བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།


ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་“ཁྲིམས་འཛུགས་ལ་བརྟེན་ནས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཁྲིམས་འཛིན་ལ་བརྟེན་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་ལ་བརྟེན་ནས་འགོག་སྲུང་འཛིང་རགས་སྐྲུན་པ། དམངས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པ”བཅས་ཀྱི་སྐྱེ་ཁམས་ཁྲིམས་སྐྱོང་མ་ལག་བཙུགས་ཏེ་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་སྔོ་ཞིང་ལྗང་ལ་མཛེས་སྡུག་ལྡན་པའི་བདེ་ཆེན་སྲུང་སྐྱོང་བྱས་ཡོད།

བདེ་ཆེན་ཁུལ་གྱིས་ཁྲིམས་འཛུགས་ཀྱི་“མ་ལག་སྟོབས་ཆེན”མཐའ་འཁྱོངས་བྱས་པ། 2012ལོར་《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་འཛུགས་བརྒྱུད་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་སྲོལ་ལམ་ནང་བཅུག་ཡོད།ད་ལོའི་ཟླ་5ཚེས་20ཉིན་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པའི་ཐོག་སྲོལ་ཡིག་དེའི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་དང་ལྟ་སྐུལ་ཐད་མཉམ་དུ་ཤུགས་སྣོན་བརྒྱབ་ནས་སྲུང་སྐྱོང་ཁུལ་དེ་གཞན་དབང་དོ་དམ་སྲུང་སྐྱོང་ནས་རང་འགུལ་བཅོས་སྐྱོང་བར་དང་། སྲོལ་རྒྱུན་སྲུང་སྐྱོང་ནས་ཚན་རིག་དང་མཐུན་པའི་རིག་ནུས་སྲུང་སྐྱོང་བར་སྒྱུར་རྒྱུར་སྐུལ་འདེད་བཏང་ཡོད།

ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐད། ཁུལ་ཡོངས་སུ་རིམ་བཞིའི་ནགས་དཔོན་523དང་ཆུ་(མཚེའུ)ཡི་འགོ་འཛིན་584བཀོད་སྒྲིག་བྱས་པ་དང་། “ནགས་དཔོན་+ནགས་ཚལ་ཉེན་རྟོག་འགོ་འཛིན་+ཞིབ་དཔྱོད་འགོ་འཛིན”“ཆུ་(མཚེའུ)ཡི་འགོ་འཛིན་+ཁྲིམས་འཛིན་ཆེད་མི”ཡི་མཉམ་འགུལ་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་དང་བོད་རྒྱ་སྐད་གཉིས་ཀྱི་ས་གནས་དེ་གའི་ཁྲིམས་འཛིན་དཔུང་ཁག་བཙུགས་ནས་ཁྲིམས་འཛིན་ཚད་ལྡན་དང་ཡོངས་བསྒྲགས་བྱེད་ཚད་100%ཟིན་ཡོད། ཤང་དང་གྲོང་རྡལ་དང་། གྲོང་ཚོ། ནགས་སྲུང་བ་བཅས་རིམ་པ་གསུམ་གྱི་སྐོར་ཞིབ་དང་ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ་བཙུགས་ཏེ་ལྐོག་གཅོད་དང་གང་བྱུང་དུ་གཅོད་པ། ཁྲིམས་འགལ་ངང་རྔོན་རྒྱག་པ།བེད་མེད་དུ་བསྐྱུར་བ། ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་བྱེད་པ་བཅས་ཁྱབ་ཁོངས་ཆེན་པོ་བཞིར་ཆེད་དོན་བཅོས་སྒྲིག་བྱ་རྒྱུར་དམིགས་ནས་ཞིབ་བཤེར་ཐག་གཅོད་དང་། ཚུར་བསྡུ། སླར་གསོ། འགན་འཁྲི་བདའ་འདེད་བཅས་ཀྱི་“དམིགས་སར་འབྱོར་བ་བཞིའི”བཀག་སྡོམ་ལམ་སྲོལ་ལག་བསྟར་ནན་པོ་བྱས་ཡོད།ཉེ་བའི་ལོ་10ཡི་རིང་རིམ་རྩིས་བྱས་ན་ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་475ཞིབ་བཤེར་ཐག་གཅོད་བྱས་པ་དང་། “གཙང་གསུམ་མཉམ་རྒྱུག”གི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་གྱི་གཏེར་འདོན་དབང་ཆ་59ཕྱིར་འཐེན་བྱས་ནས་“གཏེར་གཅིག་ཇུས་གཅིག”སླར་གསོ་བཅོས་སྒྲིག་ཐུབ་ཡོད།

