中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-05-18 16:16:55 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5ཚེས་15ཉིན། ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཕྱོགས་གཉིས་པོས་སློབ་གསོའི་རོགས་སྐྱོར་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་སོགས་ཀྱི་ལས་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་དང་ཡུན་ནན་མི་རིགས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་རོན་ཁྲའོ་ཆི་ཚོགས་འདུར་བཞུགས་ཡོད་རེད།

    ཀྲང་ཝེ་ཏུང་གིས་རོན་ཁྲའོ་ཆི་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་ཡུན་ནན་མི་རིགས་སློབ་ཆེན་གྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ལོ་མང་རིང་ཡུན་ནན་མི་རིགས་སློབ་ཆེན་གྱིས་བདེ་ཆེན་ལ་གནད་སྨིན་རོགས་སྐྱོར་བྱས་ཏེ་ཁ་ཕྱོགས་གཏན་འཁེལ་གྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཤེས་ལྡན་མི་སྣ་སྐྱེལ་འདྲེན་བྱས་པས་སློབ་གྲྭར་ཡོད་ས་དང་མཉམ་དུ་མི་སྣ་གསོ་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར་བདེ་ཆེན་གྱིས་རིག་གནས་ཡུལ་སྐོར་དང་། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས། ལྗང་མདོག་ནུས་རྒྱུ། ལྗང་མདོག་གཏེར་ལས་བཅས་གཙོ་ཁྲིད་དུ་བྱེད་པ་དང་། ཀྲུང་བོད་སྨན་རྫས་དང་དེང་རབས་ཟོག་འགྲེམས་ཐོན་ལས་གཙོ་གནད་དུ་བྱེད་པ། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཁ་ཕྱོགས་སུ་བྱེད་པ་བཅས་ཀྱི་“4+2+N”ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད། ཡུན་ནན་མི་རིགས་སློབ་ཆེན་གྱིས་བདེ་ཆེན་དང་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ལག་རྩལ་དང་རིགས་པའི་གཞུང་ལུགས་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་སློབ་གསོའི་རོགས་སྐྱོར་ཐད་རྒྱུན་མཐུད་ཤུགས་རྒྱག་པ་དང་མཛེས་རིག་སློབ་གསོའི་བཞའ་སིམ་རོགས་སྐྱོར་གཏིང་ཟབ་ཏུ་བཏང་ནས་དགེ་སློབ་སྤེལ་རེས་དང་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་རྒྱུན་མཐུད་ཤུགས་རྒྱག་པ་དང་མ་རྩ་མཐོ་བའི་འབྲེལ་མཐུད་གསོ་སྐྱོང་ལ་སྐུལ་འདེད་བཏང་སྟེ་བདེ་ཆེན་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ནས་རང་ཡུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལེགས་སུ་བཏང་སྟེ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ནུས་ཤུགས་རྒྱུན་མཐུད་བཏོན་ནས་བདེ་ཆེན་ལ་རེས་སྐོར་གསར་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་རོགས་བྱས་པ་རེད་ཅེས་གསུངས།
    རོན་ཁྲའོ་ཆིས་བདེ་ཆེན་མི་རིགས་ཀྱི་རིག་གནས་དང་སྐྱེ་ཁམས་སོགས་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་འཛོམས་ཡོད།གོམ་སྟབས་རྗེས་མར་ཡུན་ནན་མི་རིགས་སློབ་ཆེན་གྱིས་བདེ་ཆེན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཐོན་ལས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་ཞིབ་འཇུག་དང་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་ངོས་ཀྱི་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་། ཕྱོགས་བསྡུས་སློབ་ཁྲིད། ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་བཅས་དམ་འཛིན་བྱ་གཞིར་བྱས་ནས་བདེ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་ཚད་ཤིང་དང་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”གཏོད་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ། དེ་དང་ཆབས་ཅིག་ཐོན་ཁུངས་ཐད་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ལུས་རྩལ་མཛེས་རིག་གི་“བཞའ་སིམ་པའི་བྱ་སྤྱོད་འཆར་གཞི་”ལག་བསྟར་ཡག་པོ་བྱས་ཏེ་དམངས་ཕན་བྱ་བ་དངོས་ཡག་པོ་བསྒྲུབས་ནས་བདེ་ཆེན་གྱི་བྱང་ཚད་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད་ཅེས་གསུངས།
    ཚོགས་འདུའི་ཐོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཧའོ་ཡིས་བདེ་ཆེན་ཁུལ་གྱི་སློབ་གསོ་འཕེལ་རྒྱས་དང་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་འབྲེལ་ཡོད་ལས་ཀའི་གནས་ཚུལ་ངོ་སྤྲོད་གནང་བ་དང་ཡུན་ནན་མི་རིགས་སློབ་ཆེན་ཏང་ཨུའི་ཨུ་ཡོན་སློབ་གཙོ་གཞོན་པ་ཙོའུ་ཡུང་སུང་གིས་སློབ་གྲྭ་དེས་བདེ་ཆེན་དུ་མཛེས་རིག་སློབ་གསོའི་“བཞའ་སིམ་པའི་བྱ་སྤྱོད་འཆར་གཞི་”སྤེལ་ཚུལ་ངོ་སྤྲོད་གནང་བ་རེད།
   ཁུལ་གྱི་འགོ་ཁྲིད་ཀྲོང་ཞའོ་ཕིང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

责任编辑:万玛措

  • བདེ་ཆེན་གསར་འགྱུར།

བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།

ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲང་ཝེ་ཏུང་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་། 

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སེའུ་སྨིན་པས་སེམས་པ་དགའ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤམ་བྷ་ལ་སྤྱི་གླིང་ནས་སྐྱིད་པའི་ཞབས་བྲོ་འཁྲབ་བྱུང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སེམས་ཀྱི་ཉི་ཟླ་གྲོང་མཁར་གྱི་མཛེས་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་86པ་འཚོགས།

ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com