中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྔོ་ལྗང་རི་ཀླུང་གིས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་བྱེད།——པོ་ཏ་མཚོ་ཡུལ་སྐོར་ལས་རིགས་ཡན་ལག་ཀུང་སིས་ལྗང་མདོག་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་སྣོད་བཅུད་མཛེས་རིས་བཞེངས་པ།

ཁྱབ་བསྒྲགས་དུས་ཚོད་:2026-06-24 15:25:32 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   ལོ་མང་རིང་ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི་པོ་ཏ་མཚོ་ཡུལ་སྐོར་ཡན་ལག་ཀུང་སིས“ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་བྱེད་པ་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”འདུ་ཤེས་ལག་ལེན་བསྟར་ནས།སྣོད་བཅུད་སྲུང་སྐྱོང་ལ་གཞོལ་བ་དང་།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།སྡེ་ཁུལ་མཉམ་སྐྲུན་གཏིང་ཟབ་བྱེད་པ།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་གི་རྒྱུགས་ཤོག་བྲིས་ཏེ།སྔོ་ལྗང་རི་ཀླུང་ནས་སྣོད་བཅུད་དང་།དཔལ་འབྱོར།དམངས་འཚོ་བཅས་ཀྱི་རིན་ཐང་མང་པོ་མུ་མཐུད་མངོན་པར་བྱེད་དགོས།

