中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ས་མཐོའི་འགྲན་རའི་ཚེ་སྲོག་གི་འགོག་སྲུང་འཛིང་རགས་ཏེ།ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོ་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་སྨན་བཅོས་འགན་སྲུང་ལས་དོན་གྱི་དངོས་བྲིས།

ཁྱབ་བསྒྲགས་དུས་ཚོད་:2026-06-23 15:43:12 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2025/2026ལོའི་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྱི་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་(ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོ་མཉམ་འགྲན་)གྱི་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་རིང་།ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་ཆེད་ལས་ནུས་ཆེའི་སྨན་བཅོས་ཞབས་ཞུ་བྱས་ཏེ།འགྲན་བསྡུར་འགན་སྲུང་ལ་འགོར་འགྱངས་མི་བྱེད་པ་དང་།ཆག་སྒོ་གཅིག་ཀྱང་མི་འབྱུང་བ།ཞུ་གཏུག་གཅིག་ཀྱང་མི་བྱེད་པ་བཅས་མངོན་འགྱུར་བྱུང་སྟེ།སྨན་བཅོས་འགན་སྲུང་གི་རྒྱུགས་ཤོག་གསལ་བོ་ཞིག་ཕུལ་བ་རེད།

    ཞབས་ཞུ་ཞིབ་ཚགས་དང་། གཅེས་སེམས་འགན་སྲུང་གིས་ཁས་ལེན་གང་ལེགས་ཐོབ་པ།

    ཐེངས་འདིའི་མཉམ་འགྲན་རིང་།ས་བབ་དམའ་བའི་ས་ཁུལ་ནས་རང་ཁུལ་གྱི་འགྲན་བསྡུར་ནང་ཞུགས་མཁན་ས་གནས་གཞན་གྱི་རུ་ཁག་མང་པོ་ཡོད་པ་དང་ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་རྒྱུ་དེ་རུ་མིའི་བདེ་འཇགས་འགན་ལེན་གྱི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད་པ་རེད།ས་མཐོའི་འགྲན་བསྡུར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་སྔོན་འགོག་བྱ་རྒྱུ་གཙོ་བོར་བྱེད་པ་དང་འགག་སྒོ་སྔ་སྣུར་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་འགྲན་ཞུགས་རུ་ཁག་ཁག་རང་ཁུལ་དུ་འབྱོར་རྗེས་ཆེད་མངགས་སྨན་བཅོས་ཚོགས་པར་འཕྲལ་མར་འབྲེལ་མཐུད་ཞབས་ཞུ་བཀོད་སྒྲིག་བྱས་པ་དང་འབྲེལ། རང་འགུལ་ངང《ས་མཐོའི་འགྲན་ཞུགས་བདེ་ཐང་གི་ཤེས་བྱ》སྤྲད་དེ་གཅིག་གཏད་གཅིག་གིས་བདེ་ཐང་ལ་ཚོད་སྐོར་བྱས་ཏེ“མི་རེར་ཡིག་ཚགས་རེ”ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།
    ཉེན་ཁ་ཆེ་བའི་མི་སྣར་སྔ་སྣུར་དུ་ཐེ་ཇུས་བྱེད་པ།བདེ་ཐང་དཔྱད་དཔོག་ཁྲོད་གྲལ་བཤེར་ཐུབ་པའི་ས་མཐོའི་འཕྲོད་ནུས་ཞན་པ་དང་གཟུགས་པོ་ཐང་པོ་མེད་པའི་རུ་མིར་སྨན་དོན་མི་སྣས་འཕྲལ་དུ་རང་གཤིས་ཅན་གྱི་ཐེ་ཇུས་བྱེད་ཐབས་བཟོས་པ་དང་འབྲེལ་རུ་ཁག་ཁག་གི་སྨན་པས་གཙོ་གནད་ཐོག་རྗེས་འདེད་ལྟ་ཞིབ་བྱ་རྒྱུར་དུས་གཅིག་ཏུ་བརྡ་ཐོ་བཏང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྔ་སྣུར་དུ་སེལ་ཡོད་པ་རེད།
