中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གིས་ཏང་ཡོན་ཡོངས་ལ་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ།

རྩོམ་པ་པོ་:何帝龙 ཁྱབ་བསྒྲགས་དུས་ཚོད་:2026-06-18 15:08:44
图片

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་6པའི་ཚེས་17ཉིན ཁུལ་ཨུའི་ཧྲུའུ་ཅི་གཞོན་པ ཁུལ་དཔོན་ཀྲང་ཝེ་ཏུང་གིས་《ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་བརྩེ་སེམས་ཟབ་མོ་དང་ནུས་ཤུགས་ཡོད་རྒུས་གངས་ལྗོངས་ས་མཐོའི་“ཞབས་འདེགས་དམག་མི”ཡག་པོ་ཞིག་བྱེད་དགོས》ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ།

ཀྲང་ཝེ་ཏུང་གིས་དང་ཐོག་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་སྐད་གྲགས་མེད་པར་བརྟན་སྲུང་དང་དཀའ་སྤྱད་འབད་འཐབ་བྱེད་པའི་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་སྔ་རྗེས་རྒྱུན་མཐུད་དང་། ཕྱོགས་སོ་སོ་མཐུན་སྦྱོར། ཁྱོན་ཡོངས་ལ་ཞབས་ཞུ། དོན་འཁྱོལ་དམ་འཛིན་བཅས་བྱེད་པའི་འགན་ནུས་གཙོ་བོ་འཁུར་ཡོད། ཚང་མས་ལོ་འཁོར་མོར་ལས་གནས་ཐོག་གཞི་ཚུགས་པ་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ནས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཐོག་ནས་ཁུལ་ཡོངས་ཀྱི་སྲིད་དོན་ལས་དོན་ནུས་ཆེ་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲིད་དོན་རྨང་གཞི་བརྟན་པོ་བཏིང་ཡོད།

ཀྲང་ཝེ་ཏུང་གིས་ནན་བཤད་གནང་དོན། སྲིད་དོན་ལས་རྗེས་ནི་ཐོག་མ་ཉིད་ནས་འགོ་ཁྲིད་ལས་བྱེད་པའི་ཆེད་གཏོགས་མིན་པ་དང་། རྣམ་གྲངས་གལ་ཆེན་གྱི་གཅིག་པུར་དབང་བའི་ཁེ་ཕན་ཡང་མིན།སྟེགས་བུའི་མདུན་དུ་མངོན་མཁན་གྱི་ཐུན་མིན་འོད་གོར་དེ་བས་ཀྱང་མིན། སྲིད་གཞུང་གཞུང་ལས་ཁང་གི་ཏང་ཡོན་མི་རེ་རེ་དང་ལས་དོན་མི་སྣ་རེ་རེ་ངོས་ནས་བརྗོད་ན་ཡག་ཐོག་ཡག་བརྩེགས་ཀྱིས་ཡིག་ཆ་རེ་རེ་ཡག་པོ་སྒྲུབ་པ་དང་། ཚོགས་འདུ་རེ་རེ་གཟབ་ནན་དང་ཞིབ་ཚགས་ངང་ཡག་པོ་འཚོགས་པ། སེམས་ནུས་ཡོད་རྒུས་དོན་དངོས་རེ་རེ་ཡག་པོ་སྒྲུབ་པ། ལྟ་སྐུལ་ཞིབ་བཤེར་རེ་རེ་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་པ། སེམས་རྩ་འཁོལ་པོས་ཞབས་ཞུ་རེ་རེ་ཡག་པོ་སྒྲུབ་པ་བཅས་ཚང་མ་ནི་དངོས་དངོས་རྗེན་རྗེན་གྱི་ལས་རྗེས་དང་ཞིབ་བཤེར་ཐེག་ཐུབ་པའི་སྲིད་དོན་ལས་རྗེས་རེད།

