中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བརྟག་ཞིབ་བྱས།

རྩོམ་པ་པོ་:何帝龙 何雨桐 ཁྱབ་བསྒྲགས་དུས་ཚོད་:2025-12-29 16:29:28

  ཟླ་12ཚེས་28ཉིན་ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་བེ་ཤ་གླིང་ཁུལ་དང་། རྡོ་མཁར་རྫོང་མེ་ཏོག་ཁྲོམསེམས་ཀྱི་ཉི་ཟླ་སྐྱེ་དངོས་ཐོན་ཁུངས་གསར་འདོན་ཚད་ཡོད་ཀུང་སི་སོགས་སུ་སོང་ནསལས་དོན་ལ་བརྟག་ཞིབ་འཇུག་གཏིང་ཟབ་བྱས། ཁོང་གིས་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ཏེ འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ནང་ཁུལ་མཁོ་འདོན་རྒྱ་སྐྱེད་གཏོང་བའི་གནད་དོན་ལ་དམིགས་ནསབདེ་ཆེནགྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་འགྲུལ་སྐྱོད་ཀྱི་ལེགས་ཆར་བརྟེན་ནས། ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་ནས་ཡུལ་སྐོར་བའི་གྲངས་ཚད་དེ་་འཛད་སྤྱོད་དུ་འཕར་སྣོན་བྱུང་རྒྱུར་འདེད་གཏོང་དགོས་ལ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ལས་རིགས་གསར་པ་གསོ་སྐྱོང་བྱས་ཏེ ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རོགས་འདེགས་བྱེད་དགོས་པ་བསྟན

ཟླ་12པའི་ཚེས་28ཉིན་ལུའོ་ཁྲའོ་ ཧྥེང ་གིས་ སེམས་ཀྱི་ཉི་ཟླ འི་ བེ་ཤ ་གླིང་ཁུལ་དུ་བརྟག་ཞིབ་བྱེད་བཞིན་པ།

  སེམས་ཀྱི་ཉི་ཟླབེ་ཤ་གླིང་ཁུལ་དུ་ལུའོ་ཁྲའོ་ཧྥེང་གིས་གླིང་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དང་། བྱེད་ནུས་ཁུལ་དབྱེ། གཉེར་སྐྱོང་གསར་སྤེལ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཁོང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཉོ་འཚོང་དང་། མྱུར་འགྲེན། ཉམས་ལེན་སོགས་ནུས་པའི་ཁུལ་བཀོད་སྒྲིག་བྱས་ཏེ། བེ་ཤའི་ཐོན་ལས་ཉམས་ལེན་རྣམ་པ་དང་རྒྱུ་སྤུས་ཅན་དུ་འགྱུར་བའི་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་“བེ་ཤ་ནས་འགོ་ཚུགས་པ་དང་བེ་ཤཁོ་ན་མ་ཡིན་པའི་”འདུ་ཤེས་ལྟ་བ་གཏིང་ཟབ་ཏུ་གཏོང་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། གཉེར་སྐྱོང་དོ་དམ་དང་བདེ་འཇགས་ཐོན་སྐྱེད་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ ཉོ་ཚོང་དང་ཉམས་ལེན། རིག་གནས་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་བེ་ཤའི་ཐོན་ལས་ཀྱི་སྟེགས་བུ་བསྐྲུན་ནས་ཡུལ་སྐོར་བ་རྣམས་ལ་རྒྱུ་སྤུས་མཐོ་བའི་འཛད་སྤྱོད་ཀྱི་རྣམ་པ་འདོན་སྤྲོད་བྱ་དགོས་ནན་གྱིས་བསྟན།

