中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས་གོ་སྐབས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-04-20 16:17:43

ཟླ་4ཚེས་17ཉིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ།

ཟླ་4ཚེས་17ཉིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ཤིང་།ཚོགས་འདུའི་ཐོག་འཇོལ་རྫོང་གིས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།དེ་མིན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་ཟབ་མོའི་འོག་མིག་སྔའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་།མཐུན་སྒྲིལ་ཡར་བརྩོན།འགན་འཁྲི་འཁུར་ཕོད་པ།དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྒོ་ནས་འཇོལ་རྫོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་ཤིང་གསུང་བཤད་ཀྱང་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་ཀྲུའུ་པའོ་ཧྥུའུ་ཚོགས་འདུར་ཞུགས་ཡོད་པ་རེད།

ཚེས16ཉིན། རྟོག་ཞིབ་ཚོགས་པ་ཀོང་རྩེད་ར་གྲོང་རྡལ་ཡུལ་ཡུམ་གྲོང་ཚོའི་གྲོང་མི་ཚོགས་ཆུང་གི་རྒུན་ཆང་བཟོ་གྲྭར་ཕེབས་ནས་ཐོན་ལས་ལེགས་སྒྲིག་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ།

ཚོགས་འདུ་མ་འཚོགས་གོང་།ལུའོ་ཁྲའོ་ཧྥེང་དང་ཀྲང་ཝེ་ཏུང་གིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་སྔ་རྗེས་སུ་ཀོང་རྩེད་ར་གྲོང་རྡལ་ཡུལ་ཡུམ་གྲོང་ཚོའི་གྲོང་མི་ཚོགས་ཆུང་དང་ཧྲེང་ཕིང་གྲོང་རྡལ་དགོན་པ་སྟེང་སྨན་རིའི་ཁྱད་ལྡན་གྲོང་རྡལ་གྱི་རྣམ་གྲངས་འཛུགས་སྐྲུན་ས་ཚིགས་དང་།ཧྥོ་ཧྲན་ཤང་འབྲོག་སྒང་ཟམ་ཆེན་དང་། འབའ་སྡེ་ཤང་གི་ནན་ཅེ་ལུའོ་ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས།ཡེ་ཀྲི་གྲོང་རྡལ་བཅས་ཀྱི“ཚོད་འཛིན་གཉིས”ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་བསྐྱོད་དེ།ཞིང་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་།ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས།འགྲིམ་འགྲུལ་རྣམ་གྲངས་གཙོ་བོའི་འཛུགས་སྐྲུན།མཛེས་ལྗོངས་གསར་སྤེལ་གཉེར་སྐྱོང་།རྫོང་གྲོང་གསར་པའི་འཛུགས་སྐྲུན་རྣམ་གྲངས་སྐུལ་སྤེལ་བཅས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འཇོལ་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་འཇོལ་རྫོང་རྫོང་ཨུའི་འགོ་ཁྲིད་གཙོ་བོས་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་ཞུས། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་འཇོལ་རྫོང་གིས་གནད་དོན་ཐག་གཅོད་བྱ་རྒྱུའི་རེ་བ་བཏོན་པར་ལན་བསྐྱོན་པ་རེད།

ཚེས་16ཉིན་རྟོག་ཞིབ་ཚོགས་པས་ཧྥའོ་ཧྲན་ཤང་འབྲོག་སྒང་ཟམ་ཆེན་དུ་འཇོལ་རྫོང་ནས་ཚྭ་ཁ་ལྷོ་བར་གྱི་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་བ།

ཚོགས་འདུའི་ཐོག་འཇོལ་རྫོང་གིས་ངེས་པར་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས་པ་དང་། ལས་དོན་དེ་ངེས་པར་དུ་ཡག་པོ་བསྒྲུབ་དགོས་པ། མིག་རྒྱང་རིང་བོ་དང་སྤྱི་ཡོངས་ནས་གཙོ་གནད་ལས་དོན་ལ་སྐུལ་འདེད་དང་ཡག་པོ་གཏོང་དགོས། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་རྣམ་གྲངས་དམ་འཛིན་བྱེད་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། རྣམ་གྲངས་འཛུགས་སྐྲུན་དེ་བས་གལ་ཆེའི་གནས་བབ་ཐོག་བཞག་ནས་ལས་འགོ་འཛུགས་པ་དང་།མ་འཇོག་རྒྱ་ཆེར་གཏོང་།ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱིས་རྫོང་ཡོངས་དང་ཐ་ན་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་།འདེགས་སྐྱོར།སྐུལ་ཁྲིད་བཅས་བྱེད་དགོས།ཐོན་ཁུངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།རྗེས་ཐོན་གྱི་ལེགས་ཆ་དང་བསྡུར་གཞི་ལྡན་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྔོན་ལ་ཐོན་ཁུངས་འཆར་འགོད་དང་།ཐོན་ལས་བརྗེ་རེས། སེམས་རྣལ་དུ་ཕབ་ནས་“ཡུལ་སྐོར”“ཞིང་ལས”དང“ནགས་ལས” “ཆུ” “གཏེར”སོགས་ཀྱི་ལེགས་ཆ་སྤྱད་དེ་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོ་རྒྱུན་མཐུད་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་།རྫོང་གྲོང་གསར་པའི་སྤྱི་པའི་ཞབས་ཞུའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ།“རྒན་གཅིག་དང་གཞོན་གཅིག་”སོགས་གཙོ་གནད་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དོ་སྣང་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ཟམ་མི་ཆད་པར་མཐོ་རུ་གཏོང་བ།དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་།མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ།ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཉེན་ཁ་འགོག་པ་དང་།བརྟན་ལྷིང་འགན་ལེན།བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཏན་ཏིག་དང་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་དགོས།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་སྐྱེ་ཁམས་སྲུང་སྐྱོང་དང་།བདེ་འཇགས་ཐོན་སྐྱེད།སྤྱོད་གཙང་སྒྲིག་ཁྲིམས་སོགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།

གྲོས་ཚོགས་ཀྱིས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ནན་ཏན་གྱིས་འཛུགས་པ་དང་ལག་ལེན་བསྟར་བ་དང་།དམ་པ་དོན་གཉེར་ཐད་སྣེ་ཁྲིད་ཡག་པོ་བྱས་ཏེ།འགན་འཁུར་ཕོད་པ་དང་།འགན་འཁུར་མཁས་པ་བཅས་བྱེད་པ་དང་།ལས་ཀའི་ལས་འགན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བར་དམ་འཛིན་བྱས་ཏེ།བདེ་ཆེན་གྱི་མདུན་དུ་ལྷགས་པའི་གོ་སྐབས་དེ་འཕེལ་རྒྱས་ཀྱི་དངོས་ལྗོངས་སུ་གང་མགྱོགས་བསྒྱུར་དགོས་པའི་བླང་བྱ་བཏོན་པ་རེད།

ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཞུའེ་ཝུན་གྱིས་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་བ་རེད།

ཞུང་ཝུན་པིན་དང་ཧུའུ་ཧྥེ་ཞུང་།ཁུལ་སྲིད་གཞུང་གི་ཚན་ཁག་གི་ཁོངས་མི།ཁུལ་དང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་དང་ཚོགས་འདུར་ཞུགས་པ་རེད།


  • བདེ་ཆེན་གསར་འགྱུར།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས་གོ་སྐབས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ་ནགས་སྐོར་ལ་ཕེབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ལྡན་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།

 ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས།

ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་78པ་འཚོགས།  

དཔྱིད་དཔལ་ལ་རོལ་བ།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com