ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་ནང་ཞུགས།
ཟླ་བ་1པོའི་ཚེས་13ཉིན་གྱི་ཕྱི་དྲོར། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སུམ་རྩེན་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་དང་པོའི་རྒྱས་འཛོམས་ཚོགས་འདུ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལག་ལེན་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་གནས་ངེས་འབུར་ཐོན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ། ཆོས་ལུགས་སྲིད་ཇུས་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱས་ཏེ། རྣམ་པ་སྣ་ཚོགས་བརྒྱུད་ནས་སློབ་སྦྱོང་དེ་སེམས་ནང་ཟུག་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལམ་ལུགས་དེ་ཚད་གཞི་བཞི་ཞེས་པ་དང་བློ་སྦྱོང་ཕྱོགས་མཐུན་ཞེས་པ། མདུན་སྐྱོད་ལྔ་ཞེས་པའི་དགོན་པའི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གྲྭ་བཙུན་གྱི་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས། བཀའ་དྲིན་དྲན་བའི་འདུ་ཤེས་བཅས་ཆེ་རུ་གཏོང་དགོས་ཞེས་བཏོན།
ལུའོ་ཁྲའོ་ཧྥེང་གིས་དགོན་པའི་དོ་དམ་ཅུས་ཀྱི་ཧྲུའུ་ཅི་དང་པོ་ཞེས་པའི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱ་དགོས། རྫོང་དང་གྲོང་ཁྱེར་གྱི་ཏང་ཨུ་ཧྲུའུ་ཅི་དང་ཞང་དང་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་སྟེ་དགོན་པའི་དོ་དམ་ཅུས་ཀྱི་ཧྲུའུ་ཅི་དང་པོའི་འགན་གཅིག་ལྕོགས་འཁུར་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རིམ་པ་ཁག་གི་ཏང་ཨུའི་འགན་འཁྲི་གཙོ་བོ་དང་ཏང་ཨུ་ཧྲུའུ་ཅིའི་འགན་འཁྲི་དང་པོ་དམ་ཟབ་བྱས་ནས་དགོན་པར་ཟབ་ཞུགས་བྱས་ཤིང་སྲིད་ཇུས་དྲིལ་བསྒྲགས་དང་ཉེན་ཁ་ཞིབ་བཤེར། དཀའ་ངལ་སེལ་བ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་སྲ་བརྟན་དུ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་དང་དམངས་གཙོ་ལས་ཁུངས་ཀྱིས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་དགོན་པའི་དོ་དམ་ཅུས་ཀྱི་ལས་བྱེད་པས་རྒྱུན་རྣམ་ཅན་གྱིས་དགེ་འདུན་པ་དང་འབྲེལ་གཏུག་བྱས་ཏེ་དམངས་གཙོ་དོ་དམ་ཨུ་ལྷན་དང་མཉམ་དུ་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱེད་དགོས།བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱས་ཏེ་གནས་ཡུལ་དང་མི་སྣ། བྱེད་སྒོ། ནོར་དོན། སློབ་གསོ་གསོ་སྦྱོང་བཅས་རིམ་པ་འགག་རྩ་ལྔ་ལ་དོ་དམ་ནན་པོ་བྱས་ཏེ་གྲྭ་བཙུན་རང་ཉིད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་དགུ་གཏོར་དང་བྱམས་པ་ཆོས་སྐོར་སོགས་བྱེད་སྒོའི་བདེ་སྲུང་བརྟན་སྲུང་གི་གྲ་སྒྲིག་སྔོན་ལ་ལེགས་པར་བྱས་ཏེ་གྲྭ་བཙུན་པ་རྣམས་བློ་རྩེ་གཅིག་སྒྲིལ་ངང་སྒོམ་སྒྲུབ་དང་ཡོན་ཏན་ཡར་རྒྱས་ཡོང་བར་ཁྲིད་སྟོན་བྱ་དགོས་ཞེས་ནན་གྱིས་བསྟན།
ལུའོ་ཁྲའོ་ཧྥེང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས། དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་སྤྲུལ་སྐུ། མཁན་པོ་སོགས་ཀྱིས་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་ཆོས་ལུགས་ཐད་ཡོན་ཏན་ཡོད་པ། ཀུན་སྤྱོད་ཐད་མང་ཚོགས་ལ་གོ་སྐོན་བྱེད་ཐུབ་པ། འགག་རྩའི་སྐབས་སུ་ནུས་པ་ཐོན་པའི་ཐད་མིག་དཔེ་སྟོན་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། ཆོས་ལུགས་སྲིད་ཇུས་བཅས་ལ་བརྩི་བཀུར་བྱས་པར་སྣེ་ཁྲིད་ནས། ཆོས་ལུགས་དང་ཆོས་སྲོལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བླང་བྱ་དང་མཐུན་པའི་འགྲེལ་བཤད་ལ་ཤུགས་སྣོན་བརྒྱབ་སྟེ་དར་ཆ་གསལ་པོ་བཏོན་ཏེ་ཁ་བྲལ་ལ་ངོ་རྒོལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱོན་ཡོངས་སྲུང་སྐྱོང་བྱ་དགོས་ཞེས་བླང་བྱ་བཏོན།
ཚོགས་འདུ་འཚོགས་རྗེས། ལུའོ་ཁྲའོ་ཧྥེང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་སྟེ་སུམ་རྩེན་གླིང་གི་སྤྲུལ་སྐུ་ཁ་གསར་ཆོས་ཀྱི་རྒྱལ་མཚན་ལ་འཚམས་འདྲི་གནང་བ་དང་ཁོང་གིས་དུས་ཡུན་རིང་པོའི་ནང་རྒྱལ་གཅེས་ཆོས་གཅེས་མཐའ་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་ཚད་གཞི་བཞི་ཞེས་པར་བརྩི་སྲུང་བྱས་ཏེ་དགེ་འདུན་པ་དང་མང་ཚོགས་མཐུན་སྒྲིལ་བྱ་བར་ཁྲིད་སྟོན་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་བྱས། ཁོང་གིས་མུ་མཐུད་ནས་ཏང་ཨུ་དང་སྲིད་གཞུང་གིས་དད་ལྡན་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་ཡག་པོ་བྱེད་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ཁག་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་སྔར་བས་ཆེ་བ་མངོན་པའི་རེ་བ་བཅངས།
ལིའོ་ཝུན་ཚའེ་དང་ཁྲེན་ཆུན། ཧོང་ལུང་ཞིན་བཅས་ཚོགས་འདུར་ཞུགས།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
གོ་རྒྱུ་ཆེ། ནང་དོན་ཟབ། ལྟ་རིན་ཡོད།
ནགས་ཕག་མཚོ་རུ་དགུན་སྐྱེལ་འོང་བའི་ཁྲུང་ཁྲུང་སྐེ་ནག་ལྔ་བརྒྱ་དོན་གསུམ་ཟིན།
ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་ནང་ཞུགས།
ཀྲང་ཝེ་ཏུང་གིས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སུ་ཕེབས་ནས་སྦྲེལ་མཐུད་ལས་དོན་སྙན་སེང་ཞུ།
མི་དམངས་ཉེན་རྟོགས་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་གངས་རི།
བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