བདེ་ཆེན་ཁུལ་གྱིས་ཁུལ་དང་། རྫོང་(གྲོང་ཁྱེར) ཤང་། གྲོང་ཚོ་བཅས་རིམ་བཞིའི་སྐྱེ་ཁམས་བཅའ་ཁྲིམས་ཁྱབ་གདལ་མ་ལག་བཙུགས་པ་དང་། བོད་རྒྱ་དང་ལི་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ་བཅའ་ཁྲིམས་ཀྱི་དོན་ཚན་སྒོ་རའི་ནང་བཅུག་ནས་སྒྲོག་འགྲེལ་དང་དམངས་ཁྲོད་ཀྱི་གཏམ་རྒྱུད་བརྒྱུད་གཏོང་བྱས་ཡོད། ཏང་སྲིད་ཀྱིས་གཙོ་ཁྲིད་བྱེད་པ་དང་། སྡེ་ཁག་གིས་འགན་འཁྲི་སྒྲུབ་པ། མང་ཚོགས་གྲུབ་ཆ་གཙོ་བོ་ཡིན་པ། ཆོས་ལུགས་ལས་རིགས་ཀྱིས་མཐུན་སྦྱོར་བྱེད་པ་བཅས་ཀྱི་མི་རིགས་མང་པོས་ཁྲིམས་སྲུང་མཉམ་སྐྱོང་གི་རྣམ་པ་ཆགས་པར་བྱས་ཏེ། ཤིང་གཅོད་མཁན་འབོར་ཆེན་དང་། ཕྱུགས་འཚོ་མཁན་མང་ཚོགས་རྣམས་སྐྱེ་ཁམས་དོ་དམ་པ་དང་། ཡུན་ནན་སྤྲེའུ་སྤུ་སེར་གྱི་སྐོར་སྲུང་བ། གཙང་པོ་དང་མཚེའུ་ཡི་གཙང་སྦྲ་བ་བཅས་སུ་བསྒྱུར་ཡོད། ད་ཆ་འབྲི་ཆུ་དང་རྫ་ཆུ་རྒྱུག་ཁུལ་གྱི་གཙང་པོ་221བདེ་ཆེན་ནས་ཐོན་པ་དང་། ཤང་དང་གྲོང་རྡལ་15དང་གཙང་པོ་དང་མཚེའུ་13ཞིང་ཆེན་རིམ་པའི་སྐྱེ་ཁམས་ཤང་དང་གྲོང་རྡལ་དང་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་སོ་སོར་བདམས་ཡོད།
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།
ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མདོག་ལྔའི་བོད་གྲོང་།
ཁུལ་ཨུས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་བརྟག་ཞིབ་གནང་ཞིང་ཆེད་དོན་ཚོགས་འདུ་ཐེངས22པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་ཤྭ་ཁ་རི་བོར་ཕེབས་ནས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས། ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། མོ་ཀའོ་དབྱི་ཡིས་གཙོ་སྐྱོང་གནང་། ལིའུ་ཆི་ཧྥན་དང་ལིའུ་ཧུང་ཅན། ལིའུ་ཞའོ་ཁའེ་བཅས་ཞུགས།
བདེ་ཆེན་སྤོ་འགུལ་གྱིས་ནུས་ཤུགས་ཡོད་རྒུས་དྲོད་ཚད་དམའ་བའི་གངས་ཆར་གནམ་གཤིས་ཀྱི་འཕྲིན་གཏོང་འགན་སྲུང་ལས་དོན་ཡག་པོ་སྒྲུབ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108