    སྣོད་བཅུད་རྨང་གཞིར་བྱས་ཏེ་མཐོ་སྒང་ལ་སྲུང་སྐྱོང་གང་ལེགས་བྱེད་པ།

    པོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་ནགས་ཚལ་དང་།མཚེའུ།འདམ་ར།སྤང་ཐང་།གངས་རི་སོགས་སྣ་མང་སྣོད་བཅུད་མ་ལག་ཡོད་པ་དང་།ཡུན་ནན་ནུབ་བྱང་གི་ཆུ་འགོ་གསོ་འཁྱོངས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལྟེ་བའི་ས་ཁོངས་ཀྱི་གྲས་ཤིག་ཡིན། མཛེས་ལྗོངས་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་དང་།ཆུ་སྲམ་སོགས་སྲོག་ཆགས་དཀོན་པོ་དེ་གར་འཚོ་སྡོད་བྱེད་ཀྱི་ཡོད་པས།གང་སར་ས་མཐོའི་སྣོད་བཅུད་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་མངོན་ཡོད།
    ཀུང་སིས་སྣོད་བཅུད་སྲུང་སྐྱོང་སྔོན་ལ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ལྟེ་བའི་སྲུང་སྐྱོང་ཁུལ་དང་སྤྱིར་བཏང་གི་ཚོད་འཛིན་ཁུལ་ཚན་རིག་དང་མཐུན་པའི་ངང་དབྱེ་བ་ཕྱེ་སྟེ་ནགས་ཚལ་དང་།འདམ་ར།བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་གནས་ཁུལ།བདག་ཏུ་མ་བཟུང་བའི་རྩི་ཤིང་གི་འཚོ་གནས་ཁུལ།ས་གཤིས་ཀྱི་རྗེས་ཤུལ་དང་དེ་བཞིན་སྲོལ་རྒྱུན་མི་རིགས་ཀྱི་གྲོང་ཚོ་བཅས་ས་ཁོངས་ཧྲིལ་པོའི་དོ་དམ་སྲུང་སྐྱོང་གི་མ་ལག་ནང་བཅུག་ཡོད་པ་རེད། མིག་སྔའི་བར་དུ། རིམ་རྩིས་བྱས་ན་སྒོར་དུང་ཕྱུར་2.01བཏང་ནས་སྣོད་བཅུད་ཅན་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱས་པས་སྤྱི་ལེ་60.4ཡོད་པའི་སྣོད་བཅུད་མེ་ཟོན་ལམ་དང་སྤྱི་ལེ་10ཡོད་པའི་ཤིང་རྒྱུ་གཙང་སྦྲའི་འཁོར་ལམ་བསྐྲུན་པ་རེད།མཛེས་ལྗོངས་ཁུལ་ནང་གི་གསང་སྤྱོད་ཁང་12རིམ་སྤོར་སྒྱུར་བཀོད་ཀྱི་ལས་འགན་ལེགས་སྒྲུབ་བྱས། ལྟ་སྐོར་རླངས་འཁོར་གྱིས་རྒྱལ་ཁབ་ཀྱི་ཕྱིར་འབུད་ཚད་གཞི་Ⅵལག་ལེན་བསྟར་བ་དང་། ཡུལ་སྐོར་གྲུ་གཟིངས་ཀྱིས་ནུས་རྒྱུ་གཙང་མ་ཁྱོན་ཡོངས་ནས་བསྒྱུར་བ་བྱས་ནས། གཉེར་སྐྱོང་བྱེད་སྒོས་རང་བྱུང་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཕྱོགས་ཡོངས་ནས་ཆུང་དུ་བཏང་ཡོད།
    ཐུན་མོང་མ་ཡིན་པའི་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས་ཀུང་སིས་མཛེས་ལྗོངས་ཁུལ་གྱི་སྣོད་བཅུད་སློབ་གསོའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རང་བྱུང་ལ་ལྟ་བ་དང་།འབྲོག་ཁུལ་མྱོང་རོལ།མཚོ་འགྲམ་དུ་བྱ་རིགས་ལ་ལྟ་བ་སོགས་བརྗོད་བྱ་གཙོ་བོའི་རྐང་ཐང་མའི་ལམ་ཐིག་5བཀོད་སྒྲིག་བྱས་ཡོད།བལ་འཐག་མཚོ་རུ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སློབ་གསོའི་དཔེ་མཛོད་ཁང་ཐོག་མ་བསྐྲུན་ནས།ཞིང་ལས་རིག་གནས་དང་རྩི་ཤིང་སྒྱུ་རྩལ་རི་མོ་སོགས་ཀྱི་སྤྲོ་བ་ལྡན་པའི་སློབ་ཚན་བཀོད་སྒྲིག་བྱས་ཡོད།ཞིབ་འཇུག་སློབ་སྦྱོང་གི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་བར་བརྟེན་ནས་པོ་ཏ་མཚོ་མཛེས་ལྗོངས་ཁུལ་དེ་སྔ་རྗེས་སུ་ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་གྱི་སློབ་གསོའི་རྟེན་གཞི་དང་།ཡུན་ནན་གྱི་ཕྱི་རོལ་གྱི་སྒར་ས་རྩེ་གྲ་བཅུ།ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཡུལ་སྐོར་གྱི་ལག་ཁྱེར་ཡོད་པའི་ཚན་པ་ཐོག་མ་བཅས་སུ་བདམས་ནས་སྣོད་བཅུད་འདུ་ཤེས་བརྒྱུད་སྤེལ་དང་རང་བྱུང་ཤེས་བྱ་ཁྱབ་གདལ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
    དམངས་འཚོ་རྩ་བར་བཟུང་ནས་སྣོད་བཅུད་ཀྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བ།
    པོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ཁོར་ཡུག་བདག་སྐྱོང་ཁོ་ན་ཙམ་མ་ཡིན་པར་སྣོད་བཅུད་དང་དམངས་འཚོའི་དབར་ཕན་ཚུན་སྟོབས་ཤུགས་འཕེལ་རྒྱུ་དང་སྲུང་སྐྱོང་དང་འབབ་འཕར་དབར་གཉིས་ཁེ་གཉིས་ཕན་གྱི་ལག་ལེན་དངོས་ཤིག་རེད།དེ་སྔོན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་ཚོའི་ལམ་བཟང་གྲོང་མིའི་ཚོགས་ཆུང་སོགས་མཛེས་ལྗོངས་ཁུལ་ཉེ་འཁོར་གྱི་གྲོང་ཚོ་དང་ཚོགས་ཆུང་གི་གྲོང་མི་རྣམས་ཀྱིས་གང་གནས་དེ་ཟ་དང་།ཤིང་གཅོད་པ།ཕྱུགས་འཚོ་བ་སོགས་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད།སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་པ་དང་བསྟུན་ནས་ས་གནས་དེ་གའི་གྲོང་ཚོའི་ཐོན་སྐྱེད་དང་འཚོ་བའི་བྱེད་ཐབས་རང་འགུལ་ངང་འགྱུར་ལྡོག་ཕྱིན་པ་དང་།ཤིང་གཅོད་ཡོ་བྱད་བཞག་པ་དང་།གནས་སྐབས་ཀྱི་ཚོང་ཟོག་བཤམས་ས་བསྡུས་པ།ཕྱུགས་རིགས་གསོ་ཚགས་བྱེད་སྟངས་ཚད་ལྡན་དུ་བཏང་བ་བཅས་བྱས་ནས་གཅིག་རྗེས་གཉིས་མཐུད་ངང་སྔོ་ལྗང་རི་ཀླུང་གི་སྲུང་སྐྱོང་པར་གྱུར་ཡོད།
