བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་19ཉིན་གྱི་ཕྱི་དྲོར། བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོའི་མེང་ཧྲ་ཝེན་ཏེ་མུའུ་ཡེ་གནས་མགྲོན་ཁང་དུ་འཚོགས། བྱེད་སྒོ་ཐོག་རིག་གནས་ཡུལ་སྐོར་ཐོན་ཁུངས་འོསས་སྦྱོར་དང་། མཉམ་ལས་ཀྱི་གན་རྒྱ་འཇོག་པ། མི་རིགས་གླུ་གར་འགྲེམ་སྟོན་སོགས་ཀྱི་ཚུལ་བརྒྱུད་དེ་མ་ལེ་ཞི་ཡའི་ཡུལ་སྐོར་ལས་རིགས་ལ་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་མངོན་ཡོད།
འོས་སྦྱོར་ཚོགས་འདུའི་ཐོག ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བ་ཡིས་བརྩེ་དུང་ཟབ་མོའི་ངང་ས་ཁུལ་གཉིས་ཀྱི་འབྱུང་ཁུངས་དང་བདེ་ཆེན་གྱི་མཛེས་སྡུག་མཉམ་སྤྱོད་བྱས་ཏེ། ཁོང་གིས་མ་ལེ་ཞི་ཡ་ནི་བདེ་ཆེན་གྱི་ཕྱི་རྒྱལ་ཡུལ་སྐོར་གྱི་ཡུལ་སྐོར་བ་ཡོང་ཁུངས་ཆེ་ཤོས་ཡིན་པ་དང་ས་གནས་གཉིས་ཀྱི་མཛའ་གྲོགས་གཏིང་ཟབ་ཅིང་ཡུན་རིང་ལྡན་ཡོད། བདེ་ཆེན་དང་མ་ལེ་ཞི་ཡ་བར་ལེ་དབར་སྟོང་གི་བར་ཐག་ཡོད་མོད། འོན་ཀྱང་རིག་གནས་དང་བརྩེ་དུང་ཐད་རང་བྱུང་གི་འབྲེལ་བ་དང་གཏིང་ཟབ་པའི་གཅིག་མཐུན་ལྡན་པས་རིག་གནས་དང་ཡུལ་སྐོར་འབྲེལ་ཐག་ཏུ་བརྩིས་ནས་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས། ཐེངས་འདིར་ང་ཚོས་བྱེ་ཐང་ཕུད་པའི་ས་བབ་ཆགས་ཚུལ་ཚང་མ་ཡོད་པའི་ཡུན་ནན་ནས་ཡོང་བ་དང་། བརྗིད་ཉམས་ལྡན་པའི་གངས་རི་ཁྲི་སྟོང་མང་པོར་གནས་པའི་མཐོ་སྒང་གི་གྲོང་ཁྱེར་ནས་ཡོང་བ་དང་། གཙང་གསུམ་མཉམ་བཞུར་གྱི་ལྟེ་བ་ཡིན་པའི་གཙང་སྟོད་ནས་ཡོང་བ་དང་། ཡུན་ནན་ཞེས་པའི་འཚོ་བ་ཞིག་ཡོད་ཅེས་པའི་མཛེས་སྡུག་ལྡན་པའི་རེ་འདོད་ཁྱེར་ནས་ཀྲུང་གོ་ནས་ལོ་སི་བར་གྱི་ལྕགས་ལམ་ལ་བརྟེན་ནས་དུས་དང་བར་སྟོང་གི་བར་ཐག་ཇེ་ཐུང་དུ་བཏང་ཡོད། མ་ལེ་ཞི་ཡའི་གྲོགས་པོ་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པར་ཕེབས་ནས་སྨན་རི་གངས་རིར་ཉི་རྩེ་ཕོག་པའི་མཛེས་ལྗོངས་བལྟ་བ་དང་། ནགས་ཕག་མཚོར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་མྱོང་བ། སའི་གོ་ལའི་ཕྱེད་བྱང་མའི་འཕྲེད་ཐིག་ཆེས་དམའ་བའི་སྤུས་ལེགས་གངས་རར་གངས་སྟེང་གི་འགུལ་སྐྱོད་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་པ། ཏུའུ་བཅུ་ལྷག་གི་སྐྱིད་སྣང་ལྡན་པའི་ལུས་ཚོར་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཆར་ཡན་མྱོང་ཚོར་བྱེད་པར་གདན་འདྲེན་ཞུས། དེའི་རྗེས་སུ་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དྲིལ་བསྒྲགས་ཁའོ་ཡི་འགན་འཁུར་མི་སྣ་ཡིས་དབྱིན་ཡིག་གིས་པོ་ཏ་མཚོ་དང་། སྟག་མཆོང་གྲོག་རོང་། སུམ་རྩེན་གླིང་སོགས་མཛེས་ལྗོངས་ཁུལ་གཙོ་བོ་དང་ཁྱད་ལྡན་ཞིམ་ཟས་འོས་སྦྱོར་བྱས་པ་དང་། མ་ལེ་ཞི་ཡའི་གྲོགས་པོ་རྣམས་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་ཕེབས་ནས་དེའི་བརྗིད་ཉམས་ལྡན་པའི་རང་བྱུང་མཛེས་སྡུག་ལ་དངོས་སུ་མྱོང་རོལ་བྱེད་པ་མ་ཟད། དབྱིངས་ཞུགས་རྣམ་པ་ཡིས་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་པར་གདན་འདྲེན་ཞུས་པ་རེད།
