中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུ་ཡིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་18པ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-06-23 11:06:16
图片
 

ཟླ་6་པའི་ཚེས་22ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་18པ་གཙོ་སྐྱོང་གནང་ནས་འཚོགས། ཚོགས་འདུའི་ཐོག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱེད་པ། ལས་ཡུན་ལྡོག་སྒྲིག་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ལོ་མཇུག་ཏུ་གནས་སྤོ་བྱེད་པའི་ཆ་རྐྱེན་གཞི་རྩའི་ཐོག་ནས་སླེབས་ཐུབ་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག འཇོལ་རྫོང་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མ་དངུལ་དོན་ཐོག་ཏུ་འབྱོར་ཚུལ་སྐོར་གྱི་སྙན་ཞུ་གསན།

ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ནི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན། རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ནུས་ལྡན་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་ཁུལ་རིམ་པའི་སྡེ་ཚན་ཁག་དང་འཇོལ་རྫོང་གིས་མཉམ་དུ་འགག་སྒྲོལ་དང་ནུས་ཆེའི་སྐུལ་འདེད་བཏང་བས་རྣམ་གྲངས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་རྣམ་གྲངས་འཛུགས་སྐྲུན་ཧྲིལ་པོ་ཁྱོན་ཡོངས་ནས་མགྱོགས་སུ་འགྲོ་བའི་དུས་མཚམས་སུ་སླེབས་ཡོད།

ལུའོ་ཁྲའོ་ཧྥེང་གིས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་འགན་ལེན་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྣམ་གྲངས་དེ་གཏན་འཁེལ་བྱས་པའི་ཨར་ལས་འཆར་གཞི་གཞིར་བཟུང་ཞིང་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། མ་དངུལ་གྱི་མི་འདང་ས་གཙང་བཤེར་བྱས་ནས་རྣམ་གྲངས་ཚང་མའི་མི་འདང་ས་རྩིས་ཁྲ་ཞིབ་རྩིས་ཞིབ་ཚགས་བྱས་ཏེ་གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བ་བྱས་ཏེ་ལས་རིགས་སྡེ་ཚན་གྱིས་མི་འདང་ས་སེལ་བའི་བྱ་ཐབས་དང་མ་དངུལ་གྲབས་གསོག་ཐག་གཅོད་བྱེད་པའི་ཐབས་ལམ་ལ་དུས་གཅིག་ཏུ་ཞིབ་འཇུག་བྱེད་དགོས། ཉེ་དུས་དང་ཡུན་རིང་གི་རྣམ་གྲངས་དབྱེ་བ་ནན་པོ་ཕྱེ་ནས་ཞིང་ཆེན་སྲིད་གཞུང་གིས་མཆན་བཀོད་བཀའ་ལན་སྤྲད་པའི་སྤྱིའི་ཇུས་གཞི་གཞིར་བཟུང་ནས་2026ལོའི་ལོ་མཇུག་ཏུ་གནས་སྤོ་ཆ་རྐྱེན་གཞི་རྩའི་ཆ་ནས་སླེབས་པའི་དམིགས་ཚད་དང་དམ་པོར་འབྲེལ་ནས་འཛུགས་སྐྲུན་གྱི་དུས་རིམ་བཀོད་སྒྲིག་ལུགས་མཐུན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཙོ་གནད་རྣམ་གྲངས་གསེད་སྒྲིག་བྱེད་པ། བར་བརྒལ་དུས་སྐབས་ཀྱི་བཀོད་སྒྲིག་ཁག་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་ལོ་མཇུག་ཏུ་གནས་སྤོ་བྱ་ཆེད་གྲ་སྒྲིག་གང་ལེགས་བྱ་དགོས། གལ་ཆེ་ཆུང་དང་དལ་བྲེལ་གསལ་པོ་དབྱེ་བ་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་དང་འབྲེལ་བ་ཡོད་པའི་བཀོད་སྒྲིག་ཁང་པ་དང་དེ་བཞིན་སློབ་གསོ། སྨན་བཅོས། གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་མཁོ་མ་ཐག་པའི་རྣམ་གྲངས་འཛུགས་སྐྲུན་སྔོན་ལ་འགན་ལེན་དང་སྐུལ་འདེད་མགྱོགས་སུ་གཏོང་ནས་འཛུགས་སྐྲུན་གྱི་ཚད་གཞི་ཚོད་འཛིན་ནན་པོ་བྱེད་དགོས། ཕྱོགས་མང་པོའི་ཐད་ནས་མ་དངུལ་གྲབས་གསོག་བྱེད་པ་དང་ད་ཡོད་ཀྱི་མ་དངུལ་ཞིབ་རྩིས་ཞིབ་ཚགས་དང་བེད་སྤྱོད་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་སྲིད་ཇུས་ལ་ཞིབ་འཇུག་ནན་ཏན་བྱེད་པ་དང་། ཐག་གཅོད་ཐབས་ལམ་ཡང་དག་འཚོལ་བ། དུས་ཐོག་ཏུ་གོང་ལ་སྙན་སེང་ཞུ་བ་དང་སྦྲེལ་མཐུད་བྱས་ནས་རྣམ་གྲངས་རེ་ཞུ་བྱེད་པའི་ལེགས་གྲུབ་བྱུང་ཚད་མཐོ་རུ་གཏོང་དགོས་པ་དང་དུས་མཚུངས་སུ་ས་ཆ་སོགས་ཐོན་ཁུངས་ཀྱི་ཁྲོམ་ར་ཅན་གྱི་མ་དངུལ་གྲབས་གསོག་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཁྲའོ་ཧྥེང་གིས་འབྲུབ་འགོག་གནོད་འཚེ་ཉུང་གཏོང་གི་ལས་དོན་ཡག་པོ་བསྒྲུབས་ནས་1262ཞིབ་ཚགས་ཅན་གྱི་སྔོན་བརྡ་དང་དང་ལེན་མཉམ་འགུལ་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེ་སྔོན་འགོག་གི་འགན་འཁྲི་ཏན་ཏིག་བཟོས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་ཡིས་ད་དུང་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་ལ་བླང་བྱ་བཏོན་ནས་སྡེ་ཚན་ཁག་གིས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ལ་དོ་སྣང་ཆེན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་ལོ་སྟོད་ཀྱི་དུས་ཚོད་ཕྱེད་ཀ་ལས་བརྒལ་བ་དང་ལས་འགན་ཕྱེད་ཀ་ལས་བརྒལ་བ་འགན་ལེན་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།

ཞུས་ཀོང་ཏེ་དང་མ་གོ་ཀྲུང་། འཇོལ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

 
  • བདེ་ཆེན་གསར་འགྱུར།

ཁུལ་ཨུ་ཡིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་18པ་འཚོགས།

རྟ་ཁ་བཏགས་ཀྱིས་གངས་ལྗོངས་ཀྱི་དམངས་སྲོལ་རིག་གནས་རྣམ་པར་མངོན།

སྨི་1000གི་རྟ་རྒྱུག་འགྲན་བསྡུར་ངོ་མཚར་ཆེ་བའི་འགོ་ཚུགས་པ།

རྟ་རྒྱུག་འགྲན་ཚོགས་ཐོག་གི་རྟ་པའི་ཉམས་འགྱུར།

2026ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་ཚོགས་འགོ་ཚུགས་པ།

ཁུལ་ཨུའི་སྲིད་གྲོས་ལས་དོན་ཚོགས་འདུ་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་159འཚོཊ།

ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གིས་ཏང་ཡོན་ཡོངས་ལ་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com