中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཅོ་ནེ་ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབ་འགྲེམ་སྤེལ་བྱེད་སྒོ་གཉེར་རྒྱུ་རེད།

ཁྱབ་བསྒྲགས་དུས་ཚོད་:2025-10-17 15:14:42 འབྱུང་ཁུངས་:ཁམས་པའི་བརྙན་འཕྲིན་ཁང་།

        ཟླ་བཅུ་པའི་ཚེས་བཅུ་དགུ་ཉིན། ཅོ་ནེ་ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབ༼བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ་མདུད་བརྒྱ་གྲོལ་བའི་གཏམ་ཞེས་བྱ་བ་བཞུགས་སོ༽ཞེས་པ་འགྲེམ་སྤེལ་བྱ་རྒྱུ་རེད།

        བོད་ཀྱི་སྐད་གཉིས་སྨྲ་བའི་རྩོམ་པ་པོ་གྲགས་ཅན་དང་མཚན་ཉིད་རིག་པའི་འབུམ་རམས་པ་ཅོ་ནེ་ཡུམ་ཚེ་རིང་གིས་མི་ལོ་བཅུ་དྲུག་རིང་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་ཞིབ་འཇུག་གནང་ནས་རིག་པའི་མདུད་བརྒྱ་ལེགས་པར་གྲོལ་བའི་ལེགས་བྱས་ཀྱི་འབྲས་བཟང་སྟེ།   ༼བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ་མདུད་བརྒྱ་གྲོལ་བའི་གཏམ་ཞེས་བྱ་བ་བཞུགས་སོ༽ཞེས་པ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱེད་པའི་འབྲེལ་ཡོད་བྱེད་སྒོ་ནི་སྤྱི་ལོ་༢༠༢༥ལོའི་ཟླ་༡༠པའི་ཚེས་༡༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཅིག་དང་ཕྱེད་ཀའི་སྟེང་ལ་སི་ཁྲོན་སྤོས་ལྡན་གྲོང་གི་ཁྲི་ཀ་ཚང་དུ་འཚོག་རྒྱུ་རེད།

        སྐབས་དེར་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རིག་གཞུང་ཆེད་མཁས་པ་དང་ན་གཞོན་ཤེས་ཡོན་པ་མང་པོ་ལྷན་དུ་འཛོམས་ནས་དུས་རབས་གསར་པའི་གངས་ཅན་རྩོམ་རིག་གི་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ནས་རིག་པའི་བགྲོ་གླེང་གནང་རྒྱུ་ཡིན་པར་མ་ཟད། གཞན་ཡང་སྙན་ངག་གྱེར་འདོན་དང་གླུ་གཞས་འཁྲབ་སྟོན་སོགས་སྒྱུ་རྩལ་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཀོད་སྒྲིག་བྱས་ཡོད་པས། མི་རིགས་རིག་གནས་ལ་དུང་ཞེན་ཆེ་ཞིང་། རིག་པའི་མཁྱེན་རྒྱ་ཡངས་པའི་སྐུ་མགྲོན་རྣམས་ཡུལ་དངོས་སུ་ཕེབས་པའམ། ཡང་ན་ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་མི་རིགས་རླུང་འཕྲིན་གྱི་གཞུང་ཕྱོགས་སྟེགས་བུ་བརྒྱུད་ནས་དུས་ལྟར་འབྲེལ་ཡོད་བྱེད་སྒོ་ལ་གཟིགས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ།