བྱེད་སྒོའི་ཁྲོད་དུ། སེམས་ཀྱི་ཉི་ཟླ་ཅ་རི་ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་བས་ཡུན་ནན་གྱི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱས་ནས་ཡུན་ནན་ནུབ་བྱང་གི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་གསུམ་བཏོན་ཡོད། ལམ་ཐིག་ནང་སྨན་རི་གངས་རི་དང་ཏ་ལི་གནའ་གྲོང་སོགས་རྩེར་སོན་ཡུལ་ལྗོངས་ཚུད་པ་མ་ཟད། ད་དུང་བོད་རིགས་གྱི་གྱོན་ཆས་བརྗེ་བ་དང་མཐོ་སྒང་གི་རྒུན་ཆང་མྱོང་ཚོར་སོགས་ཀྱི་ཁྱད་ལྡན་ཉམས་ལེན་ཡང་འདྲེས་ཡོད། དེའི་དམིགས་ཡུལ་ནི་ཡུལ་སྐོར་བ་རྣམས་ལ་རྒྱུ་སྤུས་མཐོ་བའི་མཐོ་སྒང་གི་སྦས་ལུང་ཀྱི་ཡུལ་སྐོར་བསྐྲུན་རྒྱུ་དེ་ཡིན།

མ་ལེ་ཞི་ཡའི་ཀྲུང་གོ་བའི་ཡུལ་སྐོར་ལས་རིགས་ཀྱི་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་འགན་འཁུར་བས་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་ཏེ། ཁོང་གིས་སེམས་ཀྱི་ཉི་ཟླ་ནི་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་མཐོ་སྒང་གི་ཡུལ་སྐོར་གནས་མཆོག་ཅིག་ཡིན་པས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལྡན་པས་མ་ལེ་ཞི་ཡ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་རར་གོང་འཕེལ་གཏོང་ཤེད་མདུན་ལམ་ཧ་ཅང་ཆེན་པོ་ཡོད། དུས་ཡུན་རིང་པོའི་རིང་ལ་ལས་རིགས་མཐུན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མ་ལེ་ཞི་ཡ་དང་རྒྱལ་ཁབ་ཁག་བར་རིག་གནས་དང་ཡུལ་སྐོར་མངའ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ཧུར་ཐག་སྒོས་རིགས་སོ་སོའི་ཡུལ་སྐོར་འགྲེམ་སྟོན་དང་འོས་སྦྱོར་བྱེད་སྒོ་དང་དེ་བཞིན་ལས་རིགས་སྦྲེལ་མཐུད་རྩ་འཛུགས་དང་ཞུགས་པ་བརྒྱུད་ནས་ཚོགས་མིར་འབྲེལ་གཏུག་ཟམ་པ་བསྐྲུན་པ་མ་ཟད། རྒྱལ་སྤྱིའི་མཉམ་ལས་རོགས་ཟླར་གོ་སྐབས་དེ་ལས་མང་པོ་བསྐྲུན་ཡོད། གོམ་སྟབས་རྗེས་མར། ལས་རིགས་གཅིག་པའི་ལྷན་ཚོགས་ཀྱིས་ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཀྱི་ཉི་ཟླ་དང་མ་ལེ་ཞི་ཡ་ཡུལ་སྐོར་ལས་རིགས་དབར་དེ་བས་གཏིང་ཟབ་པའི་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱོགས་གཉིས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་རྒྱུ།
