སྐབས་བཅུ་བའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་ལྔ་བ་(རྒྱ་སྐྱེད)འཚོགས་པ། ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

ཟླ11པའི་ཚེས་19ཉིན། སྐབས་བཅུ་བའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་ལྔ་བའི་(རྒྱ་སྐྱེད)གྲོས་ཚོགས་བསྡུས་ནས་ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཁུལ་གྱི་ལས་དོན་ལག་ལེན་མཐར་ཕྱིན་བྱེད་པར་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཕྱོགས་སོ་སོའི་འགན་འཁྲི་ནན་དུ་གཏོང་བ་དང་ལོ་མཇུག་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་བཟང་པོར་བརྟེན་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞབས་འདེགས་ཞུས་ཏེ་ནུས་ཤུགས་ཡོད་རྒུས་“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་ཐུབ་པ་བྱེད་དགོས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་ལས་དོན་སྙན་སྒྲོན་གྱི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་ཕྱོགས་སྡོམ་གྲུབ་འབྲས་དོན་དངོས་དང་མཐུན་ལ་མི་སེམས་ལ་སྐུལ་མ་ཐེབས་པ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་ཞུ་ཡག་པོ་ཞིག་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ཆེ་རུ་བཏང་ནས་ཏང་ཨུའི་(ཏང་རྩ་འཛུགས)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་གཅིག་སྡུད་སློབ་སྦྱོང་དང་ལས་བྱེད་ལས་བཟོའི་ཚོགས་ཆེན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཡིད་ཆེས་བརྟན་གཏོང་དང་འབད་འབུངས་ཡར་བརྩོན་གྱིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཡུན་ནན་ཞིང་ཨུའི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་དངོས་ལ་བརྟེན་ནས་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་དོན་འཁྱོལ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ད་ལོའི་དཔལ་འབྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། དཔལ་འབྱོར་གྱི་དམིགས་ཚད་ཁག་ལ་མཐིལ་རྟོགས་རྣམ་པའི་དབྱེ་ཞིབ་བྱེད་པ། གཙོ་གནད་རྫོང་(གྲོང་ཁྱེར)དང་། གཙོ་གནད་རྣམ་གྲངས། གཙོ་གནད་ལས་རིགས་བཅས་རེ་རེ་བཞིན་རྩིས་བཤེར་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། མཛོད་དུ་འཇུག་པ་དང་གཅིག་གྱུར་ཡོང་རྒྱུར་དམ་འཛིན་བྱེད་པ། ལོ་མཇུག་གི་དཔྱད་ཞིབ་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས་གྲུབ་འབྲས་ཡག་ཤོས་བརྩོན་ལེན་གང་ཐུབ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་གནས་ཡུལ་ལ་དམིགས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་དང་མུག་སྐྱོབ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ལས་འཛོལ་ཚབས་ཆེན་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བཅས་བྱས་ཏེ་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྲིད་ཇུས་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གཙོ་གནད་ལས་དོན་དང་། གཙོ་གནད་ཐོན་ལས། གཙོ་གནད་རྣམ་གྲངས་བཅས་ལ་དམིགས་ནས་རང་འགུལ་ངང་བསམ་གཞིག་དང་ཚན་རིག་ཞིབ་འཇུག་བྱེད་པ། ཕྱི་ལོའི་ལས་འགན་གཏན་འཁེལ་བྱས་ནས་སྔོན་ལ་ལས་དོན་ཡག་པོ་སྒྲུབ་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་དང་སྲིད་གྲོས་ཨུ་ཡོན་གྱི་འོས་སྦྱོར་མིང་འདོན་ལས་དོན་ཡག་པོ་སྒྲུབ་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགག་རྩའི་ལྷུ་ཚིགས་ཁོང་དུ་ཆུད་པ། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ་སྐབས་བརྗེའི་འདེམས་བསྐོ་དང་འོས་སྦྱོར་མིང་འདོན་ལས་འགན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར)དུ་འཚོགས་ཡོད།
- བདེ་ཆེན་གསར་འགྱུར།
སྐབས་བཅུ་བའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་ལྔ་བ་(རྒྱ་སྐྱེད)འཚོགས་པ། ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།
ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མདོག་ལྔའི་བོད་གྲོང་།
ཁུལ་ཨུས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་བརྟག་ཞིབ་གནང་ཞིང་ཆེད་དོན་ཚོགས་འདུ་ཐེངས22པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་ཤྭ་ཁ་རི་བོར་ཕེབས་ནས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས། ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། མོ་ཀའོ་དབྱི་ཡིས་གཙོ་སྐྱོང་གནང་། ལིའུ་ཆི་ཧྥན་དང་ལིའུ་ཧུང་ཅན། ལིའུ་ཞའོ་ཁའེ་བཅས་ཞུགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108