ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་བོད་སྨན་ཁང་དུ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་བརྟེན་ནས་ཁུལ་ཡོངས་ཀྱི་ཀྲུང་བོད་གསོ་རིག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

ཟླ་4པའི་ཚེས་21ཉིན་ལུའོ་ཁྲའོ་ཧྥེང་ཁུལ་བོད་སྨན་ཁང་གི་སྨན་སྦྱོར་ཁང་དུ་ཕེབས་ནས་བོད་སྨན་ཚད་ལྡན་ཅན་དང་ཐོན་ལས་ཅན་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།
ཟླ་4ཚེས་21ཉིན་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་བོད་སྨན་ཁང་གི་“སྒྲིག་ཕྱིའི་ཡོན་ཀྲང”ལུའོ་ཁྲའོ་ཧྥེང་ཁུལ་བོད་སྨན་ཁང་དུ་ཕེབས་ནས་ཀྲུང་བོད་གསོ་རིག་བྱ་གཞག་འཕེལ་རྒྱས་དང་ཐོན་ལས་སྐྱེད་སྲིང་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཐོན་ལས་འཁོར་འབྲེལ་ཧྲིལ་པོ་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ། རིག་གནས་ཡུལ་སྐོར་དང་ལུས་གསོ་མཉམ་འདྲེས་གཏིང་ཟབ་བྱེད་པ།ཀྲུང་བོད་གསོ་རིག་དེ་ཁུལ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འཕར་གཞི་གལ་ཆེན་ཞིག་ཏུ་མགྱོགས་མྱུར་སྐྱེད་སྲིང་བྱེད་པ་དང་། ཀྲུང་བོད་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་སྔ་རྗེས་སུ་ཁུལ་བོད་སྨན་ཁང་ཀླད་ནད་ཚན་ཁག་གི་ནད་སྡོད་ཁུལ་དང་སྨན་སྦྱོར་ཁང་དུ་ཕེབས་ནས་ཚན་ཁག་གི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་དང་། ཀྲུང་བོད་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ། སྨན་སྦྱོར་སྣ་ཁ་གསར་གཏོདGMPཚད་ལྡན་ལག་བསྟར། སྲོལ་རྒྱུན་སྨན་འདུལ་ལག་རྩལ་རྒྱུན་འཛིན། སྨན་ཁང་གི་ཚད་གཞི་མཐོར་གཏོང་དང་ནུས་པ་ཆེར་གཏོང་། དེ་བཞིན་ཁམས་གསོ་དང་ཡུལ་སྐོར་མཉམ་འདྲེས་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་བོད་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ལུའོ་ཁྲའོ་ཧྥེང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཀྲུང་བོད་གསོ་རིག་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། བདེ་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་དང་། ཀྲུང་བོད་གསོ་རིག་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ། ཤེས་ལྡན་མི་སྣའི་ལག་རྩལ་གྱི་རྨང་གཞི་བརྟན་པ། ཀྲུང་བོད་གསོ་རིག་གི་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་སྲིད་ཇུས་ཀྱི་ལེགས་ཆ་ལྡན་ཡོད། ཀྲུང་བོད་གསོ་རིག་ནི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་དམངས་འཚོའི་བྱ་གཞག་གལ་ཆེན་ཞིག་ཡིན་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་ཀྱང་ཡིན་པས་ངེས་པར་དུ་“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ལོའི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་མཐའ་འཁྱོངས་ཀྱིས་ཀྲུང་བོད་གསོ་བ་རིག་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་བོད་གསོ་རིག་ཐོན་ལས་འཕེལ་རྒྱས་གཏོང་བར་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་གཙོ་ཁྲིད། ཁེ་ལས་བྱེད་པོ་བཅས་མཐའ་འཁྱོངས་བྱས་ཏེ་ཕྱི་ནས་ནང་འདྲེན་གྱི་ནང་སྦྱོང་དང་གསོ་རིག་དང་བོད་སྨན་ལོགས་སུ་དབྱེ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁུལ་བོད་སྨན་ཁང་གི་ཤེས་ལྡན་མི་སྣའི་ལག་རྩལ་གྱི་ལྟེ་བའི་ལེགས་ཆར་བརྟེན་པ། སྤུས་ལེགས་སྨན་བཟོའི་ཁེ་ལས་དང་མཉམ་དུ་མཉམ་ལས་འགག་སྒྲོལ་བྱེད་པ། སྨན་ཁང་ནང་གི་སྨན་རྫས་སྡེབ་སྦྱོར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྨན་རྫས་ཀྱི་ཆོག་འཐུས་ཨང་རྟགས་མགྱོགས་མྱུར་རེ་ཞུ་བྱེད་པ། ཐོན་ལས་འཁོར་འབྲེལ་ཧྲིལ་པོས་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