中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་159འཚོཊ།

རྩོམ་པ་པོ་:和泰君  杨涛 ཁྱབ་བསྒྲགས་དུས་ཚོད་:2026-06-19 18:37:46
图片
  སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་18ཉིན ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་159བ་འཚོགས་ཏེ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་རྩོམ་ཡིག་གལ་ཆེན་དང་། མཛུབ་སྟོན་གལ་ཆེན འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་ནས་ཀྲུང་དབྱང་མཛུབ་སྟོན་ཚོགས་ཆུང་བཞི་བའི་འབྲེལ་ཡོད་ལས་ཀའི་བླང་བྱ་དང་ཞིང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་ཡིག་ཆའི་དགོངས་དོན་ལ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པདང་། རང་ཁུལ་གྱི་ལག་བསྟར་ལས་དོན་ལ་ཞིབ་འཇུག་བྱས།

  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  གྲོས་ཚོགས་ཐོག་ནན་བཤད་གནང་དོན སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་ཡག་པོ་བསྒྲུབ་རྒྱུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རོགས་སྐྱོར་གྱི་གོ་སྐབས་ལ་གཅེས་སྤྲས་བྱེད་པ ལས་དོན་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ནས་རོགས་སྐྱོར་མ་དངུལ་དང་། རྣམ་གྲངས ཤེས་ལྡན་མི་སྣ་སོགས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་《བདེན་འཚོལ》དུས་དེབ་ཐོག་གནང་བའི་གསུང་རྩོམ་གལ་ཆེན་《འབྱུང་འགྱུར་ཐོན་ལས་སྔོན་ཚོད་ནས་བཀོད་སྒྲིག་དང་འཕེལ་རྒྱས་གཏོང་དགོས》དང་། 《སློབ་གསོ་དང་ཚན་རྩལཤེས་ལྡན་བཅས་ཀྱི་འཕེལ་རྒྱས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས》 སློབ་སྦྱོང་དང་ལག་བསྟར་བྱས།ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་བཏང་སྟེ་སློབ་གསོ་དང་། ཚན་རྩལ ཤེས་ལྡན་་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། 

  གྲོས་ཚོགས་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་ལོ་102ལ་ཟིན་པའི་ཏང་ཡོན་རྒན་གྲས་ཀྲང་ལེན་ཧྲེང་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ཏང་ཡོན་རྒན་གྲས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཏང་ཡོན་རྒན་གྲས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས།

  ཚོགས་འདུའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཞི་པ་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་སྐབས་ཀྱི་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། རིམ་ཁག་ཏང་ཨུ་(ཏང་ཙུའུ)ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཞི་པའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། གནད་དོན་གྱི་འགུལ་རྣམ་འཚོལ་སྟོན་དང་། དག་ཐེར་བཅོས་སྒྲིག སྒྲིག་སྲོལ་ལམ་ལུགས་འཛུགས་པ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ།སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་བརྟན་ལྷིང་སྲུང་སྐྱོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་མངོན་པ་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་ངང་གཏོད་དགོས་པའི་ནན་བཤད་གནང་།

  ཚོགས་འདུའི་ཐོག་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་སློབ་གསོའི་དག་ཐེར་བཅོས་སྐྱོང་དམ་འཛིན་དང་། རིག་གནས་ཡུལ་སྐོར་ལུས་རྩལ་བྱེད་སྒོ་ཚད་ལྡན་དུ་གཏོང་བ དྲ་ཐོག་གི་གླེང་ཕྱོགས་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་

  ཚོགས་འདུའི་ཐོག་《ཞིང་ཨུའི་སྐོར་གཟིགས་ཚོགས་ཆུང་བརྒྱད་པས་བདེ་ཆེན་ཁུལ་ལ་སྐོར་གཟིགས་སྐོར་ཞིབ་བྱས་པའི་ཚུར་ལན་བསམ་འཆར་གྱི་རྗེས་མཐུད་དག་ཐེར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་གཅིག་སྡུད་འགག་སྒྲོལ་བྱས་ཏེ་དག་ཐེར་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་

  ཚོགས་འདུའི་ཐོག་《བདེ་ཆེན་ཁུལ་2026ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ཇུས་གཞི》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དཔྱད་ཞིབ་ལ་བརྟེན་ནས་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་དང་དཔྱད་ཞིབ་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་དུས་ཚོད་ཕྱེད་ཀ་ལྷག་ཙམ་དང་ལས་འགན་ཕྱེད་ཀ་ལྷག་ཙམ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་

  ཚོགས་འདུའི་ཐོག་《2025ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁྲིའི་ལམ་ལུགས་ཞིབ་བཤེར་དཔྱད་ཞིབ་ཀྱི་ཚུར་ལན་བསམ་འཆར་སྐོར་གྱི་དག་ཐེར་གནས་ཚུལ་སྙན་ཞུ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་དག་ཐེར་བྱས་ཟིན་པའི་དོན་ཚན་སྲ་བརྟན་ཡག་པོ་གཏོང་བ་དང་། དག་ཐེར་བྱས་མེད་པའི་དོན་ཚན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་དོན་ཁག་ལ་རྒྱུན་ལྡན་དང་ཞིབ་ཚགས།ཡུན་རིང་བཅས་བྱེད་དགོས་པའི་ནན་བཤད་གནང་བ།

  ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

འགན་འཁུར་རྩོམ་སྒྲིག་པ།:央初

  • བདེ་ཆེན་གསར་འགྱུར།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་159འཚོཊ།

ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གིས་ཏང་ཡོན་ཡོངས་ལ་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ།

ལུའོ་ཁྲའོ་ཧྥེང་གཏེར་མ་རོང་ཤང་སློབ་ཆུང་དུ་ཞིང་ཨུའི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་བརྟག་ཞིབ་གནང་བར་ཕེབས་སྐབས་དག་ཐེར་འཕེལ་རིམ་མགྱོགས་སུ་བཏང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་ཞིང་ཆེན་རིམ་པའི་ཟུར་ཞུགས་ཟུར་ཉན་ལས་དོན་ཚོགས་ཆུང་ཚོགས་འདུར་མཛུབ་ཁྲིད་གནང་བ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་83པ་འཚོགས་པ།

འགྲན་རའི་ཕུགས་འདུན་སྙེགས་ནས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་འབད་འཐབ་བྱེད་པ།——བདེ་ཆེན་རུ་ཁག་གིས2025/2026ལོའི་འགྲན་དུས་ཀྱི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་རྒྱང་སྐྱོད་ལམ་ཚད་དངོས་བྲིས།

ཞོགས་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།ཡང་ཐང་གི་རེ་ལྕག་མེ་ཏོག

ཡུན་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com