    འགྲུལ་ཡུལ་རུ་ཁག་ལ་ཆེད་དོན་གཟིགས་སྐྱོང་ཞབས་ཞུ་སྤེལ་བ།འགྲན་བསྡུར་མ་བྱས་གོང་རང་འགུལ་ངང་འགྲན་ཞུགས་རུ་ཁག་གི་རྩལ་འཁྲིད་པ་དང་འབྲེལ་མཐུད་བྱས་ནས་རུ་མི་ས་མཐོར་འཕྲོད་མིན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་གཞི་གྲངས་གསལ་པོ་དང་མི་མངོན་པའི་རྐྱེན་ངན་མེད་པ་བྱས་ནས་འགྲན་བསྡུར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཆེད་འགོག་སྲུང་སྔོན་འཇོག་བྱས་པ་རེད།
    ལངས་གཟུགས་འགོག་སྲུང་བྱས་ནས་བདེ་ཐང་ལ་སྲུང་སྐྱོང་བྱས་པ།
    ས་བབ་མཐོ་བའི་ས་ཁུལ་དུ་འགྲན་བསྡུར་བྱེད་སྐབས་སྤོ་ལོ་རྒྱག་མཁན་ལ་གློ་བུར་དུ་ལུས་རྩལ་གྱི་རྨས་སྐྱོན་ཕོག་པ་ནི་སྤོ་ལོའི་ཐང་དུ་རྒྱུན་དུ་འཕྲད་པའི་གནས་ཚུལ་ཞིག་རེད། འགྲན་ཞུགས་རུ་མིའི་ཚེ་སྲོག་བདེ་ཐང་ལ་ཁག་ཐེག་བྱེད་ཆེད།རང་ཁུལ་གྱིས་རིམ་པ་བཞི་ཅན་གྱི་ལངས་གཟུགས་སྨན་བཅོས་འགན་སྲུང་འཛིང་རགས་བསྐྲུན་ཏེ།འགྲན་བསྡུར་སྐབས་ཐོལ་བྱུང་གནས་ཚུལ་མྱུར་དུ་ཁ་གཏད་འཇལ་བ་དང་ཐག་གཅོད་ནུས་ལྡན་བྱེད་པར་ཁག་ཐེག་བྱས་པ་རེད།
    འགོ་ནས་མཇུག་བར་འགོག་སྲུང་འཛིང་རགས་དང་པོ་བརྟན་པོ་བསྐྲུན་པ།ཁུལ་མི་དམངས་སྨན་ཁང་དང་ཁུལ་བོད་སྨན་ཁང་གི་རྐང་འཛིན་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་རེས་མོས་མངགས་སྡོད་དང་བརྒྱུད་རིམ་ཧྲིལ་པོའི་རྗེས་འདེད་ལམ་སྲོལ་ལག་ལེན་བསྟར་བ་དང་།ཆེད་ལས་རུ་ཁག་གི་སྨན་པས་སྦྱོང་བརྡར་དང་འགྲན་བསྡུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་བརྟན་སྲུང་བྱས་པ་རེད།
    ཡུལ་དངོས་ཀྱི་སྨན་བཅོས་འགན་ལེན་གྱིས་འགོག་སྲུང་འཛིང་རགས་གཉིས་པ་བརྟན་པོ་བསྐྲུན་པ།འགྲན་རའི་ནང་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་སྨན་དོན་ཁང་བཙུགས་ཏེ་ལུས་རྩལ་པ་རྨས་པ་དང་གློ་བུར་དུ་ལུས་པོ་མི་བདེ་བ་སོགས་ཀྱི་གནས་ཚུལ་ཐོན་ཚེ་མྱུར་དུ་འགྲན་རར་སྐྱོད་དེ་འཕྲལ་མྱུར་ཚོད་སྐོར་དང་ཡུལ་དངོས་ཀྱི་མྱུར་སྐྱོབ་བྱེད་པ་སོགས་བྱས་ནས། དུས་ཐོག་ཏུ་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་གཅིག་གྱུར་མཐུན་སྦྱོར་བྱས་ནས་སྐྱེལ་འདྲེན་དང་སྨན་བཅོས་བྱས་ཏེ་ཐག་གཅོད་བྱེད་ཡུན་ཐུང་དུ་བཏང་བ།