    གྲོང་མིས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཆེད་ཀུང་སིས་ཕུགས་ཕན་དང་སྣ་མང་གི་སྡེ་ཁུལ་གྱི་རོགས་སྐྱོར་ལམ་སྲོལ་བཙུགས་ནས་སྣོད་བཅུད་ཀྱི་ཁེ་སྤོགས་དུད་ཚང་ཁྲི་སྟོང་མང་པོར་བགོ་བཤའ་བརྒྱབ་པ་རེད། ད་ལྟ་གྲོང་མི་མཛེས་ལྗོངས་ཁུལ་འཕེལ་རྒྱས་ཀྱི་མཉམ་ལས་པར་གྱུར་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད། དེ་མིན་མཛེས་ལྗོངས་ཁུལ་དེ་ད་དུང་ས་གནས་དེ་གའི་གྲོང་མི་ཚོ་ཐག་ཉེ་སར་ལས་ཞུགས་ཐུབ་པའི་བློས་འགེལ་ཆོག་པའི་ལས་སྟེགས་ཤིག་ཏུ་གྱུར་ནས། གྲོང་མི་མི་ཉུང་བ་ཞིག་མཛེས་ལྗོངས་ཁུལ་དུ་ལས་ཞུགས་བྱས་ཏེ་སྣོད་བཅུད་སྐོར་གཡེང་པ་དང་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་མི་སྣར་གྱུར་ནས་ཉིན་ལྟར་ནགས་རི་དང་མཚེའུ་འགྲམ་དུ་བསྐྱོད་དེ་ཁྱིམ་གྱི་སྒོ་འགྲམ་གྱི་མཛེས་ལྗོངས་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད།ལས་ཞུགས་རོགས་སྐྱོར་ཕུད།ཀུང་སིས་ད་དུང་མུ་མཐུད་དུ་གཅེས་སེམས་སློབ་སྐྱོར་བྱེད་སྒོ་སྤེལ་ནས།གཅེས་སེམས་ལ་བརྟེན་ནས་ཁྱིམ་ཚང་དབུལ་པོའི་སློབ་མར་སློབ་གཉེར་གྱི་ལམ་བུ་གསལ་བར་བྱས་ཡོད།
    ཁོམ་གསེང་གི་དུས་སུ།གྲོང་མི་ཚོས་གར་སྟེགས་ཐོག་ཏུ་རྒྱལ་ཐང་སྐོར་བྲོ་འཁྲབ་པ་དང་།ཐང་གའི་འབྲི་རྩལ་མངོན་པ།མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་བཅས་ཕྱོགས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ནས་སྲོལ་རྒྱུན་དམངས་སྲོལ་རིག་གནས་སྣོད་བཅུད་ཡུལ་སྐོར་གྱི་ཞིང་ས་གཤིན་པོའི་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས་ཡོད།
    ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་འབྱུང་འགྱུར་ལ་ཁ་ཕྱོགས་པ།
    གང་གནས་དེ་ཟ་ནས་ལྗང་མདོག་འབབ་འཕར་སྲུང་སྐྱོང་བྱེད་པའི་བར་དང་།གཞན་དབང་དུ་དོ་དམ་བྱེད་པ་ནས་རང་འགུལ་ངང་སྲུང་སྐྱོང་བྱེད་པའི་བར།པོ་ཏ་མཚོའི་མཛེས་ལྗོངས་ཁུལ་ཕྱོགས་སྒྱུར་བྱེད་པའི་ལམ་བུ་དེ་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་བ་བྱེད་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་གཙོ་གནད་ས་ཁོངས་ཤིག་ཡིན་པའི་ཆ་ནས།ཀུང་སིས་ཐོག་མཐའ་བར་གསུམ་དུ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་སྔོན་ལ་སྦགས་བཙོག་བཟོས་རྗེས་དེ་ནས་བཅོས་སྐྱོང་བྱེད་པའི་ལམ་རྙིང་རྩ་བ་ནས་དོར་ཏེ།རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་དུ་འགྱུར་བའི་སྲུང་སྐྱོང་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་།སྐྱེ་ཁམས་ཉམས་གསོ་བྱས་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ཡོད།སྤྱི་ཚོགས་དང་ཁེ་ལས་མཉམ་སྐྲུན་མཉམ་སྤྱོད་བྱེད་སྟངས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་།སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བར་སྐུལ་སྤེལ་བརྟན་པོ་གཏོང་བ།སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་གཉིས་མཉམ་འགུལ་ཡོང་བ་བཅས་བྱས་ཡོད།
    འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀུང་སིས་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ས་མཐོའི་སྣོད་བཅུད་སྲུང་སྐྱོང་བྱས་ཏེ་བྱ་ཐབས་དངོས་ཀྱི་ཐོག་ནས་སྣོད་བཅུད་དམངས་ཕན་ལས་དོན་གཏིང་ཟབ་ཏུ་བཏང་སྟེ་སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་མི་རབས་ནས་མི་རབས་བར་གྲོང་མི་ཚོར་ཕན་པ་ཐོབ་པ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མུ་མཐུད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
  • བདེ་ཆེན་གསར་འགྱུར།

