中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ་ནགས་སྐོར་ལ་ཕེབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ལྡན་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-04-20 15:27:56

ལུའོ་ཁྲའོ་ཧྥེང་གིས་ཨ་ལ་མགོ་གྲོང་ཚོར་ནགས་ཚལ་སྐོར་ཞིབ་བྱེད་སྐབས་ནགས་ཚལ་མེ་ཟོན་གྱི་འཕྲལ་སྡོམ་བགྲོད་ལམ་འཛུགས་སྐྲུན་དང་ནགས་ཚལ་མེ་ཟོན་གྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ཟླ་4པའི་ཚེས་19ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཨ་ལ་མགོ་གྲོང་ཚོར་ནགས་ཚལ་སྐོར་ཞིབ་བྱེད་པར་ཕེབས་པ་དང་འབྲེལ་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ལྡན་ངང་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་ཨ་ལ་མགོ་གྲོང་ཚོའི་ཅ་ཀོའུ་གྲོང་མི་ཚོ་ཆུང་ཅིའུ་ཙི་མཚོ་རུ་ཡུག་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་དང་སྐྱེ་ཁམས་སྲུང་སྐྱོང་གི་ད་ལྟའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

ཨ་ལ་མགོ་གྲོང་ཚོར་ནགས་ཚལ་སྐོར་ཞིབ་བྱེད་སྐབས་ལུའོ་ཁྲའོ་ཧྥེང་གིས་ནགས་ཁུལ་གྱི་སྔོ་ཁེབས་སྲུང་སྐྱོང་དང་ནགས་ཚལ་མེ་ཟོན་གྱི་འཕྲལ་སྡོམ་བགྲོད་ལམ་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་ཕྲ་གཟིགས་པ་དང་ནགས་ཚལ་མེ་ཟོན་གྱི་མེ་གསོད་ལས་དོན་དང་དེ་བཞིན་མེ་ཟོན་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་རེད། ཁོང་གིས་མིག་སྔར་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་གྱི་འགག་རྩའི་དུས་སྐབས་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་མེ་ཟོན་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ངང་མེ་སྤྱོད་རྒྱུ་དར་སྤེལ་གཏོང་བ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་ནགས་སར་ལྟ་སྐུལ་དོ་དམ་བྱ་རྒྱུར་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས། ནགས་ཚལ་མེ་ཟོན་བགྲོད་ལམ་འཛུགས་སྐྲུན་བྱེད་སྐབས་ཐོག་མའི་སྔོ་ཁེབས་ལ་གཏོར་བཤིག་གཏོང་ཚད་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱས་ནས་བདེ་ཆེན་གྱི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་།

ཅིའུ་ཙི་མཚོ་ནི་ཨ་ལ་མགོ་གྲོང་ཚོའི་རྒྱ་ཀོའུ་གྲོང་མིའི་ཚོ་ཆུང་དུ་གནས་པ་དང་རང་བྱུང་མཛེས་ལྗོངས་ཁྱད་དུ་འཕགས་པས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་རྐང་ཐང་མར་ཡུལ་སྐོར་བྱེད་པར་ཆ་རྐྱེན་བཟང་པོ་ལྡན་ཡོད། ལུའོ་ཁྲའོ་ཧྥེང་གིས་ཡུག་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་དང་སྐྱེ་ཁམས་སྲུང་སྐྱོང་གི་ད་ལྟའི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་ནས་གཞི་རིམ་གྱི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཁོང་གིས་སྐྱེ་ཁམས་ནི་བདེ་ཆེན་གྱི་རྨང་གཞི་ཡག་ཤོས་ཡིན་པས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་མཐའ་གཅིག་ཏུ་སྲུང་བ་དང་། རི་ཆུ་ནགས་མཚེའུ་དང་རྩྭ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ་དང་། རྐང་ཐང་ལམ་ཐིག་ཚད་ལྡན་གསར་སྤེལ་བྱེད་པ། སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“རི་ཀླུང”གི་ལས་དོན་ཡག་པོ་སྒྲུབ་དགོས། ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་ལས་དོན་ཡག་པོ་བསྒྲུབས་ཏེ་རྐང་ཐང་མར་བསྐྱོད་པ་དང་ཡ་རབས་ངང་ཡུལ་སྐོར་བྱ་རྒྱུ་དར་སྤེལ་གཏོང་བ་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། གྲོང་ཚོའི་རྣམ་པར་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཆར་འགོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་གདོད་མའི་རྣམ་པ་སོར་འཇོག་བྱེད་དགོས་པའི་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཨ་ལ་མགོ་གྲོང་ཚོའི་ཅ་ཀོའུ་གྲོང་མི་ཚོ་ཆུང་ཅིའུ་ཙི་མཚོ་རུ་ཡུག་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་དང་སྐྱེ་ཁམས་སྲུང་སྐྱོང་གི་ད་ལྟའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

ལུའོ་ཁྲའོ་ཧྥེང་གིས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་བ། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱས་ཏེ་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་དང་གྲོང་གསེབ་ཀྱི་ཡུལ་སྐོར་མཉམ་སྐུལ་མཉམ་སྐྱོད་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་གཏོད་པ་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཁྲོད་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་སྣོན་དགོས་པའི་ནན་བཤད་གནང་།

ཀྲུའུ་ཧུང་དང་། ཧོང་ལུང་ཞིན། ཧུའུ་ཧྥེ་ཞུང་བཅས་བརྟག་ཞིབ་ནང་ཞུགས་ཡོད།

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ་ནགས་སྐོར་ལ་ཕེབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ལྡན་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།

 ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས།

ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་78པ་འཚོགས།  

དཔྱིད་དཔལ་ལ་རོལ་བ།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com