་བཏང་ནས་འདེབས་འཛུགས་ཚད་ལྡན་དང་། དམའ་རིམ་ལས་སྣོན། ལས་སྣོན་ཞིབ་ཚགས། སྨན་ཁང་ནང་གི་སྨན་སྦྱོར། སྨན་རྫས་བཟོས་མ། བདེ་ཐང་ཉེར་སྤྱོད་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བསྐྲུན་ནས་འདེབས་འཛུགས་རྟེན་གཞི་དང་ལས་སྣོན་ཁེ་ལས་ཀྱི་ཞན་ཆ་གསབ་སྟེ་ཀྲུང་བོད་གསོ་རིག་གི་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཀྲུང་བོད་གསོ་རིག་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། རང་སྨན་ཁང་གིས་བཟོས་པའི་སྨན་རྫས་ཕྱིར་ཚོང་གི་འཇུར་མིག་ནུས་ཤུགས་ཡོད་རྒུས་སེལ་བ། ཚལ་ཐོ་རྣམ་པའི་སྨན་ཐོ་ཁྱབ་གདལ་གཏོང་བ།དྲ་སྦྲེལ་གྱི་རྒྱང་ཁྲིད་ནད་བརྟག་སྨན་བཅོས་འཕེལ་རྒྱས་གཏོང་བ། རྣམ་གྲངས་ཐུམ་སྒྲིལ་དང་། དྲིལ་བསྒྲགས་ཁྱབ་གདལ། ཁམས་གསོ་དང་ཡུལ་སྐོར་མཉམ་འདྲེས་བཅས་ཀྱི་རྩོམ་ཡིག་ཡག་པོ་འབྲི་བ། བོད་ལུགས་གསོ་རིག་རིག་གནས་འགྲེམས་སྟོན་དང་ཉམས་ལེན་གཞི་རྟེན་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་དངོས་ཟོག་ངོ་མ་དང་རིན་གོང་མཐོ་བའི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་རྫས་ཁྲོམ་རའི་ཐོག་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཐོགས་སུ་འཇུག་དགོས་ཞེས་ནན་བཤད་གནང་ཡོད།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཀྲུང་བོད་གསོ་རིག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ས་ཆ་མཁོ་སྤྲོད་འགན་ལེན་བྱེད་པ།GMPབདེན་དཔང་ར་སྤྲོད་དང་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ཡག་པོ་བྱེད་པ། “སྨན་རྒྱུའི་དངུལ་བུན”སོགས་དངུལ་རྩའི་ཐོན་རྫས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་ནས་གོང་རིམ་གྱི་སྲིད་ཇུས་དང་འབྲེལ་ཐག་ཧུར་ཐག་བྱས་ཏེ། རང་འགུལ་ངང་བསམ་བློ་གཏོང་བ་དང་། ལས་དོན་ཏན་ཏིག་སྒྲུབ་པ། ཕན་འབྲས་ལ་ལྟ་བ་བཅས་བྱེད་པ་དང་། གཅོད་ཁ་ཆུང་ངུ་དང་བྱ་ཐབས་ཏན་ཏིག་ལ་བརྟེན་ནས་སྙིང་རུས་གཏན་འཁྱོངས་བྱེད་པ། ལས་འགན་གྱི་གསལ་ཐོ་ཞིབ་ཚགས་སུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་ཀྲུང་བོད་གསོ་རིག་ཐོན་ལས་དེ་བདེ་ཆེན་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་སྐུལ་ཁྲིད་རང་བཞིན་ཆེ་བའི་གསར་དར་ཀ་རྟེན་ཐོན་ལས་སུ་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན།
ཞུང་ཝུན་པིན་དང་ལི་ཐའོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གཙོ་བོ་བཅས་རྟོག་ཞིབ་ནང་ཞུགས་ཡོད།
- བདེ་ཆེན་གསར་འགྱུར།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཐོ་སྒང་ཡུལ་དུ་མེ་ཏོག་བཞད། སྟག་མཆོང་གྲོག་རོང་གི་རི་ཚོགས་ཀྱི་མཛེས་པ།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་བོད་སྨན་ཁང་དུ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་བརྟེན་ནས་ཁུལ་ཡོངས་ཀྱི་ཀྲུང་བོད་གསོ་རིག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཐོ་སྒང་ཡུལ་དུ་མེ་ཏོག་བཞད། སེམས་ཀྱི་ཉི་ཟླ་སྔར་ལས་མཛེས།
ལུའོ་ཁྲའོ་ཧྥེང་ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་སྐབས་མཁོ་སྤྲོད་འགན་ལེན་དང་། དགོས་མཁོ་ཆེར་གཏོང་། ནུས་རྒྱུའི་གྲངས་གཞི་ཆེན་པོར་བརྟེན་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས་གོ་སྐབས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ་ནགས་སྐོར་ལ་ཕེབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ལྡན་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།
ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས།
ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108