ཁུལ་ཞིང་ལས་ཚན་རྩལ་ཁང་གིས་སྤྱོད་ཚུལ་གསར་བརྗེ་དང་ལས་ཕྱོད་གསར་བརྗེ་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་ལ་ནུས་པ་འདོན་ཏེ་མཐོ་སྒང་གི་ཞིང་ལས་འཕེལ་རྒྱས་ཀྱི་རོལ་དབྱངས་གསར་པ་དཀྲོལ་ཡོད།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཁུལ་ཞིང་ལས་ཚན་རྩལ་ཞིབ་འཇུག་ཁང་གིས་སྤྱོད་ཚུལ་གསར་བརྗེ་སྣེ་ཁྲིད་དུ་རྩིས་བ་དང་ལས་ཕྱོད་གསར་བརྗེ་དམ་འཛིན་ས་བྱས་ཏེ་ཚན་རྩལ་ནུས་སྤྲོད་དང་དཔེ་རྣམ་གསར་གཏོད། གནད་ལ་འཁེལ་བའི་ཞབས་ཞུ་བཅས་ཕྱོགས་གསུམ་ལ་བརྟེན་ནས་མཐོ་སྒང་གི་ཞིང་ལས་འཕེལ་རྒྱས་ཀྱིི་རོལ་དབྱངས་གསར་པ་དཀྲོལ་ཡོད།
སྤྱོད་ཚུལ་བསྒྱུར་རྒྱུ་ནི་བསྡད་ནས་གླེང་བ་དང་ཡར་ལངས་ནས་ལག་ལེན་བྱ་དགོས།
སེམས་ཀྱིི་ཉི་ཟླ་གྲོང་ཁྱེར་རོང་པ་ཞང་ཐང་སྨད་གྲོང་ཚོར། ས་ཆ་དེ་གའི་མཚོ་འཕགས་མཐོ་ཚད་སྨི་3160ཡོད་པའི་དམིགས་བསལ་ཁོར་ཡུག་ལ་དམིགས་ནས། རིགས་གཅིག་མཁས་ཅན་ལིའུ་ཧུང་ཀའོ་ལས་དོན་ས་ཚིགས་དང་མཉམ་འབྲེལ་ཐོག་འགག་སྒྲོལ་ཚོགས་ཆུང་བཙུགས་པ་དང་རྒྱུན་སྡོད་རྟེན་གཞིར་ལག་རྩལ་འགག་སྒྲོལ་བྱས་ཏེ།སོན་རིགས་འདེམས་གསོ་དང་གསོ་སྐྱོང་རྨང་སྡེབ་སྒྲིག་ནས་ཞིང་ནང་དོ་དམ་བྱེད་པའི་བར། བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་མཛུབ་ཁྲིད་བྱས་ཏེ།སྨྱུག་ཤྭ་མཐོ་གྲང་ས་ཁུལ་དུ་འདེབས་འཛུགས་བྱེད་པའི་ལག་རྩལ་གྱི་དཀའ་གནད་གྲུབ་འབྲས་ཐོབ་པའི་སྒོ་ནས་སེལ་ཏེ་ཤ་མོ་ནང་གི་རྒྱལ་མོ་ཞེས་པ་དེ་གངས་ལྗོངས་མཐོ་སྒང་དུ་རྩ་བ་ཚུགས་བཅུག འཇོལ་རྫོང་ཐང་སྟེང་ཞང་དང་བྲག་ཞབས་ཞང་དུ་སྲོལ་རྒྱུན་འདེབས་འཛུགས་ཀྱིི་འབྲུ་རིགས་ལོ་ཏོག་དང་དཔལ་འབྱོར་ལོ་ཏོག་གིས་རྨོ་ཞིང་བེད་སྤྱོད་ཐད་ཀྱིི་འགྲན་རྩོད་འབྲེལ་བ་ཞེས་པའི་འགལ་བ་མདུན་དུ་ཚན་རིག་ཞིབ་འཇུག་མི་སྣས་ཞིང་དུད་དང་མཉམ་དུ་ཟ་བ་དང་སྡོད་པ།མཉམ་དུ་ངལ་རྩོལ་བཅས་བྱས་ནས་མཐར་སྲན་དཀར་དང་ཀྲུང་ལུགས་སྨན་རྫས་བར་དུ་སྡེབ་འདེབས་བྱེད་པའི་གནོད་མེད་འཁོར་སྐྱོད་བྱེད་སྟངས་འཚོལ་ཞིབ་བྱས་པས་འབྲུ་རིགས་ཐོན་སྐྱེད་འགན་ལེན་ཐུབ་པར་མ་ཟད། ཡོང་འབབ་འཕར་བའི་ཐབས་ལམ་ཡང་ཆེ་རུ་ཕྱིན་ཡོད།
ཁུལ་ཞིང་ལས་ཚན་རིག་ཁང་གིས་ཏང་ཡོན་གྱི་འགན་འཁྲི་ཁུལ་དང་རིགས་གཅིག་མཁས་ཅན་གྱི་དཔེ་སྟོན་ལས་གཞི། ལག་རྩལ་ཞབས་ཞུའི་ས་ཚིགས་བཅས་ཟུང་འབྲེལ་བྱས་པའི་རིམ་པ་གསུམ་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། ལོ་རེར་ཚན་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ལས་གནས་དང་པོའི་ནང་དུ་མི་ཐེངས་2000ལྷག་ཙམ་འགྲོ་བ་དང་། རིན་མེད་ལག་རྩལ་གསོ་སྦྱོང་ཐེངས་35ཡན་སྤེལ། ཞིང་པ་མི་ཐེངས་5000ལྷག་ཙམ་གསོ་སྦྱོང་བྱས་ཏེ། ལག་རྩལ་སློབ་ཚན་ཞེས་པ་དེ་ཞིང་ནང་དུ་སྤོ་ནས་མང་ཚོགས་ལ་སློབ་སྦྱོང་བྱེད་ཐུབ་པ་དང་སྤྱོད་ཐུབ་པ། ཡོང་འབབ་འཕར་ཐུབ་པ་བཅས་བྱེད་བཅུག་དགོས། གནད་དོན་འཁྱེར་ནས་གཞི་རིམ་དུ་འགྲོ་བ་དང་དཀའ་གནད་ལས་གནས་དང་པོར་ཐག་གཅོད་བྱེད་ཅེས་པའི་སྤྱོད་ཚུལ་འགྱུར་ལྡོག་དེ་ནི་ཞིང་ལས་ཚན་རིག་ཁང་གིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་སྒུལ་ཤུགས་སུ་གྱུར་ཡོད།
