱུག་དང་བསྟུན་ནས་ལུས་ཁམས་སུ་རྒྱུག་ཚེ། སྙིང་ལ་གནོད་འཚེ་ཕོག་ནས་སྙིང་གི་འཕར་མཚམས་ཆད་སྲིད་དོ། །

འགན་འཁུར་རྩོམ་སྒྲིག་པ།:达瓦只玛 吹批拉姆

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།

བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com