中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁྱིམ་དུ་འདི་ཡོད་ན་སྲོག་ཉེན་ཡོད་པས་མགྱོགས་པོ་བསྐྱུར།

ཁྱབ་བསྒྲགས་དུས་ཚོད་:2025-09-02 15:36:49 འབྱུང་ཁུངས་:མི་དམངས་དྲ་བ།

གློག་པང་ཆག་སྐྱོན་ཡོད་པས་མེ་སྐྱོན་འདྲེན་པ།

 

        2023ལོའི་ཟླ་1ཚེས་2ཉིན། སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་ཞིང་། མེ་སྐྱོན་བྱུང་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་2ཡིན་པས་མི་1རྐྱེན་ལམ་དུ་ཤོར་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། མེ་འབར་བའི་རྒྱུ་རྐྱེན་ནི་འབོལ་ཁྲིའི་སྟེང་དུ་བཞག་པའི་གློག་པང་ལ་ཆག་སྐྱོན་བྱུང་ནས་འབོལ་ཁྲི་འབར་བ་རེད།

གློག་པང་ཚད་ལས་བརྒལ་ན་མེ་སྐྱོན་ཡོང་ཉེན་ཡོད།

        2024ལོའི་ཟླ་4ཚེས་6ཉིན། ཧྲང་ཧའེ་གྲོང་ཁྱེར་ཧྥུང་ཞན་ཁུལ་ཆུང་ཞིག་གི་གྲོང་མིའི་ཁྱིམ་དུ་མེ་སྐྱོན་བྱུང་ཞིང་། མེ་གསོད་རོགས་སྐྱོབ་མི་སྣ་ཐོན་རྗེས་ཁང་པའི་ནང་དུ་དངོས་རྫས་མང་པོ་སྤུངས་ཡོད་པ་དང་། སྔས་མགོའི་གློག་པང་ཞིག་གི་ཐོག་གློག་སྐུད་མང་པོ་སྦྲེལ་མཐུད་བེད་སྤྱོད་བྱས་པ་མ་ཟད། གློག་སྤྱོད་སྒྲིག་ཆས་འགའ་ཞིག་སྦྲེལ་མཐུད་བྱས་པས། བསྒར་ཁུག་མཐའ་འཁོར་མེས་འཚིགས་ནས་གྱང་ནག་པོར་གྱུར་ཡོད་པ་རེད། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། མེ་འབར་རྐྱེན་ནི་གློག་ཤུགས་སྐུད་ཚད་ལས་བརྒལ་བའི་རྐྱེན་གྱིས་རེད།

གློག་པང་ལེབ་གི་གློག་སྐུད་རྙིང་པར་གྱུར་ནས་མེ་རང་གར་འབར་བ།

        2023ལོའི་ཟླ་7པར།ཅང་སུའུ་ཐའེ་ཚང་གྲོང་ཁྱེར་ཧྲང་ཧའེ་ཧྭ་ཁྲེང་གི་མཐོ་རིམ་སྡོད་དམངས་ཐོག་ཁང་ཞིག་གི་ནང་མེ་ཤོར་བ་དང་། མེ་གསོད་རོགས་སྐྱོབ་མི་སྣས་མེ་ཤོར་བའི་རྒྱུ་རྐྱེན་ནི་གློག་པང་གི་གློག་སྐུད་རྙིང་པར་གྱུར་ནས་གློག་སྐུལ་རང་དགར་འབར་བ་ཡིན་པ་ཐག་བཅད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དོན་རྐྱེན་ཐོན་སྐབས། ཁང་བདག་ཕྱི་རུ་གཞུང་དོན་སྒྲུབ་པར་ཕྱིན་པ་དང་ཕྱི་ལ་འགྲོ་སྐབས་ཁྱིམ་དུ་གློག་བསད་མེད་པ་དང་། ཉལ་ཁང་གི་གློག་པང་དུ་གློག་སྦྲེལ་ཡོད་པ་རེད།

        ཁྱེད་རང་གི་ཁྱིམ་དུའང་གོང་གི་པར་ལྟར་བུའི་གློག་པང་ནུས་མང་འདི་འདྲ་སྤྱོད་བཞིན་ཡོད་དམ། སྣེ་གཅིག་གི་ནང་དུ་སྣེ་གཉིས་ཀྱི་བསྒར་སྣེ་བཅུག་ཆོག་ལ། སྣེ་གསུམ་གྱི་བསྒར་སྣེའང་སྤྱད་ཆོག་པའི་ནུས་མང་གི་བསྒར་སྣེ་ཡང་བཅུག་ཆོག གལ་ཏེ་འདི་རིགས་ཡོད་ན། འཕྲལ་མར་བརྗེས་ན་བཟང་།

        ནུས་མང་གི་གློག་པང་འདི་རིགས་བསྒར་སྣེ་སྣ་ཚོགས་དང་འཚམ་པའི་ཆེད་དུ།ཇུས་འགོད་བྱས་རིགས་ལ་སྲོག་ལ་ཐུག་པའི་ཞན་ཆ་ཡོད་དེ།བསྒར་ལྷེབ་དང་གློག་ཆས་ཀྱི་བསྒར་སྣེའི་བར་རྒྱ་ཁྱོན་ཆུང་བས།གློག་གཞུ་དང་དྲོད་ཚད་མཐོན་པོར་འགྱུར་སླ་བས།དེའི་མེ་སྐྱོན་འབྱུང་ཉེན་སྤྱིར་བཏང་གི་གློག་པང་ལེབ་ལས་ལྡབ་འགའ་ཞིག་ཆེ་བ་ཡོད། 2010ལོའི་ཟླ་6པ་ནས་བཟུང་།གློག་པང་འདི་རིགས་ཐོན་སྐྱེད་བྱས་མི་ཆོག་པ་རེད།

ནུས་མང་གློག་པང་ལེབ་དོར་ཟིན་པ་རེད།

        མེ་གསོད་སྡེ་ཁག་གིས་བརྟག་དཔྱད་བྱས་པ་ལྟར་ན། གློག་པང་ལ་ཉེ་ལམ་མེ་སྐྱོན་འབྱུང་རྐྱེན་ནི་རྒྱུན་ལྡན་གྱི་ནོར་འཁྲུལ་འགའ་ལས་བྱུང་གསལ་དུ། གློག་པང་ཪྙིང་གོག་“ལོ་མང་སྤྱད་པའི་གློག་པང་དང་། ནུས་ཚད་ཆེ་བའི་གློག་ཆས་མང་པོ་ཞིག་གློག་པང་གཅིག་ལ་མཉམ་དུ་སྤྱད་པ། རྒྱལ་ཁབ་ཀྱིས་སྔ་མོ་ནས་བཀག་འགོག་བྱས་པའི་ནུས་མང་གློག་པང་མུ་མཐུད་སྤྱད་པ་བཅས་ཡིན།

        རྒྱལ་ཁབ་དྲ་བའི་ཀྲེ་ཅང་གློག་ཤུགས་མཐོ་རིམ་རིགས་གཅིག་མཁས་ཅན་ཞུས་ཅ་ཉིང་གིས་ནོར་འཁྲུལ་གྱི་བྱ་སྤྱོད་འདི་དག་ཁྲོད་ཉེན་ཁ་ཆེ་ཤོས་ནི་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱས་པའི་ནུས་མང་གློག་པང་སྤྱོད་རིགས་ཡིན་བཤད། 


  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com