中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུཌ་སྐྲུན་ལས་དོན་སྐོར་གྱི་སྙན་སེང་གསན་སྐབས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཚད་གཞི་མཐོ་པོས་འཛུགས་སྐྲུན་བྱེད་དགོས།

ཁྱབ་བསྒྲགས་དུས་ཚོད་:2025-11-10 14:31:19 འབྱུང་ཁུངས་:人民日报藏文版

ཚའེ་ཆི་སྙན་སེང་ཚོགས་འདུར་ཞུགས་པ།

     ཟླ་11ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧའེ་ནན་སན་ཡ་རུ་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ལས་དོན་སྐོར་གྱི་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་སན་ཡ་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ལས་དོན་སྐོར་གྱི་སྙན་སེང་གསན་སྐབས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ནས་བཏོན་པའི་ཐབས་ཇུས་གཏན་འབེབས་གལ་ཆེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག རིམ་པ་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་མཉམ་ལས་དམ་ཟབ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། མུ་མཐུད་འབད་བརྩོན་བྱས་པ་བརྒྱུད་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཟླ་11ཚེས་6ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ལས་དོན་སྐོར་གྱི་སྙན་སེང་གསན་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་ཧའེ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྥེང་ཧྥེ་ཡིས་སྙན་སེང་ཞུས་པ་རེད།

    སྙན་སེང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་འདི་ལོའི་ཟླ་12ཚེས་18ཉིན་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཡོངས་སྒོ་ཁྲལ་དངོས་སུ་སྡོམ་རྒྱུའི་གཏན་འབེབས་བྱས་པ་དེ། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་རེད། རིམ་པ་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་གྲ་སྒྲིག་ཞིབ་ཚགས་བྱས་ནས་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཚད་ནི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་ཉིད་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་དབྱེར་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་དེ་རེད། འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་པ་ལས་གཡོ་འགུལ་མི་གཏོང་བར། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་སྐོར་གྱི་བཅའ་ཁྲིམས་ལག་བསྟར་གཏིང་ཟབ། བསམ་བློར་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད་བཅས་བྱས་ཏེ། གོམ་སྟབས་དང་དུས་མཚམས་ཕྱེ་ནས་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་གྲུ་ཁ་དང་འཚམ་པའི་སྲིད་ཇུས་ལམ་ལུགས་མ་ལག་འཛུགས་དགོས་པ་དང་། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་སྐྱེད་བཏང་ནས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་རྒྱལ་སྒྲོལ་འཁོར་རྒྱུག་བྱེད་པར་སྐུལ་འདེད་དེ་ལས་ཡག་པ་གཏོང་དགོས།

    དེ་བས་སྒོ་དབྱེའི་ཤེས་ལྡན་པའི་ལམ་སྲོལ་བཙུགས་ནས་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་པར་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས། སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྲིད་དོན་ཞབས་ཞུ་ལེགས་སུ་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། ཚད་གཞི་མཐོ་བའི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། ཧའེ་ནན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་རོགས་རམ་བྱ་རྒྱུ་དེ་རེད། དོན་དངོས་དང་ཟུང་འབྲེལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་འགོད་བྱེད་པ་དང་། “ཁུལ་གསུམ་དང་ལྟེ་གནས་གཅིག”འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་ཏེ། ཧའེ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་། ཧའེ་ནན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གཏོད་པ་དང་། གཙོ་ཁྲིད་ཐོན་ལས་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཧུར་ཐག་ཡོང་བར་བྱེད་དགོས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་མཉམ་འགུལ་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། པེ་ཅིང་ཐེན་ཅིན་ཧོ་པེ་དང་། འབྲི་ཆུའི་ཟུར་གསུམ་ཁུལ། འབྲི་ཆུའི་དཔལ་འབྱོར་ཁུལ་སོགས་ས་ཁོངས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། སྐྱེ་ཁམས་ནི་ཧའེ་ནན་གྱི་ལེགས་ཆ་ཆེན་པོ་ཞིག་ཡིན་པས། ཁྱིམ་གཞིས་ཡག་པོ་སྐྱོང་བ་དང་། སྐམ་མཚོར་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁོར་ཡུག་གི་གནད་དོན་མངོན་གསལ་དོད་རིགས་བཅོས་སྒྲིག་བྱེད་པར་རྒྱུན་མཐུད་དམ་འཛིན་ཡག་པོ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་ཚོད་ལྟའི་ཁུལ་སྤུས་ཚད་མཐོ་པོས་འཛུགས་སྐྲུན་བྱེད་དགོས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒོ་མོ་འབྱེད་རྒྱ་ཇི་ཙམ་གྱིས་ཆེ་རུ་བཏང་ན་དེ་ཙམ་གྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། སྒོ་མོ་འབྱེད་རྒྱ་དང་འཕེལ་རིམ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ནས། ཉེན་ཁ་དབྱེ་འབྱེད་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏན་ཏན་ཏིག་ཏིག་ངང་ལེགས་པར་སྒྲུབ་དགོས།

     ཞི་ཅིན་ཕིང་གིས་བསྟན་དོན། ནམ་ཡང་ཚར་དུས་མེད་པའི་སྙིང་སྟོབས་དང་བློ་རྩ་བརྟན་པོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རུལ་སུངས་འབྱུང་ས་དང་འབྱུང་རྐྱེན་མེད་པར་བཟོ་དགོས། རིམ་ཁག་ལས་བྱེད་པས་སྒྲིག་བཀུར་ཁྲིམས་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་མཁས་པོ་བྱེད་པར་ཁྲིད་སྟོན་བྱས་ཏེ་འབད་འབུངས་ལྷོད་མེད་ཀྱིས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་ལས་ཀའི་གྲུབ་འབྲས་གཏོད་དགོས།

    ཞི་ཅིན་ཕིང་གིས། མིག་སྔར་ཧའེ་ནན་གྱིས“ཆུ་སྐྱར”རྒྱ་མཚོའི་རླུང་འཚུབ་ལྡང་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ནས། འབྲེལ་ཡོད་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ཡག་པོ་བསྒྲུབས་ཏེ་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

责任编辑:卓玛央初

  • བདེ་ཆེན་གསར་འགྱུར།

ཁུལ་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་ཀའི་གྲོས་ཚོགས་འཚོགས་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཅིན་ཅང་གི་དཔྱིད་རྣམ། མདོག་ལྔའི་ཞིང་གྲོང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཐོ་སྒང་ཡུལ་དུ་མེ་ཏོག་བཞད། སྟག་མཆོང་གྲོག་རོང་གི་རི་ཚོགས་ཀྱི་མཛེས་པ།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་བོད་སྨན་ཁང་དུ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་བརྟེན་ནས་ཁུལ་ཡོངས་ཀྱི་ཀྲུང་བོད་གསོ་རིག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཐོ་སྒང་ཡུལ་དུ་མེ་ཏོག་བཞད། སེམས་ཀྱི་ཉི་ཟླ་སྔར་ལས་མཛེས།

ལུའོ་ཁྲའོ་ཧྥེང་ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་སྐབས་མཁོ་སྤྲོད་འགན་ལེན་དང་། དགོས་མཁོ་ཆེར་གཏོང་། ནུས་རྒྱུའི་གྲངས་གཞི་ཆེན་པོར་བརྟེན་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས་གོ་སྐབས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ་ནགས་སྐོར་ལ་ཕེབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ལྡན་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com