ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་86པ་འཚོགས།

ཟླ་5པའི་ཚེས་14ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་པའི་རྒྱུན་ལས་ཚོགས་འདུ་ཐེངས་86པ་གཙོ་སྐྱོང་གནང་ནས་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཤོག་སྦག་བཟོ་གྲྭ་ཞིག་གི་འབར་གས་ལས་འཛོལ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་“དུས་ནམ་ཡང་སེམས་ཁྲལ་བྱེད་བཞིན་པའི་”འགན་སེམས་ལ་བརྟེན་ནས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས། གཙོ་གནད་དང་གནད་འགག་ལ་དམིགས་པ་དང་། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ལ་དམིགས་ནས། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་བཅོས་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་སྟེ། སྔོན་འགོག་ལས་དོན་མདུན་དུ་འཛིན་དགོས་པ་དང་དུས་རྒྱུན་དུ་འབད་བརྩོན་བྱེད་དགོས། ནུས་ལྡན་གྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཀྱི་མཇུག་འགྲིལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ལྟ་སྐུལ་དོ་དམ་ལས་རིགས་ཁྱབ་ཁོངས་ཀྱི་ཇུས་གཞི་དང་འགལ་རིས་འཐབ་འཛིང་ཞིབ་ཐོ་རེ་རེ་བཞིན་དོན་འཁྱོལ་བྱེད་དགོས། འགན་འཁྲིའི་འབྲེལ་ཐག་དམ་དུ་གཏོང་ནས་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་“དོ་དམ་གསུམ་དང་ངེས་པར་གསུམ་”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། འགན་འཁྲི་གཞི་རིམ་གྱི་མཇུག་ཏུ་འབེབས་པ་དང་ལས་གནས་ཀྱི་མི་སྒེར་ལ་ཞིབ་ཕྲ་བཟོ་རྒྱུར་སྐུལ་འདེད་གཏོང་བ། བདེ་འཇགས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ་དང་། རྒྱུན་རྣམ་ཅན་དུ་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་སྤེལ་བ། མཉམ་འཛིན་ཐུན་མོང་དོ་དམ་གྱི་ལས་ཀའི་རྣམ་པ་འཛུགས་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ཡིས་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྲུང་སྐྱོང་དང་འཕེལ་རྒྱས་གལ་ཆེ་མཉམ་འཛིན་དང་། བདེ་འཇགས་དང་འགན་ལེན་གཅིག་གྱུར་འཆར་འགོད་མཐའ་འཁྱོངས་བྱེད་པ། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་རྒྱུ་རྐྱེན་གཙོ་བོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ལྟ་ཞིབ་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་ནན་པོ་བྱས་ནས་འབྲུབ་འགོག་དང་གྲ་སྒྲིག་གི་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་དགོས། ཡུལ་སྐོར་ལས་རིགས་ཀྱིས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིན་ཐང་སྣེ་ཁྲིད་དང་འགྲེལ་བཤད་ནང་དོན་འཐུས་ཚང་། འགྲེམས་སྟོན་མཐོར་གཏོང་། ཁྱད་ལྡན་ཐོན་ཁུངས་གསར་སྤེལ། རྐང་འཛིན་གསོ་སྦྱོང་། ཚོད་ལྟའི་དཔེ་སྟོན་བཅས་ཀྱི་བྱ་སྤྱོད་ཁག་དྲུག་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་རེས་སྐོར་གསར་པའི་དཔེ་སྟོན་ཁུལ་གཏོད་རྒྱུ་མཉམ་འདྲེས་གཏིང་ཟབ་དང་དུས་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་གྱིས་“འབྲེལ་འདྲིས་གསུམ་”ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དེ་ཡུལ་སྐོར་བའི་ཉམས་ལེན་ཁྲོད་མངོན་པ་དང་མི་རིགས་ཁག་གི་མང་ཚོགས་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཁྲོད་མངོན་པ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ཡིས་《བདེ་ཆེན་ཁུལ་གྱི་ཁུལ་རིམ་པའི་སྔོན་རྩིས་ནང་གི་རྣམ་གྲངས་འཛུགས་སྐྲུན་གྱི་དུས་འགོའི་ལས་ཀའི་གྲོན་དངུལ་དོ་དམ་བྱ་ཐབས་ལ་(ཞིབ་བཤེར་བྱ་རྒྱུར་སྐྱེལ་བའི་མ་ཟིན་)》ལ་གྲོས་ཞིབ་བྱེད་སྐབས། རང་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་དེ་དོ་དམ་ཞིབ་སྲོལ་སྔར་བས་ཞིབ་ཚགས་དང་འཐུས་ཚང་དུ་གཏོང་བ་དང་། གྲོན་དངུལ་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གྲོན་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། དུས་འགོའི་ལས་ཀའི་གྲོན་དངུལ་གྱིས་རྣམ་གྲངས་གལ་ཆེན་ཇུས་འགོད་དང་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱས་ཏེ། རྣམ་གྲངས་གལ་ཆེན་སྔར་ལས་མང་བ་སྔ་ཙམ་ཆོག་མཆན་ཐོབ་པ་དང་སྔ་ཙམ་དོན་འཁྱོལ་བྱེད་པ། སྔར་ཙམ་ཕན་འབྲས་ཐོན་པར་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ཡིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།
责任编辑:拉茸初姆
- བདེ་ཆེན་གསར་འགྱུར།
བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།
ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།
ཀྲང་ཝེ་ཏུང་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སེའུ་སྨིན་པས་སེམས་པ་དགའ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤམ་བྷ་ལ་སྤྱི་གླིང་ནས་སྐྱིད་པའི་ཞབས་བྲོ་འཁྲབ་བྱུང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སེམས་ཀྱི་ཉི་ཟླ་གྲོང་མཁར་གྱི་མཛེས་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་86པ་འཚོགས།
ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108