ལུའོ་ཁྲའོ་ཧྥེང་གིས་དམངས་ཁྱིམ་མགྲོན་ཁང་དོ་དམ་ཚད་ལྡན་དུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་སྐབས།
ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།
ཟླ་3ཚེས་15ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དང་ནགས་ཕག་མཚོ་རུ་བསྐྱོད་དེ་དམངས་ཁྱིམ་མགྲོན་ཁང་གི་ཚད་ལྡན་དོ་དམ་ལས་དོན་ལ་བརྟག་ཞིབ་བྱེད་སྐབས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུ་མཁོ་འདོན་ལེགས་སུ་གཏོང་བ། གཉེར་སྐྱོང་བྱེད་པོས་ཁ་དན་ཚིག་གནས་ངང་གཉེར་སྐྱོང་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ་མང་ཚོགས་དེ་བས་མང་བའི་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་། ལུའོ་ཁྲའོ་ཧྥེང་གིས་མགྲོན་ཁང་མང་པོ་ཞིག་ཏུ་ཕེབས་ནས་གཉེར་སྐྱོང་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ། “ཁང་པའི་ནང་གསོ་རླུང་མཁོ་འདོན་དང་དྲོད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་དམ།” “མགྲོན་པོ་ཡོང་ཚད་དང་ཡོང་འབབ་གང་འདྲ་འདུག” “གཉེར་སྐྱོང་ཁྲོད་དཀའ་ངལ་གང་ཡོད་དམ།” ས་ཆ་གང་དུ་སླེབས་ཀྱང་ལུའོ་ཁྲའོ་ཧྥེང་གིས་མགྲོན་ཁང་གི་ཁོར་ཡུག་དང་སྒྲིག་བཀོད་བཀོད་སྒྲིག་ལ་ཞིབ་ཚགས་ངང་གཟིགས་པ་དང་། གཉེར་སྐྱོང་གི་གནས་ཚུལ་དང་། ལས་མི་སྤྱོད་པའི་གནས་ཚུལ། བཙོག་ཆུ་འབུད་གཏོང་དང་དེ་བཞིན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་བྱས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་ཚང་མས་དམངས་ཁྱིམ་མགྲོན་ཁང་གི་དོ་དམ་ཚད་ལྡན་དང་རིག་གནས་ཡུལ་སྐོར་ཐོན་ལས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ།
སྤེལ་རེས་བྱེད་རིང་། ལུའོ་ཁྲའོ་ཧྥེང་གིས་དམངས་ཁྱིམ་མགྲོན་ཁང་གི་འགན་འཁུར་བར་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་རྩ་བ་དེར་དམ་པོར་དམིགས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རང་བཤེར་ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོ་འགོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱེད་དགོས། ཁོར་ཡུག་སྲུང་སྐྱོང་གི་གནད་དོན་སེམས་སུ་འཇོག་པ་དང་། ཁ་དན་ཚིག་གནས་དང་ཁྲིམས་སྲུང་གི་གཉེར་སྐྱོང་བྱས་ཏེ་བཙོག་ཆུ་དང་རླངས་རོ་གཅིག་སྡུད་ཐོག་འབུད་རྒྱུའི་འགན་ལེན་བྱེད་དགོས། འཚོ་བའི་གད་སྙིགས་གཅིག་སྡུད་ཐོག་གཙང་སེལ་བྱེད་པ། དུས་མཚུངས་སུ་དམངས་ཁྱིམ་མགྲོན་ཁང་གཉེར་སྐྱོང་མཁན་གྱིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཆེ་རུ་གཏོང་བ་དང་། ལས་རྣམ་གསར་པ་ཧུར་ཐག་གཏོད་པ། “དམངས་ཁྱིམ་མགྲོན་ཁང་+”གྱི་བྱེད་སྟངས་འཚོལ་ཞིབ་བཅས་བྱས་ཏེ། ཞག་སྡོད་དང་། ཡུལ་སྐོར། རོལ་རྩེད། ཉོ་སྒྲུབ་བཅས་གཞི་གཅིག་ཅན་གྱི་ཞབས་ཞུའི་མ་ལག་ཅིག་ཆགས་པ་བྱས་ཏེ། ཡུལ་སྐོར་བའི་མཚམས་འཇོག་དུས་ཚོད་རིང་དུ་གཏོང་བ་དང་འཛད་སྤྱོད་ཟུར་སྣོན་རིན་ཐང་མཐོ་རུ་ཧུར་ཐག་གཏོང་དགོས། ཞབས་ཞུ་སྤུས་ལེགས་ལ་བརྟེན་ནས་བསྔགས་བརྗོད་འཐོབ་པ་དང་། ལྷག་བསམ་རྣམ་དག་གི་རྣམ་འགྱུར་ཐོག་ནས་“ཕྱིར་ལོག་མགྲོན་པོ་”འཕེལ་རྒྱས་གཏོང་བ། རང་ངོས་འཕེལ་རྒྱས་གཏོང་བ་བཅས་བྱེད་པ་དང་དུས་མཚུངས་སུ་ས་གནས་དེ་གའི་མང་ཚོགས་ལས་ཞུགས་ཧུར་ཐག་བྱས་ནས་ཉེ་འཁོར་གྱི་ཞིང་དུད་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་དགོས།
