中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུའི་སྲིད་གྲོས་ལས་དོན་ཚོགས་འདུ་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།

རྩོམ་པ་པོ་:黄晓丽  何帝龙 ཁྱབ་བསྒྲགས་དུས་ཚོད་:2026-06-19 18:41:28
图片

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་18ཉིན ཁུལ་ཨུའི་སྲིད་གྲོས་ལས་དོན་ཚོགས་འདུ་འཚོགས་པ།ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཏང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པམིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཁུལ་ཡོངས་ཀྱི་སྲིད་གྲོས་ལས་དོན་བཀོད་སྒྲིག་བྱེད་པཁུལ་ཡོངས་ཀྱི་སྲིད་གྲོས་བྱ་གཞག་སྤུས་ཚད་མཐོ་འི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས། 

  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལདཔོན་ཀྲང་ཝེ་ཏུང་གིས་གཙོ་སྐྱོང་གནང་བ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན་ཚོགས་འདུར་ཕེབས་པཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་ཁུལ་སྲིད་གྲོས་ཀྱི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་རེད།
 ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་།ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་།སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོརཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་ཀྱིས་རང་འགན་གཙང་སྒྲུབ་དང་།གསར་གཏོད་ལག་ལེན་ལ་སྐུལ་འདེདཏང་གི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན ཁྱོན་ཡོངས་ལ་ཞབས་ཞུ་སྔར་བས་བྱས་རྗེས་འཇོག་པ ལྟ་སྐུལ་ཐབས་འདོན་ཏན་ཏིག་ནུས་ལྡནངོས་འཛིན་གཅིག་མཐུན་རྒྱ་ཆེ་གཏིང་ཟབརང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
 ཚོགས་འདུའི་ཐོག་ནན་བཤད་གནང་དོན། ད་ལོ་ནི་“ལོ་ལྔ་ཚན་བཅོ་ལྔ་”འགོ་ཚུགས་པའི་ལོ་ཡིན་པས ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་དང་།འཐབ་ཕྱོགས་གཅིག་གྱུརགྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་།མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་ཏེརང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་འི”དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནསཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ་དང་།རང་འགན་གཙང་སྒྲུབ་ནན་ཏན་བྱེད་དགོས།མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་དང་།ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བྱེད་དགོས།ལྟེ་བའི་ལས་འགན་ལ་དམིགས་ནས་སྲིད་སྐྱོང་ཇུས་འདོན་བྱེད་པ་དང་།བརྟན་ལྷིང་དང་།འཕེལ་རྒྱས།སྣོད་བཅུདམཐའ་མཚམས་བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་བའི་དོན་ཆེན་བཞིའི་འགོ་འཛུགས་ས་དང་།ཟུང་འབྲེལ་བྱེད་སཤུགས་རྒྱག་ས་བཅས་འཚོལ་ཞིབ་ཡང་དག་བྱེད་པརྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོནསྤུས་ཚད་མཐོ་བའི་འཕེལ་རྒྱས་དང་།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་ལ་ལ་ཞབས་འདེགས་ཞུ་ནས་འགན་འཁྲི་ནན་ཏན་སྒྲུབ་དགོས། ཐུན་མོང་གི་ངོས་འཛིན་གཅིག་སྡུད་ལ་དམིགས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བརང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་དཔེ་བཟང་ས་ཁུལ་འཛུགས་སྐྲུན་ལ་རམ་འདེགས་བྱེད་པམཐུན་སྒྲིལ་མཐུན་འབྲེལ་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།ཚད་གཞི་དེ་བས་མཐོ་བའི་སྒོ་ནས་སྲིད་གྲོས་ཀྱི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་དང་།སྲིད་གྲོས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པསྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་རུ་ཁག་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པལས་ཀའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
 ཚོགས་འདུའི་ཐོག་ནན་བཤད་གནང་དོན།རིམ་ཁག་ཏང་ཨུས་དུས་བཀག་ལྟར་སྲིད་གྲོས་ཀྱི་ལས་དོན་ཉན་་དང་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་བྱེད་དགོས།ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་སྲིད་གྲོས་ཀྱི་བྱེད་སྒོ་གལ་ཆེན་ནང་ཞུགས་ནས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས།རིམ་ཁག་སྡེ་ཚན་ཁག་གིས་སྲིད་གྲོས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་སྲིད་གྲོས་ཀྱིས་དེ་བས་ལེགས་པའི་སྒོ་ནས་འགན་འཁྲི་སྒྲུབ་རྒྱུར་ཆ་རྐྱེན་བསྐྲུན་དགོས།
འཇོལ་རྫོང་ཨུ་དང་ཁུལ་སྲིད་གྲོས་མི་རིགས་ཆོས་ལུགས་དང་སྤྱི་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་།ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས

ལིའོ་ཝུན་ཚའེཞུས་ཀོང་ཏེདབྱང་ཁའེ།དབྱང་ཙི་ཅང་།ཁྲེན་ཅུན་མིང་།དབྱང་ཅི་ཝུནཕན་ཞུའེ་ཡིང་།ཀྲོང་ཞའོ་ཕིང་།ཧོ་ཞུའེ་ཐའོཅུས་ཡན་ཏུང་བཅས་ཚོགས་འདུར་ཞུགས།ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་།ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁག་ཅིགཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བཅས་ཚོགས་འདུར་ཞུགས།ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར)གསུམ་དང་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་དུ་འཚོགས་ཡོད།

图片

འགན་འཁུར་རྩོམ་སྒྲིག་པ།:卓玛央初

  • བདེ་ཆེན་གསར་འགྱུར།

ཁུལ་ཨུའི་སྲིད་གྲོས་ལས་དོན་ཚོགས་འདུ་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་159འཚོཊ།

ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གིས་ཏང་ཡོན་ཡོངས་ལ་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ།

ལུའོ་ཁྲའོ་ཧྥེང་གཏེར་མ་རོང་ཤང་སློབ་ཆུང་དུ་ཞིང་ཨུའི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་བརྟག་ཞིབ་གནང་བར་ཕེབས་སྐབས་དག་ཐེར་འཕེལ་རིམ་མགྱོགས་སུ་བཏང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་ཞིང་ཆེན་རིམ་པའི་ཟུར་ཞུགས་ཟུར་ཉན་ལས་དོན་ཚོགས་ཆུང་ཚོགས་འདུར་མཛུབ་ཁྲིད་གནང་བ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་83པ་འཚོགས་པ།

འགྲན་རའི་ཕུགས་འདུན་སྙེགས་ནས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་འབད་འཐབ་བྱེད་པ།——བདེ་ཆེན་རུ་ཁག་གིས2025/2026ལོའི་འགྲན་དུས་ཀྱི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་རྒྱང་སྐྱོད་ལམ་ཚད་དངོས་བྲིས།

ཞོགས་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།ཡང་ཐང་གི་རེ་ལྕག་མེ་ཏོག

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com