    རྨས་མ་མྱུར་སྐྱེལ་བྱས་ནས་འགོག་སྲུང་འཛིང་རགས་གསུམ་པ་བརྟན་པོ་བསྐྲུན་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགོག་སྲུང་བཀོད་སྒྲིག་བྱས་ཏེ།འགྲན་རའི་གནད་འགག་ཆེ་སར་ཆེད་ལས་ལྟ་སྐྱོང་ཅན་གྱི་མྱུར་སྐྱོབ་རླངས་འཁོར་3བཀོད་སྒྲིག་བྱས་པ་དང་།རླངས་འཁོར་རེར་སྨན་པ་1དང་སྨན་གཡོག་1 རླངས་འཁོར་ཁ་ལོ་བ་1རེ་བཀོད་སྒྲིག་ནན་པོ་བྱས་ཡོད།
    བཅའ་སྡོད་བྱ་ཡུལ་ཕྱིའི་མཐའ་སྲུང་ལས་དོན་ཡག་པོ་བསྒྲུབས་ཏེ་འགོག་སྲུང་འཛིང་རགས་བཞི་པ་བརྟན་པོ་བསྐྲུན་པ།འགྲན་རའི་ལྟེ་བའི་འགན་ལེན་བྱས་པ་ཕུད།ད་ཐེངས་ཀྱི་འགྲན་བསྡུར་སྨན་བཅོས་ཞབས་ཞུ་ད་དུང་བཅའ་སྡོད་བྱ་ཡུལ་དང་འགྲན་རའི་མཐའ་སྐོར་དུ་སྤེལ་ནས་འགྲན་ཞུགས་མི་སྣ་དང་འགྲན་བསྡུར་ལ་ལྟ་མཁན་མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཡོད།
    ཞིང་ཆེན་དང་ས་གནས་མཉམ་འགུལ་བྱས་ནས། འགྲན་བསྡུར་ལ་འགན་སྲུང་བརྟན་པོ་བྱས་པ།
    འགྲན་བསྡུར་བྱེད་རིང་།ཞིང་ཆེན་རིམ་པའི་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་ཚོགས་པ་ཁྱོན་10བདམས་ནས་འགྲན་རར་བཅའ་སྡོད་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་དང་འགན་ལེན་བྱས་པ་དང་།ཞིང་ཆེན་རིམ་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལ་བརྟེན་ནས་བདེ་ཆེན་གྱི་ས་མཐོའི་འགྲན་བསྡུར་གྱི་འཕྲལ་སྡོམ་འགན་ལེན་གྱི་དངོས་ཤུགས་ཆེ་རུ་བཏང་བ་རེད།རང་ཁུལ་གྱི་སྨན་བཅོས་སྲུང་སྐྱོང་ཚོགས་པས་བརྒྱུད་རིམ་ཧྲིལ་པོར་སློབ་སྦྱོང་དང་།བརྒྱུད་རིམ་ཧྲིལ་པོར་སྦྱོང་བརྡར།ཉམས་མྱོང་བསགས་པ་བཅས་བྱས་ཏེ་ས་མཐོའི་འགྲན་བསྡུར་གྱི་སྨན་བཅོས་འགན་སྲུང་གི་ལྟེ་བའི་རྩལ་ནུས་གང་མགྱོགས་ཁོང་དུ་ཆུད་པ་བྱས་ཡོད།
    འགྲན་དུས་འདིར།རང་ཁུལ་གྱིས་སྨན་བཅོས་འགན་སྲུང་མི་སྣ་བསྡོམས་པས་མི་ཐེངས་250་ལྷག་བཏང་ནས།མི་སྣ་ཡོངས་ཀྱི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་འགྲན་རར་སྐོར་སྐྱོད་སྨན་བཅོས་མི་ཐེངས་350ལྷག་ལེགས་གྲུབ་བྱུང་།ས་མཐོར་མ་འཕྲོད་པའི་ནད་གཞི་དང་ལུས་རྩལ་རྨས་སྐྱོན་རིགས་ཁག་གི་ནད་པ་50ལྷག་ཙམ་ནུས་ལྡན་ངང་སྨན་བཅོས་བྱས་པ།རྨས་མ་དང་ནད་པ་ཚང་མར་དུས་ཐོག་ཏུ་སྐྱོབ་བཅོས་བྱུང་བ་དང་ནད་གཞི་ཇེ་སྡུག་ཏུ་སོང་བ་གཅིག་ཀྱང་མེད་ལ་ནད་པ་སྨན་ཁང་གཞན་དུ་སྐྱེལ་བའི་གནས་ཚུལ་གཅིག་ཀྱང་མེད་པས་འགྲན་བསྡུར་གྱི་སྨན་བཅོས་འགན་ལེན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
 
  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com