ཁྱིམ་ཚང་མགྲོན་ཁང་ཁག་གཅིག་གིས་སྲོལ་རྒྱུན་གྱི་བོད་བཟོའི་བཟོ་བཀོད་ཀྱི་རྣམ་པ་སོར་འཇོག་བྱས་ཡོད་པ་དང་། ནང་ཁུལ་གྱི་སྒྲིག་བཟོ་ལ་བདེ་པོ་དང་མི་རིགས་ཀྱི་རིག་གནས་ཁྱད་ཆོས་ཀྱང་ལྡན་པ་མཐོང་སྐབས་ལུའོ་ཁྲའོ་ཧྥེང་གིས་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་དང་རང་བྱུང་མཛེས་ལྗོངས་ནི་སེམས་ཀྱི་ཉི་ཟླའི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན་པས་ཡུལ་བབ་དང་བསྟུན་ནས་དམངས་ཁྱིམ་མགྲོན་ཁང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་ཀྱི་ཁྱད་ཆོས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱེད་པ། གདོད་མའི་རྣམ་པ་སོར་འཇོག་གང་ལེགས་བྱེད་པ་བཅས་བྱས་ཏེ་ཡུལ་སྐོར་བས་ས་གནས་དེ་གའི་འཚོ་བ་ཉམས་ལེན་དང་ཞིབ་ཕྲའི་མཛེས་ལྗོངས་མྱོང་རོལ་བྱེད་རིང་། སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གསོན་ཤུགས་ཉམས་སུ་མྱངས་ནས་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”སྤུས་རྟགས་སྔར་བས་ཇེ་གྲགས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་དམངས་ཀྱི་སྡོད་ཁང་ཚད་ལྡན་དོ་དམ་བྱ་རྒྱུ་ནི་འཛད་སྤྱོད་པའི་ཁེ་དབང་འགན་ལེན་ཞིག་ཡིན་ལ་མ་འཇོག་མཁན་གྱི་ཕུགས་ཀྱི་འཕེལ་རྒྱས་སྲུང་སྐྱོང་ཞིག་ཀྱང་ཡིན། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཏན་ཏིག་ཁུར་ནས་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་སྒྲུབ་བརྒྱུད་རིམ་ལེགས་སུ་གཏོང་བ། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ། ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་། སྒྲིག་ཁྲིམས་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག“བྱ་བ་མེད་ན་རྙོག་དྲ་མི་བཟོ་བ་དང་། རེ་བ་ཡོད་ཚེ་ངེས་པར་དུ་དང་ལེན་བྱེད་པ་དགོས།” བདེ་འཇགས་ཨང་དང་པོར་འཇོག་པ་དང་། མེ་གསོད་མེ་འགོག་གི་སྒྲིག་བཀོད་དང་། རང་གིས་ཁང་པ་རྒྱག་པའི་གྲུབ་ཚུལ། གློག་ལམ་རྙིང་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱ་དགོས། ཁྲིམས་འགལ་གྱིས་ས་ཆ་བཟུང་བ་དང་སྒྲིག་འགལ་གྱིས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། འཆར་འགོད་ལག་བསྟར་ནན་པོ། རྣམ་པ་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཀྱི་ཐིག་དམར་མཐའ་གཅིག་ཏུ་སྲུང་བ། དམངས་ཁྱིམ་མགྲོན་ཁང་ལས་རིགས་སྐྱོན་བྲལ་ངང་གོང་དུ་སྤེལ་བར་ཁྲིད་སྟོན་བཅས་བྱ་དགོས། བེད་མེད་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱས་ཏེ་དམངས་ཁྱིམ་མགྲོན་ཁང་དཔལ་འབྱོར་དེ་དམངས་ཕྱུག་དམངས་ཕན་གྱི་འཕར་གཞི་གསར་པ་ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
ཧོང་ལུང་ཞིན་དང་། ཞུང་ཝུན་པིན། མ་གོ་ཀྲུང་བཅས་བརྟག་ཞིབ་ནང་ཞུགས་པ་རེད།

- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།
རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108