ཀྲང་ཝེ་ཏུང་གིས་བླང་བྱ་བཏོན་དོན། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། མཁས་པ་དགེ་རྒན་དུ་བཟུང་སྟེགུང་ཁྲན་ཏང་མི་རྒན་རབས་ཚོས་དམངས་དོན་གྱི་སྲིད་དོན་ལས་རྗེས་ལྟ་བ་མྱོང་ཚོར་ཟབ་མོ་བྱེད་དགོས། དཔེ་བསྡུར་རང་བཤེར་དང་གནད་དོན་མི་གཡོལ་ནས་གཞི་རིམ་ལས་བྱེད་པའི་སྲིད་དོན་ལས་རྗེས་ལྟ་བ་ནོར་འཁྲུལ་གྱི་འབུར་ཐོན་གནད་དོན་གནད་འཁེལ་འཚོལ་འདོན་བྱེད་དགོས། བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། ལས་གནས་ལ་གཞི་ཚུགས་ནས། བདེ་ཆེན་ལས་བྱེད་པའི་སྲིད་དོན་ལས་རྗེས་ངོ་མ་དང་འགན་འཁྲི་འཁུར་ཕོད་པ་བཅས་ཁོང་དུ་ཆུད་པབྱེད་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཏེ་“འབབ་འཕར་བརྟན་པོ་དང་དམངས་འཚོ་འགན་ལེན”དེ་ཆེས་རྨང་གཞི་དང་ཆེས་མཐའ་ཚད་ཀྱི་སྲིད་དོན་ལས་རྗེས་སུ་བརྩི་དགོས། སྣོད་བཅུད་སྲུང་ཡོལ་གྱི་མཐའ་ཚད་བརྟན་པོ་བསྲུངས་ནས་“རི་སྔོ་སྲུང་སྐྱོང་དང་། ཆུ་དྭངས་གསོ་སྐྱོང་། གསེར་རི་བརྗེ་”བཅས་ཕུགས་དང་ཡུན་རིང་གི་སྲིད་དོན་ས་རྗེས་ལ་བརྩི་དགོས། དམངས་དོན་གྱི་ཐོག་མའི་བསམ་འདུན་གྱི་མ་མཐའི་མཚམས་ཐིག་སྲུང་ནས་“བྱ་བ་ཆུང་ཙག་སྒྲུབ་པ་དང་། སེམས་ཁྲལ་ཆུང་ངུ་སེལ་བ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ”བཅས་བྱ་རྒྱུ་དེ་མང་ཚོགས་དང་འབྲེལ་འདྲིས་ཆེ་ཤོས་ཀྱི་སྲིད་དོན་ས་རྗེས་ལ་བརྩི་དགོས། མཐུན་སྒྲིལ་དང་བརྟན་ལྷིང་གི་མཐའ་ཚད་བརྟན་སྲུང་བྱས་ཏེ་“མཐུན་སྒྲིལ་ལ་སྐུལ་འདེད་དང་། དུས་བདེ་སྲུང་སྐྱོང་། ཞི་མཐུན་སྲུང་སྐྱོང”བཅས་བྱ་རྒྱུ་དེ་སྲོག་ཤིང་ཆེ་ཤོས་དང་རྩ་བའི་སྲིད་དོན་ལས་རྗེས་སུ་བརྩི་དགོས།

ཀྲང་ཝེ་ཏུང་གིས་བླང་བྱ་བཏོན་དོན། ལས་གནས་ལ་གཞི་ཚུགས་པ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལ་བརྟེན་ནས་སྲིད་གཞུང་གཞུང་ལས་ཁང་གི་“ཞབས་ཞུ་གསུམ”གྱི་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ་དང་། དད་སེམས་བརྟན་པོ་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ ཉམས་སད་ཐེག་ཐུབ་པའི་འཇོན་ཐང་། སྤྱོད་གཙང་གི་རང་གཤིས་བཅས་ལ་བརྟེན་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

ཁུལ་སྲིད་གཞུང་གི་ལས་གནས་སུ་ཡོད་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཡོན་ཡོངས་སློབ་སྦྱོང་ལ་ཞུགས།

  • བདེ་ཆེན་གསར་འགྱུར།

ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གིས་ཏང་ཡོན་ཡོངས་ལ་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ།

ལུའོ་ཁྲའོ་ཧྥེང་གཏེར་མ་རོང་ཤང་སློབ་ཆུང་དུ་ཞིང་ཨུའི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་བརྟག་ཞིབ་གནང་བར་ཕེབས་སྐབས་དག་ཐེར་འཕེལ་རིམ་མགྱོགས་སུ་བཏང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་ཞིང་ཆེན་རིམ་པའི་ཟུར་ཞུགས་ཟུར་ཉན་ལས་དོན་ཚོགས་ཆུང་ཚོགས་འདུར་མཛུབ་ཁྲིད་གནང་བ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་83པ་འཚོགས་པ།

འགྲན་རའི་ཕུགས་འདུན་སྙེགས་ནས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་འབད་འཐབ་བྱེད་པ།——བདེ་ཆེན་རུ་ཁག་གིས2025/2026ལོའི་འགྲན་དུས་ཀྱི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་རྒྱང་སྐྱོད་ལམ་ཚད་དངོས་བྲིས།

ཞོགས་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།ཡང་ཐང་གི་རེ་ལྕག་མེ་ཏོག

ཡུན་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་བ།

བདེ་ཆེན་རུ་ཁག་རྐང་རྩེད་སྤོ་ལོའི་ཆད་གྲུག་ཁྲོད་ཁུན་མིང་རུ་ཁག་ལས་ཕམ་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com