中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།

ཁྱབ་བསྒྲགས་དུས་ཚོད་:2026-04-06 16:35:27

    ཉེ་ཆར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་གཙང་རྩིས་ལས་དོན་གྱི་འཕེལ་རིམ་བརྡ་ཁྱབ་བཏང་བ་དང་། ཡུན་ནན་ཞིང་ཆེན་གྱིས་ལོ་འཁོར་གོང་མའི་སྨན་བཅོས་འགན་བཅོལ་གྱི་གཙང་རྩིས་སྔོན་ལ་ལེགས་སྒྲུབ་བྱས་པའི་སྤྱི་འདོམས་ས་ཁུལ་གཉིས་ཀྱི་གྲས་ཤིག་ཡིན་པའི་བདེ་ཆེན་ཁུལ་ལ་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་མིང་བཏོན་ནས་གཟེངས་བསྟོད་ཐོབ་པ་རེད། གྲུབ་འབྲས་དེ་ནི་བདེ་ཆེན་ཁུལ་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་རྒྱལ་ཁབ་དང་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ཀྱི་DRG

     དངུལ་སྤྲོད་སྒྱུར་བཅོས་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ཏེ་“དམིགས་སར་འབྱོར་བ་གསུམ”དམ་འཛིན་བྱ་གཞིར་བྱས་ནས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་སྒྱུར་བཅོས་ཀྱི་“མྱུར་ཚད་མགྱོགས་སུ་གཏོང་བའི”གསོན་ཉམས་དོད་པའི་ལག་ལེན་ལས་བྱུང་བ་ཞིག་རེད།

      ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་བྱ་ཡུལ་མིན་པའི་ཁུལ་དང་གྲོང་ཁྱེར་ལས་བདེ་ཆེན་ཁུལ་གྱིས་ཟླ་བ་གཅིག་གི་སྔ་སྣུར་དུ་2025ལོའི་ལོ་འཁོར་གྱི་DRGཀྱི་འགྲོ་གྲོན་གཙང་རྩིས་དང་ཐེབས་རྩ་གཏོང་སྤྲོད་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་རེད། ད་ཐེངས་ཀྱི་ཞིབ་རྩིས་དེ་ཁུལ་ཡོངས་ཀྱི་སྨན་ཁང་དུ་སྡོད་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་20ལ་ཁྱབ་པ་དང་། སྨན་ཁང་དུ་སྡོད་པའི་ནད་དཔེ་མི་ཐེངས་ཁྲི་3.76དང་འབྲེལ་བ་ཡོད་པ། གྲངས་གཞི་ཞིབ་བསྡུར་དང་ནོར་འཛོལ་གཅིག་ཀྱང་མེད་པ་དང་། ཐེབས་རྩས་གཏོང་སྤྲོད་མི་བྱེད་པ་དང་ནར་འགྱངས་མི་བྱེད་པ་བཅས་བྱས་པསDRGསྒྱུར་བཅོས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་རྨང་གཞི་བརྟན་པོ་ཞིག་བཏིང་བ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་བྱ་ཡུལ་མིན་པའི་ས་ཁུལ་གྱིས་DRGཞིབ་རྩིས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་རྩ་ཆེའི་ལག་ལེན་གྱི་མ་དཔེ་མཁོ་འདོན་བྱས་ཡོད།