ལུའོ་ཁྲའོ་ ཧྥེང ་གིས་རྡོ་མཁར་རྫོང་དུ་བརྟག་ཞིག་བྱེད་བཞིན་པ།

  རྡོ་མཁར་རྫོང་དུ་ལུའོ་ཁྲའོ་ཧྥེང་གིས་རྡོ་མཁར་རྫོང་གི་མེ་ཏོག་ཁྲོམ་གྱི་མངོན་མེད་རིག་གནས་ཤུལ་བཞག་འགྲེམས་ཁང་དང་ཟློས་གར་ཁང་འཛུགས་སྐྲུན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས། བྱང་སྒོའི་ཐང་ཆེན་གྱི་ཚོང་འགུགས་གཉེར་སྐྱོང་དང་ས་ཁོངས་ཡོངས་ཀྱི་ལྟ་སྐོར་རྣམ་གྲངས་ས་ཚིགས་འཛུགས་སྐྲུན་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཁོང་གིས་རྡོ་མཁར་རྫོང་ནི་བདེ་ཆེན་ཡུལ་སྐོར་གྱི་གལ་ཆེའི་སྒེའུ་ཁུང་དང་འགྲོ་འོང་ལྟེ་གནས་ཤིག་ཡིན་པས་ཐོན་ཁུངས་ཀྱི་སྐྱེས་སྟོབས་ལ་གཞི་ཚུགས་ནས་ལས་རྣམ་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། མངོན་མེད་རིག་གནས་ཤུལ་བཞག་གསོན་ཤུགསསྐྱེད་པ་དང་དེའི་ནང་ཞུགས་པའི་ཚོར་བ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ དཔལ་འབྱོར་དང་འཛད་སྤྱོད་ཉམས་ལེན་སོགས་བཀྲག་ཆེ་ས་མངོན་པར་བཀྲ་བ་གསར་པ་གཏོད་དགོས། གནའ་གྲོང་གི་མེ་གསོད་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་དང་། མེ་གསོད་སྒྲིག་བཀོད་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་ལྡན་རང་བཞིན་གྱི་དྲིལ་བསྒྲགས་ནང་སྦྱོང་བྱས་ཏེ། གཉེར་སྐྱོང་གཙོ་གཟུགས་ཀྱི་བདེ་འཇགས་འགན་འཁྲི་དམ་ཟབ་བྱས་ཏེ་ཡུལ་སྐོར་བ་བདེ་འཇགས་དང་གནའ་གྲོང་བདེ་འཇགས་འགན་ལེན་བྱ་དགོས། བྱང་སྒོའི་ཐང་ཆེན་སོགས་ས་ཁོངས་ཀྱི་ལས་རྣམ་སྐྱེད་སྲིང་མགྱོགས་སུ་བཏང་ནས་སྣ་མང་ཅན་གྱི་འཛད་སྤྱོད་གདམ་ག་མཁོ་འདོན་བྱས་ཏེ ཡུལ་སྐོར་བ་སྡོད་ཐུབ་པ་དང་འཛད་སྤྱོད་བྱེད་འདོད་ འགྲུལ་མང་བ་དེ་ལེགས་ཆ་དེ་དཔལ་འབྱོར་ཡོང་འབབ་མང་པའི་ཕན་འབྲས་སུ་བསྒྱུར་ཐུབ་པ་བྱེད་དགོས་པ་བསྟན

ལུའོ་ཁྲའོ་ ཧྥེང ་གིས་ སེམས་ཀྱི་ཉི་ཟླ ་སྐྱེ་དངོས་ཐོན་ཁུངས་གསར་འདོན་ཚད་ཡོད་ཀུང་སི་ ལ་བརྟག་ཞིབ་བྱེད་བཞིན་པ།
  སེམས་ཀྱི་ཉི་ཟླ ་སྐྱེ་དངོས་ཐོན་ཁུངས་གསར་འདོན་ཚད་ཡོད་ཀུང་སི་ ལ་བརྟག་ཞིབ་བྱེད་པའི སྐབས་སུ་ ལུའོ་ཁྲའོ་ ཧྥེང ་གིས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས ཞིང་པ་དང་འབྲེལ་ བཙུགས་ནས་ཞིང་བ་ལ་སྣེ ་ཁྲིད་ བྱེད་ པའི་བྱ་ཐབས་གཏིང་ཟབ་ཏུ་གཏོང་བ། “སྒོ་ ཁའི ་འཛད་སྤྱོད་” ལམ ་བུ་རྒྱ་སྐྱེད་བཏང་སྟེ། ཡུལ་སྐོར་བ་ མང་བོར ་མཛེས་ལྗོངས་ཁུལ་ བརྒྱུད་ནས་ ་ས་གནས་དེ་གའི་ཐོན་རྫས་ འཛད་སྤྱོད་ ལ་ སྐུལ་ཁྲིད་བྱས་ དགོས་ལ། ཕྱི་ནང་གི་འཛད་སྤྱོད་ཕྱོགས་གཉིས་ ་སྐུལ་འདེད་གཏོང་དགོས ་པ་བསྟན
  ལུའོ་ཁྲའོ་ཧྥེང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲིའི་སྣང་བ་དང་ཛ་དྲག་གི་འདུ་ཤེས་ཆེ་རུ་གཏོང་བ་ནས། རྣམ་གྲངས་སྐུལ་འདེད་དང་ལས་རིགས་ཀྱི་རྣམ་པ་མཐོ་རུ་གཏོང་རྒྱུ་མགྱོགས་སུ་བཏང་སྟེ། རིན་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་རྒྱལ་ཁ་ཐོབ་པའི་རྣམ་པར་ཏན་ཏིག་བསྒྱུར་དགོས། རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་གཏོད་དང་ཡུལ་སྐོར་བའི་ཉམས་ལེན་གྱི་ཚོར་བ་མཐོར་འདེགས་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་འགུལ་ནུས་གསར་པ་སྣོན་དགོས་བའི་བླང་བྱ་བཏོན
  ཁྲེན་ཆུན་དང་། ཧོང་ལུང་ཞིན། ཝན་ཏན་ཆིང་བཅས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁགདང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བརྟག་ཞིབ་འཇུག་ནང་ཞུགས་པ་རེད།
图片

记者:何帝龙 何雨桐

编辑仁欠才让 扎西此里

二审:万玛措

终审:次称曲批 杨翠海



责任编辑:仁欠才让 扎西此里

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།

2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་་

རྒྱལ་ཐང་རྒྱལ་བདེ་གྲོང་ཚོའི་སྲོལ་རྒྱུན་དཔྱིད་རྨོད་ཀྱི་མཐོང་ཐོས།

ཞོཊ་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།བོད་ཁང་འགྲམ་གྱི་ཁམ་སྡོང་།

དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།

ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com