        རྒྱུས་ལོན་བྱུང་བ་ལྟར་ན། ཅོ་ནེ་ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབ་༼བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ་མདུད་བརྒྱ་གྲོལ་བའི་གཏམ་ཞེས་བྱ་བ་བཞུགས་སོ༽ཞེས་པ་འདི་ནི་ཁོང་གིས་སི་ཁྲོན་སློབ་ཆེན་དུ་༢༠༠༨ལོ་ནས་༢༠༡༤བོའི་བར་མཚན་ཉིད་རིག་པའི་འབུམ་རམས་པ་བཏོན་པའི་བསླབ་གནས་དཔྱད་རྩོམ་ཡིན་ཞིང་། ༢༠༡༦ལོར་དཔྱད་རྩོམ་འདི་ལ་རིག་གཞུང་གི་རིན་ཐང་ཆེན་པོ་ཡོད་པར་བརྟེན་ནས་རྒྱལ་ཡོངས་ཀྱི་རུའུ་ལུགས་དང་ཏའོ་ལུགས། ནང་བསྟན་བཅས་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས་ནང་དུ་བདམས་ཤིང་། ལོ་དེར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྗེས་འཇུག་རོགས་དངུལ་གྱི་རྒྱབ་སྐྱོར་ཐོབ་ཡོད།  

        དཔྱད་རྩོམ་འདི་དེབ་སྟོད་སྨད་གཉིས་ཀྱིས་གྲུབ་པ་སྟེ། སྟོད་ཆ་ནི་རིག་གཞུང་ཞིབ་འཇུག་གི་སྐོར་ཡིན་ཞིང་། གཙོ་བོ་ཞིབ་འཇུག་གི་ཐབས་ལམ་མང་པོར་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་ཞིབ་འཇུག་གནང་བའི་རིག་གཞུང་གི་གྲུབ་འབྲས་ཡིན་ལ། སྨད་ཆ་ནི་ཁོང་གི་ཞིབ་འཇུག་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་བཅུ་གསུམ་རྒྱ་ཡིག་ཏུ་བསྒྱུར་བའི་འགྱུར་རྩོམ་གྱི་སྐོར་རེད།

        དཔྱད་རྩོམ་འདི་ལ་མཚོན་ན་དུས་རབས་རིམ་བྱོན་གྱི་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཛད་པའི་སྒྲུང་དང་གཏམ་རྒྱུད་གྲགས་ཅག་སྐོར་ཞིག་དཔྱད་གཞིར་བཟུང་ནས།  བོད་ཀྱི་རབ་རྟོག་བརྩམས་སྒྲུང་གི་གོ་དོན་དང་། བསམ་བློའི་ནང་དོན། སྒྱུ་རྩལ་ཁྱད་ཆོས་སོགས་ལ་ཞིབ་འཇུག་གཏིང་ཟབ་མོ་བྱས་ཤིང་། ཁྱད་པར་དུ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་མི་རིགས་གཞན་པའི་རབ་རྟོག་བརྩམས་སྒྲུང་དང་ཕན་ཚུན་དཔྱད་ཅིང་བསྡུར་ཏེ། བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་སྟེང་ནས་རབ་རྟོག་བརྩམས་སྒྲུང་གི་གོ་གནས་དང་དུས་རབས་ཀྱི་རིན་ཐང་གཏན་འཁེལ་བྱས་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་ཕྱི་ནང་གསང་གསུམ་ན་གནས་པའི་རྩོམ་རིག་དང་། སྐྱེ་ཁམས་རིག་པ། མིའི་རིགས་རིག་པ། སྤྱི་ཚོགས་རིག་པ། ཆོས་ལུགས་རིག་པ་སོགས་ཁྱབ་ཁོངས་སོ་སོའི་རིན་ཐང་ལ་བློ་གཟུར་བོར་གནས་པའི་སྒོ་ནས་གདེང་འཇོག་དང་དཔྱད་པ་བཏང་ཡོད་པས། འདི་ཡིས་དུས་རབས་གསར་པའི་ནང་ལ་སྤྱིར་འཛམ་གླིང་ཡོངས་དང་ནང་སྒོས་སུ་སྒང་བ་བོད་ཀྱི་རྩོམ་རིག་གི་ཞིང་ས་ལ་རིག་པའི་ཆར་ཆུ་སྩོལ་བའི་དུས་ཀྱི་གསོས་སྨན་ཏུ་འགྱུར་བའི་སྨོན་འདུན་དང་ཡིད་ཆེས་ཡོད།  


  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com