    གཙང་རྩིས་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུར་འགན་ལེན་བྱ་ཆེད། བདེ་ཆེན་ཁུལ་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་མཐོ་ས་ནས་སྤྱི་འདོམས་དང་རིམ་པ་བཞིན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ལམ་ལུགས་ལག་བསྟར་སོགས་ཀྱི་ཐོག་ནས་གནད་སྨིན་ཤུགས་འདོན་བྱས་ནས་གཙང་རྩིས་རྒྱག་རིང་གི་དཀའ་གནད་སེལ་ཡོད། ལམ་ལུགས་ཀྱི་ངོས་ནས་ཞིང་ཆེན་རིམ་པའིDRGཀྱི་ཞིབ་རྩིས་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་།DRGཀྱི་གྲོན་དངུལ་སྤྲོད་པའི་ལས་རྗེས་གདེང་འཇོག་བྱ་ཐབས་དང་དེ་བཞིན་བདེ་ཆེན་ཁུལ་གྱི་ཞིབ་རྩིས་བརྒྱུད་རིམ་གྱི་དུས་ཚོད་རེའུ་མིག་བཟོས་ཏེ་ཞིབ་རྩིས་རྒྱག་པའི་གོ་རིམ་ཞིབ་ཚགས་སུ་གཏོང་བ་དང་འབྲེལ་ལས་རྗེས་གདེང་འཇོག་བྱ་ཐབས་དེ་ཞིང་ཆེན་སྨན་བཅོས་འགན་བཅོལ་ཆ་འཕྲིན་ལས་སྟེགས་ཀྱི་གཏོང་སྤྲོད་དོ་དམ་གྱི་ཡན་ལག་མ་ལག་ནང་བཅུག་ནས་“རྒྱུན་གཏན་གྱི་དོ་དམ་+མ་ལག་གྲངས་ལེན”གྱི་བྱེད་སྟངས་དང་མཐེབ་གཅིག་མའི་གྲུབ་འབྲས་གདེང་འཇོག་གི་འབྲས་བུ་བརྒྱུད་ཞིབ་རྩིས་ཀྱི་བརྒྱུད་རིམ་དེ་བས་ཚད་ལྡན་དང་ལས་ཕྱོད་དེ་བས་ཆེ་བ་ཡོང་བར་བྱས་ཡོད། འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་དམིགས་བསལ་གྱི་ཁེར་གྲོས་དཔྱད་ཞིབ་དང་། ཐེབས་རྩའི་གྲོན་ཚད་ཞིབ་རྩིས། སྤུས་ཚད་འགན་ལེན་གྲོན་དངུལ་ཞིབ་རྩིས་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ཏེ་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་དམིགས་བསལ་གྱི་ཁེར་གྲོས་དཔྱད་ཞིབ་896སྒྲིག་འཛུགས་བྱས་པར་གྲོས་འཆམ་བྱུང་ཚད་41.85%ཟིན་པ་དང་ཐེབས་རྩའི་ཉེན་ཁ་ཚོད་འཛིན་ནན་པོ་བྱེད་པ་དང་ཆབས་ཅིག་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་སྨན་བཅོས་ཁེ་དབང་འགན་ལེན་ཏན་ཏིག་བྱས་ཡོད།ལག་བསྟར་རིམ་པའི་ཐད་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྒྲུབ་གཉེར་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་“གྲངས་གཞི་ཞིབ་བསྡུར་དང་། མ་དངུལ་ཞིབ་རྩིས། སྲིད་ཇུས་ཀྱི་དོགས་གཞིར་ལན་འདེབས་པ། མ་དངུལ་གཏོང་སྤྲོད”བཅས་ཀྱི་ལས་ཀའི་གཙོ་རྐང་བཞི་ཁ་གསལ་བཟོས་ནས་ཞིབ་རྩིས་རྒྱག་པའི་བརྒྱུད་རིམ་ནང་ཐོན་པའི་རྒྱུན་གཏན་དང་མི་འདྲ་བའི་གནད་དོན་སྣ་ཚོགས་མགྱོགས་མྱུར་དང་ལེན་དང་ཐག་གཅོད་བྱས་ཏེ་གོང་འོག་མཉམ་འགུལ་དང་མཐུན་སྦྱོར་ཤུགས་འདོན་གྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱས་ཡོད།

      DRGདངུལ་སྤྲོད་གཙང་རྩིས་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དེའི་ཐོག་ནས་བདེ་ཆེན་ཁུལ་གྱི་དངུལ་སྤྲོད་སྟངས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ཀྱི་མཐའ་ཚད་སྲུང་ཐུབ་པ་མ་ཟད། སྒྲུབ་གཉེར་ཞབས་ཞུའི་ཕན་ནུས་ཀྱང་ཆེ་རུ་ཕྱིན་པ་མཚོན་ཡོད།

བདེ་ཆེན་ཁུལ་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་DRGཀྱི་སྨན་རིན་སྤྲོད་པའི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གཙང་རྩིས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲུབ་འབྲས་བེད་སྤྱོད་དང་ལས་རྗེས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་འགན་བཅོལ་ཐེབས་རྩའི་བེད་སྤྱོད་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བྱ་ཐབས་དེ་བས་ཏན་ཏིག་དང་ཚད་གཞི་དེ་བས་མཐོ་བའི་སྒོ་ནས་མང་ཚོགས་ཀྱི་སྨན་བཅོས་ཁེ་དབང་འགན་ལེན་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཡིན་ཞེས་བཤད་བྱུང་།


  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།

2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་་

རྒྱལ་ཐང་རྒྱལ་བདེ་གྲོང་ཚོའི་སྲོལ་རྒྱུན་དཔྱིད་རྨོད་ཀྱི་མཐོང་ཐོས།

ཞོཊ་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།བོད་ཁང་འགྲམ་གྱི་ཁམ་སྡོང་།

དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།

ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com