ལོ་སར་རིང་ལ་ཟས་སྣུམ་ཆེན་ཟ་མཁན་ཚོས་འདི་ལ་ལྟོས།
ལོ་སར་རིང་ལ་ཚང་མས་ཤ་རིགས་སོགས་ཟ་མ་སྣུམ་ཆེན་བཟས་ཡོད་ངེས། མང་པོ་ཞིག་གིས་ཟ་མ་སྣུམ་ཆེན་བཟས་རྗེས་ཇ་འཐུང་ན་སྣུམ་ཞུ་བར་ཕན་པར་བཤད། ཟ་མ་བཟས་རྗེས་ཀྱི་ཇ་ཕོར་བ་གང་འཐུང་ན་སྣུམ་འཇུ་བྱེད་ཀྱི་ཐབས་མཆོག་ཡིན་པར་བཤད་ཀྱང་། འདི་ནི་རྒན་རབས་པ་ཚོའི་བློ་གྲོས་ཡིན་ནམ་སེམས་གསོའི་བཤད་སྲོལ་ཞིག་ཡིན་པ་གཤམ་གྱི་གསལ་བཤད་ལ་གཟིགས་པར་ཞུ།
མི་ལ་ལས་བཤད་རྒྱུར། ཇ་འཐུང་རྗེས་ལྟོགས་སླ་བོ་ཡོད་པ་འདི་ནི་སྣུམ་འཇུ་སོང་བ་རེད་ཟེར། དོན་ངོ་མ་ཇའི་ནང་གི་ཟ་ཤུགས་ཆེ་བའི་ཁྲ་ཏུའོ་ཧྥུན་དང་ཁོ་ཧྥེའི་བུལ་གྱིས་ངར་སྐྱེད་པའི་རྐྱེན་གྱིས་ལྟོགས་སྣང་ཤར་བའམ་ཟས་འཇུ་མགྱོགས་ནའང་སྣུམ་ཚིལ་ཞུ་ཐུབ་ཀྱི་མེད།
ཇ་ཡི་ནང་ཆེས་མང་བ་ནི་ཆུ་ཡིན། ཁྲ་ཏོ་ཧྥུན་ལ་གཙོ་བོར་དབྱང་འགྱུར་འགོག་པ་དང་གཉན་ཚད་འགོག་པའི་ནུས་པ་ལྡན། དེ་དག་གིས་ཞག་ཚིལ་ཞུ་བའི་ནུས་པ་མེད་པ་མ་ཟད། ཐད་ཀར་ཞག་ཚིལ་མེད་པར་བཟོ་མི་ཐུབ། སྣུམ་ཚིལ་འཇུ་བའི་ཐབས་མཆོག སྔོ་ཚལ་དང་ཤིང་ཏོག་སོས་པ་མང་ཙམ་ཟ་བ། ཤ་སོགས་སྣུམ་ཆེན་རིགས་ཟ་དུས་སྔོ་ཚལ་དང་ཤིང་ཏོག་སོས་པ་མང་ཙམ་བཟས་ན་ལེགས་པོ་ཡོད་ལ། ཟས་རིགས་འདི་དག་ནང་གི་ཚི་སྣ་ཡིས་སྣུམ་ཚིལ་འགོག་ཐུབ་པས་ཟས་ལེགས་པོར་འཇུ་བར་ཕན།
འབྲུ་རིགས་རྩིང་པོ་མང་ཙམ་ཟ་བ། འབྲས་དང་ཕྱེ་དཀར་རིགས་ཀྱི་ཟས་རིགས་གཙོ་བོའི་ཚབ་རྩིང་འབྲུ་བྱེད་པ་དང་། འབྲུ་རིགས་རྩིང་པོའི་ནང་ཚི་སྣ་མང་བ་མ་ཟད། སྣུམ་འགོག་ཐུབ་པ་རེད། རྩིང་འབྲུ་ནང་ད་དུང་Bརིགས་ཀྱི་འཚོ་རྒྱུ་ཡོད་པས་ལུས་ཕུང་གི་བརྗེ་ཚབ་མགྱོགས་སུ་འགྲོ་བར་ཕན།
ཞག་ཚིལ་ཉུང་བའི་ཟས་བསྟེན་པ། ཟ་མ་གཡོ་སྦྱོར་བྱེད་དུས་ནས་སྣུམ་ཉུང་དུ་གཏོང་ནས་ཕོ་བའི་ནང་ཞག་ཚིལ་མང་པོ་མི་འགྲོ་བར་བྱ་དགོས།
- བདེ་ཆེན་གསར་འགྱུར།
ཡིད་སྨོན་འཆོར་སའི་ཚ་གཡོལ་གནས་མཆོག་སེམས་ཀྱི་ཉི་ཟླ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་བཞིར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་།
འཇོལ་རྫོང་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་སྒྲུབ་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།
ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།
རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་སྐབས་ཀྱི་ཡུལ་སྐོར་ལ་ཞབས་ཞུ་གང་ལེགས་འདོན་པ།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཟླ་8པའི་ཚེས་21ཉིན་འགོ་ཚུགས་རྒྱུ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108