中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས།

རྩོམ་པ་པོ་:黄晓丽 陈杰 ཁྱབ་བསྒྲགས་དུས་ཚོད་:2026-11-24 15:18:10 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

ཟླ་11པའི་ཚེས་23ཉིན། སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་རང་ཁུལ་གྱི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། 

གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། ཚད་གཞི་དེ་བས་མཐོན་པོ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོབ་བཅོས་སྐྱོང་བྱ་བ་སྔར་ལས་ཡག་པོ་བསྒྲུབ་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དེ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲལ་འགོའི་དམག་དང་མཛེས་སྡུག་ལྡན་པའི་ཡུན་ནན་འཛུགས་སྐྱོང་གི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་》ཀྱི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། རྒྱུན་མཐུད་ངང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། 

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁུལ་གྱི་དམངས་ཆེན་འཐུས་མི་སྐབས་བརྗེའི་འདེམས་བསྐོ་འདེམས་ཤོག་འཕེན་པར་ཞུགས་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དེ།  ཁུལ་དང་རྫོང་། ཤང་བཅས་ཀྱི་དམངས་ཆེན་འཐུས་མིའི་སྐབས་བརྗེའི་འདེམས་བསྐོ་ལས་དོན་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་ནས་སྐབས་བརྗེའི་ལས་དོན་དེ་སྲོལ་བཟང་སྤྱོད་བཟང་ཡོང་བ་འགན་ལེན་བྱེད་དགོས།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། 《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་》སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་དེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ཐུན་མོང་ཇུས་ཐག་གཅོད་པའི་ལམ་སྲོལ་ལག་བསྟར་ནན་པོ་བྱེད་པ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)ཚད་ལྡན་དང་ནུས་ཆེའི་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཐོག་ཞིང་ཨུའི་ཉེ་དུས་ཀྱི་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་དེ་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། ལོ་འཁོར་གྱི་མཇུག་བསྡུ་བའི་ལས་ཀ་དམ་འཛིན་ཏན་ཏིག་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་་པར་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་སྐྲུན་དགོས་པའི་ནན་བཤད་བྱས།

གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་ལས་དོན་གྱི་གནས་ཚུལ་སྙན་ཞུ་ཉན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་འགྱུར་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་པ་དང་། ནན་ཏན་སྒོས་《ཏང་ཨུ(ཏང་ཙུའུ་)ཡིས་འཐབ་ཕྱོགས་གཅིག་འགྱུར་ལས་དོན་གྱི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱེད་པའི་གཏན་འབེབས་》ལག་བསྟར་བྱེད་པ། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གོང་བུ་གཅིག་ཏུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བདེ་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས།

གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་ནག་ཚོགས་སྤྱོད་ངན་སེལ་བའི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུན་རྣམ་ཅན་གྱི་ནག་ཚོགས་སྤྱོད་ངན་སེལ་བའི་འཐབ་རྩོད་སྤེལ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དེ། ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། གནད་སྨིན་དབྱེ་འབྱེད་ཀྱི་ནུས་པ་མཐོ་རུ་འདེགས་པ། གསོག་གྲངས་གཙང་བཤེར་དང་འཕར་གྲངས་འགོག་པ་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བདེ་ཆེན་སྐྲུན་དགོས་པའི་ནན་བཤད་བྱས་པ་རེད།

གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བདེ་ཆེན་དུ་འཚོགས་པ།

ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཚོགས་འདུ་འཚོགས་པ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།

སྐབས་བཅུ་བའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་ལྔ་བ་(རྒྱ་སྐྱེད)འཚོགས་པ། ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མདོག་ལྔའི་བོད་གྲོང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com