ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད།
ཟླ་5པའི་ཚེས་13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བསྐྱོད་ནས་སློབ་གསོ་སློབ་ཁྲིད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། “སྒྲིག་ཁོངས་སུ་མེད་པའི་སློབ་གྲྭའི་འགོ་འཛིན་”གྱི་ཐོབ་ཐང་གིས་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་དགེ་སློབ་ཚོར་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད།

ཀྲང་ཝེ་ཏུང་གིས་ས་གནས་ས་ཐོག་ནས་སློབ་ཁྲིད་ཐོག་ཁང་དང་ཟ་ཁང་། ཉལ་ཁང་སོགས་སུ་ལྟ་ཞིབ་གནང་བ་དང་། སློབ་གསོ་སློབ་ཁྲིད་དང་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྲ་སྒྲིག་བྱས་ཚུལ། སློབ་གྲྭའི་བཟའ་བཏུང་དང་སློབ་གོས་ཉོ་སྒྲུབ། སློབ་ཁྲིད་གཞོགས་སྣོན་དཔེ་དེབ་ཅེས་པའི་གཅིག་བསྡུས་བཅོས་སྒྲིག སློབ་གྲྭའི་བདེ་འཇགས་དང་སློབ་གྲྭའི་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁོང་གིས་ནན་བཤད་གནང་དོན། སློབ་མ་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་དེ་སློབ་གྲྭའི་བཟའ་བཏུང་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། རྒྱུན་མཐུད་ངང་སློབ་མའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དེ་སློབ་མ་ལ་དེ་བས་སྟབས་བདེ་དང་བག་ཕེབས། སྐྱིད་པའི་སློབ་སྦྱོང་འཚོ་བའི་ཁོར་ཡུག་སྐྲུན་དགོས།

བསམ་བློ་དང་ཆབ་སྲིད་སློབ་ཚན་ཁྲིད་སྐབས། ཀྲང་ཝེ་ཏུང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་མཐོ་སྒང་གི་ན་གཞོན་ཡིན་པའི་ཆ་ནས་བློ་ཐག་ཆེན་པོ་གཅོད་པ་དང་སྤྱོད་བཟང་ཡག་པོ་འཇགས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་དྲན་པ། ཏང་གིས་རྗེས་སུ་འབྲངས་དགོས། ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་པ་དང་། མི་སྒེར་གྱི་དམིགས་པ་དེ་མེས་རྒྱལ་གྱི་དགོས་མཁོ་དང་མི་དམངས་ཀྱི་རེ་སྒུག ཕ་ཡུལ་གྱི་འཕེལ་རྒྱས་བཅས་སུ་འདྲེས་ནས་ཕུགས་འདུན་ཡོད་པ་དང་འཇོན་ཐང་ལྡན་པ། འགན་འཁྲི་འཁུར་བའི་དུས་རབས་གསར་པའི་མཐོ་སྒང་གི་ན་གཞོན་འཚར་ལོངས་ཡོང་བར་བློ་ཐག་གཅོད་དེ་མཐའ་མཚམས་སྲུང་སྐྱོང་དང་ཕ་ཡུལ་འཛུགས་སྐྲུན། མེས་རྒྱལ་ལ་ལེགས་སྐྱེས་འབུལ་བའི་རྐང་འཛིན་མི་སྣར་འགྱུར་དགོས། དཀའ་སྤྱད་ཐེག་ཐུབ་པ་དང་འབད་འཐབ་བྱེད་ཕོད་པ་བྱེད་དེ་འབད་བརྩོན་གྱི་རྣམ་འགྱུར་ལ་བརྟེན་ནས་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་མཐའ་མའི་གདོང་མཆོང་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་མི་སྐྲག་པ། མཚོ་འཕགས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་ཞེས་པའི་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་གཏོང་བ། སེམས་པ་བག་ཕེབས་དང་བློ་སེམས་འཇགས་ཐབས་བྱེད་པ། ཤེད་ཤུགས་སྒྲིམ་ནས་བློ་རྩ་བརྟན་པོ་དང་བྱ་སྤྱོད་ངོ་མ། སྤྱོད་ཚུལ་ཞུམ་པ་མེད་པ་བཅས་ལ་བརྟེན་ནས་མཐའ་མའི་གདོང་མཆོང་དུས་རིམ་གྱི་གོམ་པ་རེ་རེ་བཞིན་ཡག་པོ་སྤོ་དགོས། དུས་ཚོད་ཆུད་ཟོས་མི་གཏོང་བ་དང་རང་ཉིད་སྟོང་ལོག་ཏུ་མི་འགྲོ་བ་བྱེད་དེ། མ་འོངས་པར་རང་ཉིད་ཀྱི་སྦྱངས་པའི་ཤེས་བྱ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཕ་ཡུལ་འཛུགས་སྐྲུན་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས། རྒྱུན་དུ་དྲིན་ཚོར་བའི་སེམས་པ་ཁྱེར་པ་དང་ཕྲག་ཐོག་གི་འགན་འཁྲི་དྲན་པ། འབད་འཐབ་ཀྱི་བློ་རྩ་ཁྱེར་ནས་བདེ་ཆེན་གྱི་སྙིང་སྟོབས་དང་མཐོ་སྒང་གི་གཤིས་རྒྱུད་སྙིང་དུ་ཟུག་པ་དང་ཁྲག་ནང་འདྲེས་པ་བྱེད་དགོས། སློབ་གྲྭར་སློབ་སྦྱོང་བྱེད་པའི་དུས་ཚོད་རྩ་ཆེན་གཅེས་སྤྲས་བྱེད་དེ་དཀའ་སྤྱད་སྦྱོང་བརྡར་དང་མིག་རྒྱ་སྐྱེད་པ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་དྲིན་ཚོར་ཤེས་པ་དང་ལེགས་སྐྱེས་ཧུར་འབུལ་གྱི་དུས་རབས་གསར་པའི་མཐོ་སྒང་གི་ན་གཞོན་དུ་འགྱུར་བར་འབད་དགོས།
ཡུས་ཀུའེ་ཧྥེན་དང་ཀྲོང་ཞའོ་ཕིང་བྱེད་སྒོར་ཞུགས།
责任编辑:拉茸初姆
- བདེ་ཆེན་གསར་འགྱུར།
བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།
ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།
ཀྲང་ཝེ་ཏུང་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སེའུ་སྨིན་པས་སེམས་པ་དགའ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤམ་བྷ་ལ་སྤྱི་གླིང་ནས་སྐྱིད་པའི་ཞབས་བྲོ་འཁྲབ་བྱུང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སེམས་ཀྱི་ཉི་ཟླ་གྲོང་མཁར་གྱི་མཛེས་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་86པ་འཚོགས།
ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108