བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་།

2025ལོར། བདེ་ཆེན་ཁུལ་གྱིས་རི་ཀླུང་སྔོ་ལྗང་ནི་གསེར་རི་དངུལ་རིའི་འདུ་ཤེས་བརྟན་པོ་བཙུགས། སྐྱེ་ཁམས་སྔོན་ནས་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་སྟེ་གྲོང་གསེབ་འཕེལ་རྒྱས་ལ་ལྗང་མདོག་འགུལ་ནུས་སྣོན།



རྒྱུན་མཐུད་ངང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ལས་གྲྭ་གཏིང་ཟབ་ཏུ་གཏོང་བ་དང་། མ་ལག་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་ཁག་གཅིག་ལག་བསྟར་བྱེད་དེ་རང་བྱུང་ནགས་སྲུང་སྐྱོང་དང་རྨོ་བསྐྱུར་ནགས་ཚལ་དང་རྩྭ་སྤེལ། འདམ་ར་སྲུང་སྐྱོང་དང་ཉམས་གསོ། རྩྭ་ཐང་སྐྱེ་ཁམས་ཉམས་གསོ་སོགས་གཙོ་གནད་ལས་གྲྭ་ལ་སྐུལ་འདེད་གཏོང་། 2025ལོར་ཁུལ་ཡོངས་སུ་དམངས་ཡོངས་ཀྱིས་ཤིང་ཕུང་ཁྲི་188.54བཙུགས། མ་དངུལ་སྒོར་ཁྲི་4728.8གཏོང་སྟེ་ཞན་འགྱུར་ནགས་ཚལ་མུའུ་ཁྲི་2.91ཉམས་གསོ་བྱེད་པ་དང་། མིས་ནགས་མུའུ་ཁྲི་1སྐྲུན། མིས་རྩྭ་མུའུ་ཁྲི་0.8བཏབ་པ་དང་མིས་རྩྭ་ར་མུའུ་ཁྲི་3.97ལེགས་བཅོས་བྱས། ནགས་བཟོ་ཤིང་རིགས་གཙོ་བོ་དང་སོན་བཟང་སྤྱོད་ཚད་88.46%ཟིན། མ་དངུལ་སྒོར་ཁྲི་3420གཏོང་སྟེ་ནགས་ཚལ་གསོ་སྐྱོང་རྣམ་གྲངས་ལག་བསྟར་སྒྲིག་འཛུགས་བྱས་པ་དང་། གསོ་སྐྱོང་རྒྱ་ཁྱོན་མུའུ་ཁྲི་11.4ལེགས་འགྲུབ་བྱུང་། མ་དངུལ་སྒོར་ཁྲི་450གཏོང་སྟེ་རྒྱུན་མཐུད་ངང་རི་བཀག་ནགས་སྐྱོང་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་མུའུ་ཁྲི་3ལེགས་འགྲུབ་བྱུང་།
རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྲུན་དེ་གཙོ་གནད་དུ་བཟུང་ནས། སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་དང་དེའི་གནས་ས་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་སྟེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དྲ་རྒྱ་དམ་དུ་འགྱུར། རྣམ་གྲངས་མ་དངུལ་བརྩོན་ལེན་བྱེད་དེ་མ་དངུལ་སྒོར་ཁྲི་136བཏང་ནས་ཁུལ་ཡོངས་ཀྱི་རིམ་པ་གཉིས་པ་དང་གསུམ་པའི་གནའ་བོའི་སྡོང་བོ་36མྱུར་སྐྱོབ་བྱས་ནས་སླར་གསོ་བྱས།
ལྗང་མདོག་ཅན་དང་དམངས་ཕྱུག་ཟུང་འབྲེལ་བྱས་པར་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་ངང་ནགས་འོག་དཔལ་འབྱོར་འཕེལ་རྒྱས་བཏང་ནས། སྐྱེ་ཁམས་ཁོར་ཡུག་ཡག་པོ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བཅུག་པ་དང་། མང་ཚོགས་ལ་རི་ཀླུང་སྔོ་ལྗང་སྲུང་སྐྱོང་བྱས་པའི་ཁྲོད་ཕན་པ་ཐོབ་ཏུ་བཅུག་ནས། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་བྱས་སུ་བཅུག ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཚན་རིག་སློབ་གླིང་དང་མཉམ་ལས་བྱས་ཏེ་ཚེར་མ་འབྲས་བུ་སྲོན་བཟང་འདེབས་འཛུགས་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་ཞིབ་འཇུག་བྱ་གཞི་སྤེལ་ནས། ཚེར་མ་འབྲས་བུའི་ཚོད་ལྟའི་ནགས་ཚལ་མུའུ་60དང་། སོན་རྫས་ཐོན་ཁུངས་ལྡུམ་ར་མུའུ་10། སོན་རྫས་ཐོན་ཁུངས་80བསྡུ་རུབ་བྱས། རྒྱུན་མཐུད་ངང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། བདེ་ཆེན་གྱི་གནམ་དེ་བས་སྔོན་པོ་དང་། རི་དེ་བས་ལྗང་པོ། ཆུ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་བྱས་ཡོད།
责任编辑:达瓦只玛 吹批拉姆
- བདེ་ཆེན་གསར་འགྱུར།
སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཁུལ་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས།
ཁྲུན་ཧྭས་ཁབ་སྐུད་གཅིག་གིས་གྲོང་གསེབ་དར་རྒྱས་གྱི་ལམ་བུ་འཚེམ་དྲུབ་བྱས།
ཁུལ་ཨུས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་གློག་བརྙན་《དབྱང་ཧྲན་ཀྲོའུ་》གཅིག་སྡུད་ཐོག་བལྟས་ཏེ་མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྣེ་ཁྲིད་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལེའུ་གསར་པ་བྲིས།
ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108