2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་་
2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་འཕར་བ།
2025ལོར་བདེ་ཆེན་ཁུལ་ཚོང་དོན་སྡེ་ཚན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་ལས་ཀའི་བླང་བྱར་དམ་པོར་དམིགས་པ་དང་། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་། ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།ས་མཚམས་སྒྲོལ་བའི་བགྲོད་ལམ་ཤར་གཏོང་བཅས་ལས་ཀའི་དམ་འཛིན་བྱ་གཞིར་བྱེད་པ། ཕྱི་ཕྱོགས་ཚོང་དོན་གྱི་སྤེལ་རེས་མཉམ་ལས་རྒྱུན་མཐུད་རྒྱ་ཆེར་གཏོང་བ་བཅས་བྱས་པས་ཕྱི་ཕྱོགས་ཚོང་དོན་ལས་དོན་བརྟན་ཐོག་ཡར་འཕེལ་དང་། སྤུས་ཚད་དང་ཕན་འབྲས་གཉིས་ཀ་འཕར་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དོད་པོའི་གྲུབ་འབྲས་ཐོན་ཡོད་པ་སྟེ། རིམ་རྩིས་བྱས་ན་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་7321ཟིན་པའི་ནང་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱས་ནས་ཕྱི་དངུལ་གསོག་ཚད་སྒོར་ཁྲི་7054ཟིན་པ་དེ་དུས་མཚུངས་ལས་23.7%འཕར་ནས་ལོ་གཉིས་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

ཐོན་ལས་འཕེལ་རྒྱས་ཐད་ནས་བལྟས་ན། སྲོལ་རྒྱུན་གྱི་ལེགས་ལྡན་ཐོན་ལས་ཀྱི་ཕྱིར་གཏོང་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་ཕྱིན་པ་དང་། ཤ་མོ་དང་། རྒུན་འབྲུམ། སྔོ་ཚལ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། ཁྲོམ་རའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལོ་ཧྲིལ་པོར་བཟའ་བྱའི་ཤ་མོ་ཕྱིར་གཏོང་བྱེད་ཚད་ཏུན་1034ཟིན་པ་དང་ཕྱི་དངུལ་སྒོར་ཁྲི་5330བཏོད་པའི་ནང་བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཀྱི་མིང་བྱང་ཡིན་པའི་བེ་ཤ་ཕྱིར་གཏོང་བྱེད་ཚད་ཏུན་55ཟིན་པ་དང་ཕྱི་དངུལ་སྒོར་ཁྲི་1566བཏོད་ཡོད། ས་གནས་དེ་གའི་རྒུན་འབྲུམ་ཨ་རག་སྤུས་ལེགས་ལ་བརྟེན་ནས་ཕྱིར་གཏོང་དངུལ་བརྗེས་སྒོར་ཁྲི་1029.9ཟིན་ནས་སྲོལ་རྒྱུན་གྱི་ཕྱིར་གཏོང་ཐོན་རྫས་ཁྲོད་ཀྱི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད།
ཕྱི་ཕྱོགས་ཚོང་དོན་གྱི་གསར་དར་ཐོན་རྫས་རིགས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་སྣ་མང་ཅན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཀྲུང་ལུགས་སྨན་རྩྭ་དང་ཁ་ཆེ་ཤ་སྐམ་ཐོག་མར་ཕྱིར་གཏོང་བྱས་ནས་ཕྱི་དངུལ་སྒོར་ཁྲི་28བཏོད་དེ་རྒྱལ་སྤྱིའི་ཁྲོམ་རར་དངོས་སུ་བསྐྱོད་ཡོད། ནས་ཀྱི་ཨ་རག་དཀར་པོ་དང་ནས་ཀྱི་ཝུའེ་ཧྲེ་ཅི་ཨ་རག་སོགས་ས་མཐོའི་ཁྱད་ལྡན་ཨ་རག་ཕྱི་རྒྱལ་དུ་འཚོང་ཐེངས་དང་པོ་ཡིན་པ་དང་འབར་མ་སོགས་ས་ཁུལ་དུ་ཕྱིར་ཚོང་བྱས་ནས་རང་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་གསར་པ་སྔོག་འདོན་བྱས་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པ་མེད་པ་ནས་ཡོད་པའི་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། བདེ་ཆེན་ཁུལ་གྱིས་ཡུན་ནན་གྱི་ཕན་ཆེའི་ཚོང་དོན་ཚད་ཡོད་ཀུང་སི་གྲུབ་འབྲས་ཐོབ་པའི་སྒོ་ནས་སྐྱེད་སྲིང་བྱས་པ་དང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཚོང་དོན་གཉེར་འགོ་ཚུགས་ཤིང་། ཚོང་དོན་བྱེད་སྟངས་གསར་རྐྱང་དེར་བརྟེན་ནས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་དངུལ་བརྗེས་སྒོར་ཁྲི་294ཐོག་མར་མངོན་འགྱུར་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་མངོན་འགྱུར་བྱུང་བའི་ཁུལ་དང་གྲོང་ཁྱེར་10རུ་བདེ་བླག་ངང་ཚུད་དེ་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་དང་སྤུས་ལེགས་ཐོན་རྫས་ཕྱིར་ཚོང་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་ཆེད་ཐབས་ལམ་གསར་པ་བཏོད་ཡོད།
ཁྲོམ་ར་གསར་འབྱེད་དང་སྤུས་རྟགས་གཏོད་རྒྱུར་མཉམ་དུ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་ཡོད། ཕྱོགས་གཅིག་ནས་སེམས་ཀྱི་ཉི་ཟླའི་བེ་ཤའི་གླེང་སྟེགས་སྐབས་གསུམ་པ་བདེ་བླག་ངང་གཉེར་ནས་སེམས་ཀྱི་ཉི་ཟླའི་བེ་ཤའི་སྤུས་རྟགས་ཀྱི་རིན་ཐང་མུ་མཐུད་སྲ་བརྟན་དང་མཐོ་རུ་བཏང་སྟེ་ས་མཐོའི་ཁྱད་ལྡན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ལྷོ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དང་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་རྒྱལ་ནང་གི་གཙོ་གནད་འགྲེམས་ཚོགས་ནང་ཞུགས་པ་དང་། སྲིད་གཞུང་གིས་ཚོགས་པ་སྒྲིག་འཛུགས་བྱས་ནས་འཇར་པན་དུ་བསྐྱོད་དེ་སེམས་ཀྱི་ཉི་ཟླའི་བེ་ཤའི་ཐོན་ལས་དང་དེ་བཞིན་ས་མཐོའི་ཁྱད་ལྡན་ཐོན་རྫས་མངའ་ཁོངས་ཕྱིའི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་ཆབས་ཅིག པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་སྤེལ་ནས་སེམས་ཀྱི་ཉི་ཟླའི་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་མིང་བྱང་རྒྱུན་མཐུད་ངང་བཀྲག་མདངས་འཚེར་བར་བྱས་ཡོད།2025ལོའི་ལོ་མཇུག་བར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་འབྲས་དངོས་ཐོབ་པའི་ཁེ་ལས་21ཡོད་པ་དང་ཚོང་དོན་རྒྱལ་ཁབ་དང་ས་ཁུལ22ལ་ཁྱབ་ནས་ཚོང་དོན་གྱི་“གྲོགས་ཚོགས”མུ་མཐུད་རྒྱ་ཆེར་ཕྱིན་ཡོད།
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་་
རྒྱལ་ཐང་རྒྱལ་བདེ་གྲོང་ཚོའི་སྲོལ་རྒྱུན་དཔྱིད་རྨོད་ཀྱི་མཐོང་ཐོས།
ཞོཊ་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།བོད་ཁང་འགྲམ་གྱི་ཁམ་སྡོང་།
དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།
ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108