中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

པའོ་ཧོ་གྲོང་རྡལ་སྤྱི་ཚོགས་འགན་བཅོལ་ལྟེ་གནས་ཀྱིས་རྩེ་སེམས་གཅིག་སྒྲིམ་གྱིས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ།

རྩོམ་པ་པོ་:张燕 ཁྱབ་བསྒྲགས་དུས་ཚོད་:2026-06-25 09:10:14 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
 

ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱིས་ལག་ལེན་ལ་བརྟེན་ནས་སློབ་སྦྱོང་གི་ཕན་འབྲས་འགྱུར་ལྡོག་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་དོན་དངོས་རེ་རེའི་ཁྲོད་ནས་དམངས་འཚོའི་འགྱུར་ལྡོག་གསར་པ་མྱོང་ཚོར་བྱེད་དུ་བཅུག

གནད་ལ་འཁེལ་བའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་ལས་གནས་མི་ལ་སྐྱེལ་བ། ལྟེ་གནས་དེས་ཁེ་ལས་ཀྱིས་“ལས་མི་སྤྱོད་དཀའ་བ་”དང་མང་ཚོགས་ཀྱིས་“ལས་ཞུགས་དཀའ་བའི་”ཕྱོགས་གཉིས་ཀྱི་དགོས་མཁོར་དམིགས་ནས་“ལས་ཞུགས་ཐད་སྐྱོད་རླངས་འཁོར་”གྱི་ཞབས་ཞུའི་སྟེགས་བུ་གསར་གཏོད་བྱས་ནས་བཏོན། ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ཁེ་ལས་དང་ཚོང་ཁང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་བྱ་ཡུལ་སོགས་སུ་ཟབ་ཞུགས་བྱས་ནས་ལས་མི་བཀོལ་སྤྱོད་ཀྱི་བརྟག་དཔྱད་བྱས་ཏེ་ལས་གནས་ཀྱི་ཆ་འཕྲིན་རྒྱ་ཁྱབ་ངང་བསྡུ་རུབ་བྱས། གྲོང་རྡལ་རིམ་པའི་ལས་ཞུགས་ཞབས་ཞུའི་སྟེགས་བུ་དང་དེ་བཞིན་དྲ་ཐོག་ཐབས་ལམ་མང་པོར་བརྟེན་ནས་གདན་ཞུའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་སྤེལ་བྱས་ནས་“མིས་ལས་གནས་འཚོལ་བ་”དང་“ལས་གནས་ཐོག་ནས་མི་འཚོལ་བ་”ཕྱོགས་གཉིས་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་ཐུབ་པ་བྱས་ཏེ་མང་ཚོགས་སྒོ་ཁ་ནས་ལས་བཟོ་པའི་ཆ་འཕྲིན་རག་ཐབས་བྱེད་ཀྱི་ཡོད། མིག་སྔའི་བར། ས་གནས་དེ་གའི་མང་ཚོགས་234ལས་སྟེགས་དེ་བརྒྱུད་ནས་ལས་ཞུགས་བརྟན་པོ་བྱུང་ཞིང་གྲོང་རྡལ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་བྱེད་ཚད་81.56%ཟིན་ཡོད།