ཕན་ནུས་མཐོར་འདེགས་གཏོང་བ་ནི་ཕྱོགས་གཅིག་གི་ཐོད་བརྒལ་ནས་མ་ལག་འདུས་གྲུབ་ཅེས་པའི་བར་ཡིན།
ཁུལ་ཞིང་ལས་ཚན་རིག་ཁང་གིས་རིག་ཚན་གྱི་བཀག་རྒྱ་དང་ཐོན་ལས་ཀྱིི་དབྱེ་མཚམས་གཏོར་ནས་ཚན་ཞིབ་དང་དཔེ་སྟོན། ཁྱབ་སྤེལ། འབབ་འཕར་བཅས་ཀྱིི་འབྲེལ་ཐག་ཧྲིལ་པོའི་ལས་ཀའི་མ་ལག་བཙུགས་ཏེ་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་ངང་དོན་དངོས་ཀྱིི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ཐུབ་པ་བྱས།
ཟུར་སྣོན་རིན་ཐང་མཐོ་བ་དང་སྐྱེ་འཚམ་རང་བཞིན་ཆེ་བའི་སོན་རིགས་ལ་དམིགས་ཏེ་ས་གནས་ལ་གཞིགས་ནས་ཤ་མོ་བཙུགས་ཞེས་པ་དང་ཤ་མོ་རེས་འདེབས་ཞེས་པ་སོགས་གསར་གཏོད་བྱེད་སྟངས་ཞིབ་འཇུག་གསར་སྤེལ་བྱས་ཏེ། སྨྱུག་ཤྭ་རྩེར་སོན་དེ་གྲུབ་འབྲས་ཐོབ་པའི་ངང་ཚོད་ལྟ་བྱས་ནས་འདེབས། རིགས་དེའི་ཐོན་རྫས་སོས་པའི་ཆ་སྙོམས་རིན་གོང་སྤྱི་རྒྱ་རེར་སྒོར་100ནས་སྒོར་300བར་ཟིན་པ་དང་། སྐམ་རྫས་ཀྱིི་རིན་གོང་སྤྱི་རྒྱ་རེར་སྒོར་800ལས་བརྒལ། ཐང་སྨད་གྲོང་ཚོའི་མུའུ་38ཡི་བཟའ་བཅའ་ཤ་མོའི་རྟེན་གཞིར་བརྟེན་ནསཚན་རིག་ཞིབ་འཇུག་ཁང་དང་རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ་བྱས་པའི་འཕེལ་རྒྱས་ཀྱིི་རྣམ་པ་ཆགས།
ཕན་འབྲས་མངོན་པ་ནི་ཐོན་ལས་ནུས་སྤྲོད་ཅེས་པ་ནས་གྲོང་གསེབ་དར་རྒྱས་ཞེས་པའི་བར་ཡིན།
ཁུལ་ཞིང་ལས་ཚན་རིག་ཁང་གིས་གཟེར་རྒྱག་པའི་སྙིང་སྟོབས་ཐོག་ནས་སྤྱོད་ཚུལ་བསྒྱུར་བར་དམ་འཛིན་བྱས་ཏེ། འཕྲལ་དུ་སྒྲུབ་ཅེས་པའི་རྣམ་འགྱུར་ཐོག་ནས་ལས་ཀའི་ཕན་ནུས་ཆེ་རུ་གཏོང་། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས་མང་ཚོགས་ཀྱིི་རེ་སྒུག་ལ་ལན་བཏོན།ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱིི་དཀའ་གནད་ཐག་གཅོད་བཅས་བྱས་ཏེ། སྔ་རྗེས་སུ་ཞིང་ཆེན་རིམ་པའི་ཡུན་ནན་ཞིང་ཆེན་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་ཀྱིི་སྔོན་ཐོན་ཐུན་མོང་ཞེས་པ་སོགས་གཟི་བརྗིད་མང་པོ་ཐོབ། དུས་རིམ་རྗེས་མར། ཞིང་ལས་ཚན་རིག་ཁང་དེས་སྤྱོད་ཚུལ་གསར་བརྗེ་དང་ལས་ཕྱོད་གསར་བརྗེ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ཀྱིི་དགོས་མཁོར་དམིགས་ཏེ་ལྟེ་བའི་ལག་རྩལ་ལ་མུ་མཐུད་ནས་འགག་སྒྲོལ་དང་འཕེལ་རྒྱས་གཏོང་སྟངས་གསར་གཏོད། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བས།རང་ཁུལ་གྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཚན་རྩལ་གྱི་འདེགས་སྐྱོར་སྔར་ལས་སྲ་བརྟན་ཞིག་འདོན་སྤྲོད་བྱ་རྒྱུ།
- བདེ་ཆེན་གསར་འགྱུར།
དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།
ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108