ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།

ཟླ་11པའི་ཚེས་20ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱེད་དེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས་ཁུལ་ཡོངས་གོང་འོག་ཏུ་རྒྱུན་མཐུད་ངང་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་འཕྱུར་ནས་སློབ་སྦྱོང་གི་ཕན་འབྲས་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་ཀྲུའུ་པའོ་ཧྥུའུ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས།
ལི་ཡན་ལན་དང་ལུའུ་ཀྲི་ཅུན། ལི་ཡུས་ཆོན། དབྱང་ཁའེ། ཝང་ཝུའུ། ལིའོ་ཝུན་ཚའེ་བཅས་རིམ་པ་བཞིན་སྤེལ་རེས་གཏམ་བཤད་བྱས།
ལུའོ་ཁྲའོ་ཧྥེང་གིས་སློབ་སྦྱོང་ཕྱོགས་བསྡོམས་གནང་དུས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་བའི་དུས་སྐབས་འགག་རྩ་ཞིག་ཏུ་འཚོགས་པའི་གལ་ཆེ་བའི་ཚོགས་འདུ་ཐེངས་ཤིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་ཡག་པོ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན། ཁུལ་ཡོངས་ཀྱི་“འགག་རྩའི་ཉུང་ཤས་”ཡིན་པའི་ཆ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་སྣེ་ཁྲིད་དེ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། དུས་རྒྱུན་གྱི་བརྟག་ཞིབ་དང་བསམ་བློ་ཆབ་སྲིད་སློབ་ཚན། ལོ་མཇུག་གི་འཚམས་འདྲི་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱེད་དེ་འབྲེལ་གཏུག་ཤང་གྲོང་དང་སློབ་གྲྭ སྨན་ཁང། ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་ཁྱབ་ཁོངས་སུ་ཟབ་ཞུགས་བྱས་ནས་ནན་ཏན་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལས་དོན་སྤེལ་དགོས། “གནད་འགག་ཆུང་ས་”ནས་“གནས་ལུགས་ཆེན་པོ་”བཤད་རྒྱུ་རྒྱུན་འཁྱོངས་དང་། “བློ་སྦྱོང་”ལས་གྲྭ་དང་“བརྒྱད་ལྟ་ལྔ་བསྡུར་”བྱེད་སྒོ་སོགས་ཀྱི་གཞི་རྟེན་བེད་སྤྱོད་ཡག་པོ་བྱས་ནས་དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་གཏམ་རྒྱུད་གསོན་ཉམས་ལྡན་པར་བཤད་དེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བར་ཁྲིད་སྟོན་བྱེད་དགོས། སྒྲོག་འགྲེལ་གྱི་སྒྲིག་ལམ་ནན་པོ་སྲུང་སྟེ་རིགས་སོ་སོའི་གསར་འགྱུར་སྨྱན་སྦྱོར་གྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་དེ་ཕྱོགས་མཐའ་ཀུན་དང་ཟུར་ཚད་མང་བ། བང་རིམ་ཟབ་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་སྤེལ་གཏོང་། འགྲེལ་བཤད་བཅས་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། སློབ་སྦྱོང་དང་དོན་འཁྱོལ་གྱི་གྲུབ་འབྲས་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པའི་ཐོག་བསྒྱུར་ཏེ། རྒྱུན་མཐུད་ངང་འགན་འཁྲིའི་འབྲེལ་ཐག་དམ་པོར་གཅུས་ནས་རང་འགན་རང་འཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་ལས་དོན་རྣམ་པ་འཐུས་ཚང་དུ་གཏོང་དགོས། སློབ་སྦྱོང་དང་དོན་འཁྱོལ་གྱི་གྲུབ་འབྲས་དེ་ལྟེ་བའི་ལས་དོན་ལག་བསྟར་ལ་སྐུལ་འདེད་ཐོག་བསྒྱུར་ཏེ། ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་རྒྱུན་མཐུད་ངང་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྲ་བརྟན་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་བྱེད་པ། ལོ་འཁོར་གྱི་དམིགས་འབེན་ལས་འགན་གཞི་རྩར་འཛིན་ནས་“ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཡག་པོ་ཚུགས་པར་འགན་ལེན་བྱེད་དགོས། སློབ་སྦྱོང་དང་དོན་འཁྱོལ་གྱི་གྲུབ་འབྲས་དེ་ཆབ་སྲིད་ཀྱི་སྣང་ཚུལ་ཡག་པོ་སྐྲུན་པའི་ཐོག་སྒྱུར་ཏེ། རང་རྟོགས་སྒོས་ཏང་གཤིས་ཆེ་རུ་གཏོང་བ་དང་། འགོ་ཁྲིད་ཚན་པ་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད། དར་སྲོལ་ཡོ་བསྲང་བཅས་ནན་པོ་བྱེད་དགོས། སློབ་སྦྱོང་དང་དོན་འཁྱོལ་གྱི་གྲུབ་འབྲས་དེ་ཏང་གི་སྒྲིག་ཁྲིམས་ནན་པོ་བྱེད་པའི་ཐོག་བསྒྱུར་ཏེ་ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། སློབ་སྦྱོང་དང་དོན་འཁྱོལ་གྱི་གྲུབ་འབྲས་དེ་རྒྱུན་མཐུད་ངང་ལས་དོན་གྱི་སྤྱོད་ཚུལ་འགྱུར་བའི་ཐོག་བསྒྱུར་ཏེ། “མྱུར་དུ་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ”ཀྱི་ཆེད་དམིགས་ལས་དོན་ཡག་པོ་སྤེལ་བ་དང་དོན་འཁྱོལ་དམ་འཛིན་བྱེད་པའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས། ཞིང་ཆེན་ཡོངས་སུ“རྣམ་གྲངས་རྐྱང་པའི་ཨང་དང་པོ་ལེན་པའི”ཡིད་ཆེས་དང་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་རུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པས་འཚོགས། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཁོངས་མི་དང་འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།
སྐབས་བཅུ་བའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་ལྔ་བ་(རྒྱ་སྐྱེད)འཚོགས་པ། ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།
ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མདོག་ལྔའི་བོད་གྲོང་།
ཁུལ་ཨུས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་བརྟག་ཞིབ་གནང་ཞིང་ཆེད་དོན་ཚོགས་འདུ་ཐེངས22པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་ཤྭ་ཁ་རི་བོར་ཕེབས་ནས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108