རྩལ་ནུས་ལ་ནུས་པ་སྤྲད་དེ་ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་། ལྟེ་གནས་དེས་ཁྲོམ་རའི་དགོས་མཁོར་དམིགས་ནས་མི་མེད་གནམ་གྲུ་བཀོལ་སྤྱོད་དང་ནགས་སྲུང་པ། སེན་མོ་མཛེས་བཟོ་སོགས་རྩལ་ནུས་གསོ་སྦྱོང་བྱས་པས་མི་ཐེངས་336ལ་ཁྱབ་པ། “གསོ་སྦྱོང་དང་ལས་གནས་ཟུང་འབྲེལ་བྱས་པ་”ཁྱབ་གདལ་བཏང་ནས་གཅིག་གཏད་གཅིག་ལ་འོས་སྦྱོར་བྱེད་སྟངས་ཁྱབ་གདལ་བཏང་། དེ་དང་ཆབས་ཅིག་“ཀའོ་ཆོན་ཁྱིམ་སྐྱོད་”དང་“ལ་ཧོ་ཀྲུའུ་འཛུགས་སྐྲུན་”དང་“ལུའོ་མའི་ཉོ་སྐྱེལ་”སོགས་ས་གནས་དེ་གའི་ངལ་ལས་སྤུས་རྟགས་གཏོད་པར་ཤུགས་སྣོན་བརྒྱབ་སྟེ་ལས་མི་ཚོའི་ཉིན་རེའི་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན། གཞན་ཡང་། གྲོང་རྡལ་ཡོངས་ཀྱིས་རོགས་སྐྱོར་འཁོར་ཁང་བརྒྱུད་མི་485ལས་ཞུགས་ཐུབ་པ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་287གསར་སྤེལ་བྱས་ནས་དཀའ་ངལ་ཡོད་པའི་མི་སྣ་གཙོ་གནད་ཐོག་བཀོད་སྒྲིག་བྱས་ཡོད།

“སྤྱི་ཚོགས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་གྲངས་འཛིན་ཞབས་ཞུ་”བྱས་ནས་དམངས་འཚོའི་འགན་ལེན་བརྟན་པོ་བཟོ། ད་ལོའི་ལོ་སྟོད་དུ། ལྟེ་གནས་དེས་གྲོང་ཚོ་དང་སྡེ་ཁུལ་གྱི་སྤྱི་ཚོགས་འགན་བཅོལ་ལས་ཚབ་པ་དང་ཆ་འཕྲིན་པ་སོགས་དང་མཉམ་དུ་སྤྱི་ཚོགས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བའི་འགག་སྒྲོལ་ཟླ་བའི་བྱེད་སྒོ་སྤེལ་ནས་འགན་བཅོལ་ནང་ཞུགས་མེད་པ་དང་འགན་བཅོལ་འཇལ་མཚམས་འཇོག་མཁན་ལ་གཅིག་གཏད་གཅིག་གི་དྲན་སྐུལ་དང་གནས་གཏད་ཞབས་ཞུ་བྱས་ཏེ་ཁྱབ་རྒྱ་ཆེ་རུ་གཏོང་བའི་དཀའ་གནད་སེལ་བས་པའོ་ཧོ་གྲོང་རྡལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་དངོས་སུ་བསྡུ་ལེན་དང་འཇལ་སྤྲོད་བྱེད་ཚད་50.35%སླེབས། དེ་དང་ཆབས་ཅིག་གྲངས་གཞིའི་ནུས་པ་སྤྲོད་རྒྱུར་བརྟེན་ནས་གྲོང་རྡལ་ཡོངས་ཀྱིས་གློག་རྡུལ་སྤྱི་ཚོགས་འགན་བཅོལ་ཁཱ་དང་དྲ་ཐོག་སྲིད་དོན་ལས་སྟེགས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་གྲོང་ཚོ་རིམ་པའི་སྤྱི་ཚོགས་འགན་བཅོལ་ལས་ཚབ་ས་ཚིགས་བཙུགས་ནས་འགུལ་སྐྱོད་སྟབས་བདེ་མེད་པའི་ཚོགས་སྤྱིར་སྒོ་རྩར་ལས་དོན་སྒྲུབ་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད།

