中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀྲང་ཝེ་ཏུང་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་། 

ཁྱབ་བསྒྲགས་དུས་ཚོད་:2026-05-18 16:16:51 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས15ཉིན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝེ་ཏུང་གིས་“སྒྲིག་ཁོངས་སུ་མེད་པའི་ཡོན་ཀྲང་”གི་ཐོབ་ཐང་གིས་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་།  ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།རྒྱུན་རྣམ་ཅན་གྱི་སློབ་སྦྱོང་དམ་འཛིན་ཏན་ཏིག་དང་།ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་པ།ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ།སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་མཐོར་འདེགས་བཅས་བྱས་ཏེ།ཁུལ་ཡོངས་ཀྱི་མང་ཚོགས་ལ་སྔར་ལས་སྤུས་ལེགས་དང་།ནུས་ཆེ།སྟབས་བདེ་བཅས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཞབས་ཞུ་འདོན་སྤྲོད་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཀྲང་ཝེ་ཏུང་དང་བཅས་པ་སྔ་རྗེས་སུ་བདེ་ཆེན་ཁུལ་མི་དམངས་སྨན་ཁང་གི་ནད་འཇུག་ཁང་དང་ནད་གསོའི་གསོ་རིག་ཚན་ཁག  འཇུ་བྱེད་ཁོག་ནད་ཚན་ཁག་སོགས་ཀྱི་གཙོ་གནད་ནད་ཐོག་ཚན་ཁག་ཏུ་བསྐྱོད་དེ་ཡུལ་ས་དང་པོའི་སྨན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་།  རིག་ཚན་འཛུགས་སྐྱོང་དང་།སྨན་བཅོས་ལག་རྩལ།སྒྲིག་ཆས་བཀོད་སྒྲིག དེ་བཞིན་ནད་པ་བསྡུ་ལེན་དང་སྨན་བཅོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་མ་ཟད།མིག་སྔའི་ལས་དོན་ཁྲོད་གནས་པའི་དངོས་ཡོད་དཀའ་ངལ་དང་འཕེལ་རྒྱས་ཀྱི་རེ་ཞུ་ནན་ཏན་ངང་འདྲི་ཞིབ་གནང་བ་རེད།
    དེ་རྗེས། ཀྲང་ཝེ་ཏུང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ།བདེ་ཆེན་ཁུལ་མི་དམངས་སྨན་ཁང་གི་སྤྱིའི་ལས་དོན་གནས་ཚུལ་གྱི་སྙན་སེང་ལ་གསན་པ།ཁོང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཁུལ་མི་དམངས་སྨན་ཁང་གིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་མུ་མཐུད་ཟབ་སྤེལ་དང་།རིག་གཞུང་ཚན་ཁག་འཛུགས་སྐྱོང་གི་ཞན་ཆ་མུ་མཐུད་གསབ་པ།སྨན་བཅོས་ཞབས་ཞུའི་བརྒྱུད་རིམ་ལེགས་འགྱུར།ནད་བརྟག་སྨན་བཅོས་ལག་རྩལ་ཆུ་ཚད་མཐོར་འདེགས་བཅས་བྱས་ཏེ།2025ལོར་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གིས་བསྐྱར་ཞིབ་བྱས་པ་བརྒྱུད་ཁུལ་ཡོངས་དང་དེ་བཞིན་ཉེ་འཁོར་གྲོང་ཁྱེར་གྱི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ཡོང་བར་འགན་སྲུང་བརྟན་པོ་བྱས་ཡོད།
    ཀྲང་ཝེ་ཏུང་གིས་བླང་བྱ་བཏོན་དོན། བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིས་རྒྱུན་རྣམ་ཅན་གྱི་སློབ་སྦྱོང་ལ་དམ་འཛིན་ཏན་ཏིག་བྱེད་དགོས།ཏང་གི་རིགས་པའི་གཞུང་ལུགས་དང་།བྱེད་ཕྱོགས། སྲིད་ཇུས་བཅས་དང་ལྷག་པར་དུ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དངོས་ལ་འགྱུར་བ་བྱས་ནས་བློ་གཅིག་སེམས་གཅིག་ངང་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་དགོས། ལས་སྒོ་སློབ་སྦྱོང་མུ་མཐུད་ཟབ་སྤེལ་དང་།རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་ལས་སྒོ་གསོ་སྦྱོང་དང་རྩལ་ནུས་དམག་སྦྱོང་བྱས་ཏེ།སྨན་བཅོས་མི་སྣའི་ཆེད་ལས་སྨན་བཅོས་ཆུ་ཚད་དང་བབ་བསྟུན་ཐག་གཅོད་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས།ཞིབ་ཅིང་ཕྲ་བའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལས་སྒོ་དོ་དམ་དམ་འཛིན་ནན་པོ་བྱེད་ནས།རྒྱུན་ལྡན་གྱི་ནད་བརྟག་སྨན་བཅོས་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་ནས་ནད་བརྟག་སྨན་བཅོས་ཞབས་ཞུ་ཁག་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མི་སྣའི་དོ་དམ་ལ་དམ་འཛིན་ནན་པོ་དང་།ཤེས་ལྡན་མི་སྣའི་ལས་གནས་བཀོད་སྒྲིག་ལེགས་འགྱུར།ལས་གནས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེར་གཏོང་།ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བའི་བགྲོད་ལམ་བདེ་བགྲོད་བཅས་བྱས་ཏེ་སྒྲིག་ཁྲིམས་དམ་པོ་དང་།སྤྱོད་ཚུལ་བཟང་བ།འགན་འཁྲི་སྒྲུབ་ནུས་ཆེ་བ་བཅས་ཀྱི་སྨན་བཅོས་དཔུང་ཁག་འཛུགས་སྐྱོང་བྱ་དགོས།ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།བསམ་བློ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།རྒྱུན་རྣམ་ཅན་གྱིས་སྨན་པའི་ཀུན་སྤྱོད་ཀྱི་སློབ་གསོ་སྤེལ་བ།སྨན་བཅོས་མི་སྣ་ཡོངས་ཀྱིས་སྨན་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་།ལས་རིགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་དགོས།དཔུང་ཁག་འཛུགས་སྐྱོང་བྱེད་པར་འབད་འབུངས་བྱེད་ན་།ཁ་གཏད་རོགས་སྐྱོར་ལས་སྟེགས་བེད་སྤྱོད་གང་ལེགས་བྱེད་པ།ས་ཁོངས་ལས་བརྒལ་བའི་སྨན་བཅོས་སྤེལ་རེས་དང་སྦྱོང་རེས་ལ་ཤུགས་སྣོན་རྒྱག་སྟེ།ཤར་རྒྱུད་ཀྱི་བོད་འབྲེལ་ས་ཁུལ་གྱི་ས་ཁོངས་སྨན་བཅོས་ལྟེ་གནས་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ་ས་མཐོའི་ནད་གཞིའི་ཁྱད་ལྡན་ནད་བརྟག་སྨན་བཅོས་ཀྱི་ཆེད་ཚན་སྟོབས་ཆེར་བཏང་ནས་ས་ཁུལ་མང་ཚོགས་ཀྱི་བདེ་ཐང་དགོས་མཁོར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། སྲིད་དོན་གཙང་སྐྱོང་དམ་འཛིན་དང་།ནན་ཏན་གྱིས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་སུ་འགྱུར་བའི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་དེ།རྒྱུན་རྣམ་ཅན་གྱི་རྣམ་པས་སྲིད་དོན་གཙང་སྐྱོང་མི་བྱེད་པའི་ཉེན་བརྡ་གཏོང་བའི་སློབ་གསོ་སྤེལ་བ།རྣམ་གྲངས་ཀྱི་སྤུས་ཀའི་འགག་སྒོ་དང་།བདེ་འཇགས་ཀྱི་འགག་སྒོ།སྤྱོད་གཙང་གི་འགག་སྒོ་བཅས་དམ་པོར་བཟུང་ནས་སྲོལ་བཟང་སྤྱོད་བཟང་གི་སྨན་བཅོས་ཁོར་ཡུག་བསྐྲུན་དགོས།
     ཀྲོང་ཞའོ་ཕིང་བརྟག་ཞིབ་ནང་ཞུགས།
  • བདེ་ཆེན་གསར་འགྱུར།

བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།

ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲང་ཝེ་ཏུང་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་། 

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སེའུ་སྨིན་པས་སེམས་པ་དགའ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤམ་བྷ་ལ་སྤྱི་གླིང་ནས་སྐྱིད་པའི་ཞབས་བྲོ་འཁྲབ་བྱུང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སེམས་ཀྱི་ཉི་ཟླ་གྲོང་མཁར་གྱི་མཛེས་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་86པ་འཚོགས།

ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com