འདི་ལྟར་བྱས་ན་མཁལ་མར་ཧ་ཅང་གནོད།
མིག་སྔའི་འཚོ་བའི་ཁྲོད། གཉིད་བཅག་ནས་མཚན་སྐྱེལ་བ་ནི་མི་མང་པོ་ཞིག་གི་འཚོ་བའི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད། མི་ཚང་མས་མཚན་མོའི་གཉིད་བཅག་ན་མཆིན་པ་དང་མིག་ལ་གནོད་པ་དང་། ཤ་རྒྱགས་པར་འགྱུར་བ་སོགས་ཤེས་ཀྱི་ཡོད་མོད། འོན་ཀྱང་། རྒྱུན་དུ་དེས་མཁལ་མ་ལ་ཐེབས་པའི་ཤུགས་རྐྱེན་སྣང་མེད་དུ་འཇོག་བཞིན་ཡོད།
མཚན་མོའི་གཉིད་བཅག་ན་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་། སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་ལ། མཁལ་མའི་ཁྲག་རྩ་ཡང་དེའི་རྐྱེན་གྱིས་འཁུམ་ནས་ཁྲག་རྒྱུག་ཚད་ཇེ་ཉུང་དུ་འགྲོ་སྲིད། ཚོར་འགྲིམ་དབང་རྩ་ཐོག་མཐའ་བར་གསུམ་དུ་སྤྲོ་སྣང་གི་རྣམ་པར་གནས་ལ། མཁལ་སྟེང་གཤེར་རྨེན་རྒྱུ་སོགས་སྐུལ་རྩི་ཟགས་ཐོན་ཡང་རྙོག་འཛིང་དུ་འགྱུར།

ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། གཉིད་པའི་དུས་ཚོད་ཀྱིས་དལ་གཤིས་མཁལ་མའི་ནད་ལ་ཤུགས་རྐྱེན་མངོན་གསལ་ཡོད་པ་དང་། གཉིད་པའི་དུས་ཚོད་ཐུང་དྲགས་པའམ་ཡང་ན་རིང་དྲགས་པ་གང་ཡིན་རུང་མཁལ་མ་ལ་གནོད་སྐྱོན་ཐེབས་སྲིད།
རྟགས་འདི་3བྱུང་ན། མཁལ་མས་རོགས་སྐྱོབ་ཞུ་བ་རེད།
■ ལུས་པོ་སྐྲངས་བ།
མཚན་མོར་གཉིད་ཡག་པོ་མ་ཉལ་ན་ལུས་པོ་ཆུ་གསོག་ཡོང་བ་དང་། སྔ་མོར་ལངས་དུས་མིག་ལྕིབས་དང་རྐང་པ། བྱིན་པ་བཅས་སྐྲངས་ཡོང་བ་མ་ཟད། ད་དུང་ལུས་ལ་ཤེད་མེད་པ་སོགས་ཀྱི་མངོན་ཚུལ་འབྱུང་སྲིད།
■ མིག་མཐའ་ནག་པོར་འགྱུར་བ།
དུས་ཡུན་ཐུང་ངུའི་ནང་དུ་གཉིད་བཅག་མཚན་སྐྱེལ་ནས་མིག་མཐའ་ནག་པོར་གྱུར་བ་དེ་སྤྱིར་བཏང་ཉིན་འགའ་ལ་ངལ་གསོ་བྱས་ན་དྲག་སྐྱེད་བྱུང་ཐུབ། འོན་ཀྱང་། གལ་ཏེ་དུས་ཡུན་རིང་བོར་དེ་འདྲ་བྱས་ན། ཁམས་ལ་གནོད་པ་དང་ཁྲག་ཟད་གྲོན་འགྲོ་བ་མ་ཟད་མཁལ་མ་ལའང་གནོད་པ་ཐེབས་ཏེ། མིག་མཐའ་ནག་པོ་དང་མཚན་མོར་རྔུལ་ནག་བྱུང་བ། རྐེད་པ་ན་བ། ཁ་སྐམ་རྣ་བར་སྒྲ་གྲགས་པ་སོགས་མཁལ་མ་ཉམས་པའི་མངོན་ཚུལ་འབྱུང་སྲིད།
མིག་མཐའ་ནག་པོ་འགྱུར་བ་ལ་“ཁྲག་རྩའི་རིགས་ཀྱི་མིག་མཐའ་ནག་པོ”དང“མདོག་རྒྱུ་རིགས་ཀྱི་མིག་མཐའ་ནག་པོ་”གཉིས་དབྱེ་ཡོད། རྗེས་མ་ནི་མང་ཆེ་བ་མཁལ་མ་ཉམས་པའི་རྐྱེན་གྱིས་རེད། མིག་མཐའ་ནག་པོ་དང་། མིག་ལ་མས་ལྕིབས་ཐོན་པ། མགོ་ཡུ་འཁོར་བ་དང་། བརྗེད་སླ་བ། གཉིད་མི་ཡོང་བ། ཟླ་མཚན་ཉུང་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད།
■ གཅིན་ཚད་རྒྱུན་ལྡན་མིན་པ།
སྤྱིར་བཏང་མི་རེ་རེའི་གཅིན་གཏོང་ཚད་དང་གཅིན་གཏོང་གི་ཟློས་ཕྱོད་ཚང་མ་ཅུང་གཏན་འཇགས་ཡིན། མཁལ་མ་ལ་གཉིད་བཅག་ནས་མཚན་སྐྱེལ་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་གནོད་སྐྱོན་འབྱུང་སྐབས། འཚག་རྒྱུ་དང་བསྐྱར་བསྡུ་ལེན་བྱེད་ནུས་རྒྱུན་ལྡན་མིན་པ་འབྱུང་སྲིད།
རྒྱུན་ལྡན་གྱི་མི་དར་མས་མཚན་མོར་གཅིན་གཏོང་ཐེངས་0ནས་1བར་ཡིན་ལ། གཅིན་གཏོང་ཚད་ནི་ཉིན་མོའི་1/3ནས་1/2ཙམ་ཡིན། ནམ་ཞིག་གཅིན་གཏོང་ཐེངས་2ལས་བརྒལ་བའམ་ཡང་ན་མཚན་མོའི་གཅིན་གཏོང་ཚད་ཧའོ་ཧྲེང་500ལས་བརྒལ་བ་མ་ཟད། བསྟུད་མར་ཉིན་མང་པོར་མཚན་གཅིན་མང་དུ་སོང་ཚེ་དོགས་ཟོན་བྱེད་དགོས།
责任编辑:此里追格 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།
“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།
ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།
ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
