ལུའོ་ཁྲའོ་ཧྥེང་ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་སྐབས་མཁོ་སྤྲོད་འགན་ལེན་དང་། དགོས་མཁོ་ཆེར་གཏོང་། ནུས་རྒྱུའི་གྲངས་གཞི་ཆེན་པོར་བརྟེན་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་གློག་འདོན་ཅུས་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་བདེ་ཆེན་གློག་དྲའི་བཀོད་གཏོང་འཁོར་སྐྱོད་གནས་ཚུལ་ལ་བརྟག་ཞིབ་གནང་བ།
ཟླ་4པའི་ཚེས་20ཉིན་གྱི་ཕྱི་དྲོ་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་གི་སྣེ་ཁྲིད་ནས་ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་སུ་བསྐྱོད་དེ་ནུས་རྒྱུའི་གྲངས་གཞི་ཆེ་མོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད། ཁོང་གིས་མཁོ་སྤྲོད་ཕྱོགས་ཀྱི་བདེ་འཇགས་བློས་འགེལ་འགན་ལེན་དང་། དགོས་མཁོའི་ཕྱོགས་དེ་མུ་མཐུད་རྒྱ་ཆེར་གཏོང་བ། ནུས་རྒྱུའི་གྲངས་གཞི་ཆེ་མོའི་འཐབ་ཇུས་རིན་ཐང་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ནུས་རྒྱུའི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་རྣམ་པའི་འགྲེམས་སྟོན་ལ་ནན་ཏན་ངང་གཟིགས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལག་ལེན་གྱི་ཕན་འབྲས་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་བསྐྱོད་དེ་བདེ་ཆེན་གློག་དྲ་འཁོར་སྐྱོད་དང་། གློག་ཤུགས་མཁོ་སྤྲོད། ལོ་འཁོར་གྱི་མ་འཇོག་འཆར་གཞི། དེ་བཞིན་དུས་ཚིགས་དང་པོའི་གློག་ཤུགས་འཁོར་སྐྱོད་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས་བདེ་ཆེན་གློག་འདོན་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་ཁུལ་ཡོངས་ཀྱི་གློག་སྤྱོད་དགོས་མཁོ་འགན་ལེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐད་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ནུས་རྒྱུའི་གྲངས་གཞི་ཆེ་མོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ནི་ཡུན་ནན་ཞིང་ཆེན་གྱི་ཆུ་གློག་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོ་དང་ལྗང་མདོག་ནུས་རྒྱུའི་རྟེན་གཞི་ཡིན་པས་ཆུ་དང་། ཡུལ་ལྗོངས། འོད་ནུས། གསོག་འཇོག རྩིས་རྒྱག་བཅས་གཞི་གཅིག་ཅན་གྱི་ལྗང་མདོག་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གློག་ཤུགས་ལས་རིགས་ཀྱི་འདེགས་སྐྱོར་ནུས་ལྡན་དང་ཁ་འབྲལ་ཐབས་མེད། བདེ་ཆེན་གློག་འདོན་ཅུས་ཀྱིས་ཡུལ་སྐོར་བ་མང་བའི་དུས་སུ་གློག་འདོན་འགན་ལེན་སོགས་ཀྱི་ལས་དོན་ཁྲོད་འགན་འཁྲི་འཁུར་ནས་བྱས་རྗེས་བཞག་སྟེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་གློག་ཤུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད་ཅེས་བསྟན།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་གློག་འདོན་ཅུས་ཀྱིས་མཁོ་སྤྲོད་ཕྱོགས་སུ་གཞི་ཚུགས་ཏེ་བདེ་འཇགས་བློས་འགེལ་ཆོག་པའི་གློག་འདོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་། དགོས་མཁོའི་ཕྱོགས་སུ་དམིགས་ནས་རིམ་ཁག་སྡེ་ཚན་ཁག་དང་མཉམ་དུ་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་བྱེད་པ་དང་། གློག་སྤྱོད་དགོས་མཁོ་ཆེ་རུ་གཏོང་བ། ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་དང་། གློག་དྲ་འཛུགས་སྐྲུན། དམངས་འཚོ་འགན་ལེན་བཅས་ཀྱི་ཐད་མུ་མཐུད་བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས། ནུས་རྒྱུའི་གྲངས་གཞི་ཆེ་མོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ཀྱི་གནད་སྨིན་ལྟ་ཞིབ་ཚད་ལེན་དང་། ཁེ་ལས་གཉེར་སྐྱོང་གི་གནས་ཚུལ་དངོས་ཁོང་དུ་ཆུད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། “རྒན་གཅིག་གཞོན་གཅིག”གི་གཅེས་སྐྱོང་། ཁྲལ་ཁུངས་ཚད་ལྡན་གྱི་བསྡུ་ལེན་དོ་དམ་སོགས་ཁྱབ་ཁོངས་སུ་སྣུར་སྲིང་བྱས་ནས་གྲངས་གཞི་ནུས་ཡོད་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་གློག་ཤུགས་བྱ་གཞག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་གྲངས་གཞི་མཉམ་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲངས་གཞི་མཉམ་སྤྱོད་ཐུབ་པ་དང་། གྲངས་གཞི་དུས་ཐོག་ཏུ་སྤེལ་རེས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་འཁོར་རྒྱུག་བྱས་རྗེས་ཀྱི་བསྡོམས་རྩིས་དབྱེ་ཞིབ་དེ་བརྒྱུད་རིམ་ཧྲིལ་པོའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་སྒྱུར་བ། ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་གནད་སྨིན་ཁོང་དུ་ཆུད་པ། དོ་དམ་གྱི་སྐྱོན་ཆ་ནུས་ལྡན་ངང་འགོག་པ། ཁྲལ་ཁུངས་བསྡུ་ལེན་དོ་དམ་ཚད་ལྡན། གློག་དྲའི་རྣམ་གྲངས་དང་། གློག་སྒྱུར་ས་ཚིགས། གློག་འདོན་སུའོ་འཛུགས་སྐྲུན་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཡག་པོ་བྱས་ཏེ་གློག་འདོན་ཅུས་གནས་སྤོ་དང་གློག་ཤུགས་སྐུད་ལམ་སྒྱུར་བཀོད་སོགས་ཀྱི་གཙོ་གནད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་འཇོལ་རྫོང་མཁར་གསར་པ་འཛུགས་སྐྲུན་སོགས་རྣམ་གྲངས་གལ་ཆེན་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། ལས་ཀའི་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ་གློག་རྡུལ་ཚོང་དོན་དང་། གློག་གསོག་མ་ལག ནུས་རྒྱུ་གསར་པའི་སྒྲིག་ཆས་སོགས་གློག་སྤྱོད་ཀྱི་ལས་རྣམ་གསར་པ་རྒྱུན་མཐུད་སྐྱེད་སྲིང་བྱས་ནས་གློག་ཤུགས་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གློག་ཤུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཞུང་ཝུན་པིན་དང་། ཧུའུ་ཧྥེ་ཞུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་བཅས་རྟོག་ཞིབ་ནང་ཞུགས་ཡོད།
- བདེ་ཆེན་གསར་འགྱུར།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཐོ་སྒང་ཡུལ་དུ་མེ་ཏོག་བཞད། སེམས་ཀྱི་ཉི་ཟླ་སྔར་ལས་མཛེས།
ལུའོ་ཁྲའོ་ཧྥེང་ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་སྐབས་མཁོ་སྤྲོད་འགན་ལེན་དང་། དགོས་མཁོ་ཆེར་གཏོང་། ནུས་རྒྱུའི་གྲངས་གཞི་ཆེན་པོར་བརྟེན་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས་གོ་སྐབས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ་ནགས་སྐོར་ལ་ཕེབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ལྡན་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།
ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས།
ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་78པ་འཚོགས།
དཔྱིད་དཔལ་ལ་རོལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108