“ལྟ་སྐུལ་དང་དྲིལ་བསྒྲགས་”བྱས་ནས་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱས། ལྟེ་གནས་དེས་“སྤྱི་ཚོགས་འགན་བཅོལ་གྱི་ལས་ཞུགས་སྲིད་ཇུས་ཁྱིམ་ཚང་ཁྲི་ལ་ཁྱབ་པའི་”བྱེད་སྒོ་དང་སྒོ་རའི་ཚོགས་འདུ། བརྙན་ཐུང་སོགས་ཀྱི་རྣམ་པའི་ཐོག་ནས་ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཀྱི་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་7×ཆུ་ཚོད་24ཡི་དྲ་ཐོག་བློ་འདྲི་ལམ་སྲོལ་དུས་གཅིག་ཏུ་བཙུགས་ནས་མང་ཚོགས་ལ་བློ་འདྲི་བྱེད་ས་ཡོད་པ་དང་དོགས་གནད་ལ་ལན་འདེབས་ཐུབ་པའི་འགན་ལེན་བྱས། ཆ་འཕྲིན་ཡོངས་བསྒྲགས་ཐད་ཟླ་རེ་བཞིན་འབྲེལ་ཡོད་མ་དངུལ་གཏོང་སྤྲོད་དང་ལས་གནས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུ་ཡིན། ངལ་རྩོལ་ཁེ་དབང་འགན་སྲུང་ཐད་“ལམ་ལུགས་དྲུག་དང་མ་དངུལ་གཅིག་”གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ལས་མི་བཀོལ་སྤྱོད་ལྟ་ཞིབ་དང་གླ་ཕོགས་ཆད་འགྱངས་འདུམ་འགྲིག་ལ་ཤུགས་སྣོན་བརྒྱབ་ནས་ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུའི་འགན་ལེན་བྱས།

དུས་རིམ་རྗེས་མར་པའོ་ཧོ་གྲོང་རྡལ་སྤྱི་ཚོགས་འགན་བཅོལ་ལྟེ་གནས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་མུ་མཐུད་ཁྲིད་སྟོན་དུ་བྱས་ཏེ་སྤུས་རྟགས་ཅན་གྱི་ཁྱབ་གདལ་དང་སྒྲིག་འཛུགས་ཅན་གྱི་འཁོར་སྐྱོད། གནད་འཁེལ་ཅན་གྱི་གཏོང་འདོན། སེམས་ཁྲལ་མེད་པའི་འགན་ལེན་བཅས་ལ་དམིགས་ནས་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ་དམངས་འཚོར་ཕན་པ་དང་དམངས་སེམས་ལ་དྲོ་སྐྱིད་གཏོང་བའི་ལས་དོན་མང་ཚོགས་ཀྱི་སེམས་ཁམས་སུ་སྒྲུབ་རྒྱུ་ཡིན།

  • བདེ་ཆེན་གསར་འགྱུར།

པའོ་ཧོ་གྲོང་རྡལ་སྤྱི་ཚོགས་འགན་བཅོལ་ལྟེ་གནས་ཀྱིས་རྩེ་སེམས་གཅིག་སྒྲིམ་གྱིས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ།

སྔོ་ལྗང་རི་ཀླུང་གིས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་བྱེད།——པོ་ཏ་མཚོ་ཡུལ་སྐོར་ལས་རིགས་ཡན་ལག་ཀུང་སིས་ལྗང་མདོག་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་སྣོད་བཅུད་མཛེས་རིས་བཞེངས་པ།

ས་མཐོའི་འགྲན་རའི་ཚེ་སྲོག་གི་འགོག་སྲུང་འཛིང་རགས་ཏེ།ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོ་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་སྨན་བཅོས་འགན་སྲུང་ལས་དོན་གྱི་དངོས་བྲིས།

ཁུལ་ཨུ་ཡིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་18པ་འཚོགས།

རྟ་ཁ་བཏགས་ཀྱིས་གངས་ལྗོངས་ཀྱི་དམངས་སྲོལ་རིག་གནས་རྣམ་པར་མངོན།

སྨི་1000གི་རྟ་རྒྱུག་འགྲན་བསྡུར་ངོ་མཚར་ཆེ་བའི་འགོ་ཚུགས་པ།

རྟ་རྒྱུག་འགྲན་ཚོགས་ཐོག་གི་རྟ་པའི་ཉམས་འགྱུར།

2026ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་ཚོགས་འགོ་ཚུགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com