སྔོ་ལྗང་རི་ཀླུང་གིས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་བྱེད།——པོ་ཏ་མཚོ་ཡུལ་སྐོར་ལས་རིགས་ཡན་ལག་ཀུང་སིས་ལྗང་མདོག་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་སྣོད་བཅུད་མཛེས་རིས་བཞེངས་པ།

ས་མཐོའི་འགྲན་རའི་ཚེ་སྲོག་གི་འགོག་སྲུང་འཛིང་རགས་ཏེ།ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོ་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་སྨན་བཅོས་འགན་སྲུང་ལས་དོན་གྱི་དངོས་བྲིས།

ཁུལ་ཨུ་ཡིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་18པ་འཚོགས།

རྟ་ཁ་བཏགས་ཀྱིས་གངས་ལྗོངས་ཀྱི་དམངས་སྲོལ་རིག་གནས་རྣམ་པར་མངོན།

སྨི་1000གི་རྟ་རྒྱུག་འགྲན་བསྡུར་ངོ་མཚར་ཆེ་བའི་འགོ་ཚུགས་པ།

རྟ་རྒྱུག་འགྲན་ཚོགས་ཐོག་གི་རྟ་པའི་ཉམས་འགྱུར།

2026ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་ཚོགས་འགོ་ཚུགས་པ།

ཁུལ་ཨུའི་སྲིད་གྲོས་ལས་དོན་ཚོགས་འདུ་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com