中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།

ཁྱབ་བསྒྲགས་དུས་ཚོད་:2026-05-18 16:17:00 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས16ཉིན་གྱི་ཕྱི་དྲོར།2025ལོ་ནས་2026བར་གྱི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་(ཡུན་ནན་ཚད་འདས་རྐང་རྩེད་སྤོ་ལོའི་མཉམ་འགྲན་)རེས་སྐོར་བཅུ་གསུམ་པའི་འགྲན་ཐེངས་98དེ་ལིན་ཚང་གྲོང་ཁྱེར་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་རིག་གནས་ལུས་རྩལ་བྱ་འགུལ་ལྟེ་གནས་སུ་འགྲན་བསྡུར་བྱས། བདེ་ཆེན་རུ་ཁག་གིས་གཞན་ཡུལ་འགྲན་ར་ནས་ལིན་ཚང་རུ་ཁག་དང་འགྲན་བསྡུར་བྱས་ལ། སྐར་མ་90རིང་གི་ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། མཐར་2:0གི་སྐར་གྲངས་ཀྱིས་ལིན་ཚང་རུ་ཁག་ལས་རྣམ་པར་རྒྱལ་བས། ཆེས་རྩ་ཆེ་བའི་སྐར་མ་3བླངས་པ་རེད།

   འགྲན་སྟོད་དུ།རང་ཡུལ་འགྲན་ར་ནས་འགྲན་བསྡུར་བྱེད་པའི་ལིན་ཚང་རུ་ཁག་གིས་འགྲན་ར་ལ་རྒྱུས་མངའ་ཆེ་བར་བརྟེན་བདེ་ཆེན་རུ་ཁག་གི་བཀག་སྡོམ་ཁུལ་ལ་ཕར་རྒོལ་བྱས་ཏེ་རྒྱུན་ཆད་མེད་པར་འཇིགས་སྐུལ་བསླངས་ཡོད།འགྲན་ཟླའི་སྟོབས་ཤུགས་ཆེ་བའི་གནོན་ཤུགས་ཀྱི་མདུན་དུ་བདེ་ཆེན་རུ་ཁག་གིས་བརྟན་པོའི་ངང་ལིན་ཚང་རུ་ཁག་གི་ཚུར་རྒོལ་ཐེངས་མང་ལ་འགོག་ནས་འགོག་སྲུང་འཛིང་རགས་བརྟན་པོ་སྲུང་ཡོད།འགྲན་སྟོད་དུ་0:0གི་སྐར་གྲངས་ཀྱིས་མཇུག་སྒྲིལ།འགྲན་སྨད་དུ།བདེ་ཆེན་རུ་ཁག་གིས་འཐབ་རྩལ་ལེགས་སྒྲིག་བྱས་ནས་མདུན་ཕྱོགས་ཀྱི་ཕར་རྒོལ་ལ་ཤུགས་སྣོན་རྒྱབ། འགྲན་བསྡུར་གྱི་སྐར་མ་69ཐོག བདེ་ཆེན་རུ་ཁག་གི་རུ་མི་ཨང་47པ་ངག་དབང་གིས་མགོ་གཞུས་ཀྱིས་སྤོ་ལོ་གཅིག་འཕངས་ནས་བདེ་ཆེན་རུ་ཁག་གིས་1:0གི་སྐར་འབྲས་བླངས། སྐར་མ་79ལ་སླེབས་སྐབས་བདེ་ཆེན་རུ་ཁག་གིས་གོ་སྐབས་དམ་འཛིན་བྱས་ནས་ཡང་བསྐྱར་སྤོ་ལོ་གཅིག་འཕངས་པས་འགྲན་བསྡུར་གྱི་སྐར་གྲངས་དེ་2:0ལ་བཏང་། འགྲན་བསྡུར་གྱི་དུས་ཚོད་ལྷག་མའི་ནང་ལིན་ཚང་རུ་ཁག་གིས་སྟོབས་ཤུགས་ཡོད་རྒུས་ཕར་རྒོལ་བྱས་ནས་སྐར་གྲངས་ལ་འགྱུར་ལྡོག་ཡོང་རེ་བྱས་ནའང་།བདེ་ཆེན་རུ་ཁག་གིས་འགོག་སྲུང་བྱས་པས། མཐར་བདེ་ཆེན་རུ་ཁག་གིས་གཞན་ཡུལ་འགྲན་ར་རུ་ལིན་ཚང་རུ་ཁག་ལས་རྒྱལ་བ་རེད།

གསར་འགོད་པའི་ཟིན་བྲིས།

   ལིན་ཚང་རུ་ཁག་དང་བདེ་ཆེན་རུ་ཁག་གིས་འགྲན་བསྡུར་དེས་རྒྱལ་ཕམ་ཕུད་ད་དུང་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་ལུས་རྩལ་སྙིང་སྟོབས་ཀྱི་དོན་སྙིང་དངོས་མངོན་ཡོད།བདེ་ཆེན་རུ་ཁག་གིས་འབད་འཐབ་ལྷོད་མེད་དང་མཐུན་སྒྲིལ་མཉམ་ལས་བྱས་ནས་རྒྱལ་ཁ་བླངས་པ་དེ་ཐོག་ནས་བདེ་ཆེན་ལུས་རྩལ་པའི་ཉམས་འགྱུར་མངོན་པ་དང་།ལིན་ཚང་རུ་ཁག་གིས་ཕམ་ཁ་ཁུར་མོད་འོན་ཀྱང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་བརྟན་སྲུང་བྱས་པས་ཕམ་ཁ་མི་འཁུར་པའི་ལུས་རྩལ་གྱི་བརྟན་སྲུང་མཚོན་པར་བྱས།སྤང་ཐང་སྟེང་གི་ཛ་དྲག་གི་འགྲན་བསྡུར་རེ་རེ་ནི་རུ་ཁག་གཉིས་ཀྱིས་རྐང་རྩེད་སྤོ་ལོའི་ཐད་ལ་བཅངས་པའི་ལྷག་བསམ་རྣམ་དག་མཚོན་པ་མ་ཟད། ཡུན་ནན་ཚད་བརྒལ་རྐང་རྩེད་སྤོ་ལོ་མཉམ་འགྲན་གྱི་རྩལ་འགྲན་འགྲན་རྩོད་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ལ།ས་གནས་གཉིས་དབར་གྱི་ལུས་རྩལ་སྤེལ་རེས་ཀྱི་སྦྲེལ་ཟམ་ཞིག་ཀྱང་བསྐྲུན་ཡོད།
 

འགན་འཁུར་རྩོམ་སྒྲིག་པ།:万玛措

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com