མ་ལེ་ཞི་ཡ་ཡུལ་སྐོར་ཅུས་ཀྱི་རྒྱལ་སྤྱིའི་ལས་དོན་ལས་ཀ་ཁྱབ་སྤེལ་པུའུ་(ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་གླིང་)གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བདེ་ཆེན་ཡུལ་སྐོར་འོས་སྦྱོར་ཚོགས་པས་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་ཐེངས་འདིའི་བྱེད་སྒོ་ནི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གཅིག་བསྡུས་སྟོན་པ་ཡིན་ལ། རྒྱལ་སྤྱིའི་ཡུལ་སྐོར་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ལས་སྟེགས་ཞིག་ཀྱང་ཡིན། ལས་སྟེགས་འདི་བརྒྱུད་ནས་ཕྱི་རྒྱལ་གྱི་ལས་རིགས་ཁག་དང་ཡུལ་སྐོར་བ་རྣམས་ཀྱིས་ཕྱོགས་ཡོངས་ནས་སེམས་ཀྱི་ཉི་ཟླ་ངོས་འཛིན་བྱ་རྒྱུར་རོགས་རམ་བྱས་ནས་རྒྱལ་སྤྱིའི་འགྲུལ་རྒྱུན་ཀྱི་ཁྲོམ་ར་རྒྱ་སྐྱེད་ནུས་ལྡན་གཏོང་རྒྱུ་རེད། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་སྡེ་ཁག་མ་ལེ་ཞི་ཡར་འོས་སྦྱོར་ཕེབས་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་ཡུལ་སྐོར་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ནས་ཕྱོགས་གཉིས་ཀྱི་ཡུལ་སྐོར་ལས་དོན་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ངེས་རེད་ཅེས་བཤད།


ཧོན་ཏའོ་ཡུལ་སྐོར་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝང་མེ་ཀྲེན་གྱིས་བདེ་ཆེན་གྱིས་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་ཡིད་དབང་འཕྲོག་ནུས་ཆེན་པོ་ལྡན་ཡོད། ཁྱད་པར་དུ་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་དུ་མངོན་པའི་ཧ་ལས་པའི་མཛེས་སྡུག། ངས་སླར་ཡང་སེམས་ཀྱི་ཉི་ཟླར་བསྐྱར་དུ་ཡུལ་སྐོར་བྱེད་པ་དང་འབྲེལ་དེ་ཁྱབ་སྤེལ་བྱེད་པའི་ལམ་ཐིག་གཙོ་གནད་དུ་བརྩིས་ནས་དེ་ལས་མང་བའི་ཡུལ་སྐོར་བ་སེམས་ཀྱི་ཉི་ཟླར་བསྐྱོད་དུ་འཇུག་འདོད་ཡོད་ཅེས་བཤད།


责任编辑:七林、曲批
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།
ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས།
བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་ཆེད་དོན་ཚོགས་འདུ་འཚོགས།
མཐའ་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དེ། སེ་འབྲུ་མེ་ཏོག་བཞད་སར་དར་རྒྱས་ཀྱི་གླུ་དབྱངས་དཀྲོལ།
དམངས་འཚོའི་གསལ་ཐོ་ཞེས་པ་དེ་བདེ་སྐྱིད་ཀྱི་རྩིས་ཐོ་ཞེས་པར་བསྒྱུར་བཅུག
རང་ཁུལ་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
སེམས་ཀྱི་ཉི་ཟླའི་དགུན་ཁའི་གངས་འཁྱགས་གྲོས་ཆོད་ཀྱིས་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་ལ་རོགས་རམ་བྱས་ཏེ། སྤོ་ལོ་བལྟས་སྐབས་ཁ་བ་རྩེད་ནས་ཁྱོད་ལ་ཐེངས་གཅིག་ནང་སྤྲོ་སྣང་ངང་རྩེད་དུ་བཅུག
ཡུན་ནན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བདེ་ཆེན་གྱི་ཆེད་དོན་ཚོགས་འདུ་ཁུན་མིང་དུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
