ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སུ་ཕེབས་ནས་སྦྲེལ་མཐུད་ལས་དོན་སྙན་སེང་ཞུ།
ཟླ་བ་1པོའི་ཚེས་9་ཉིན། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་དང་ཞིང་ཆེན་ནུས་ཁུངས་ཅུས། ཞིང་ཆེན་ནོར་སྲིད་ཐིང་བཅས་སུ་སྦྲེལ་མཐུད་ལས་དོན་སྙན་སེང་ཞུ་བར་ཕེབས་ནས་ལས་དོན་མཛུབ་ཁྲིད་དང་སྲིད་ཇུས་རྒྱབ་སྐྱོར་ཧུར་ཐག་ངང་བརྩོན་ལེན་བྱས།
ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུའི་ཀྲུའུ་རེན་གཞོན་པ། ཞིང་ཆེན་ནུས་ཁུངས་ཅུས་ཀྱི་ཅུས་ཀྲང་ཁྲེན་ཅེ། ཞིང་ཆེན་ནོར་སྲིད་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། ཐིང་ཀྲང་ཝང་ཁྲུན་ཡོན་སོ་སོར་གྲོས་བསྡུར་ནང་ཞུགས།

ཟླ་བ་1པོའི་ཚེས་9ཉིན། ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་དང་ཞིང་ཆེན་ནུས་ཁུངས་ཅུས་སུ་ཕེབས་ནས་སྦྲེལ་མཐུད་ལས་དོན་ལ་སྙན་སེང་ཞུ།

ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་དང་ཞིང་ཆེན་ནུས་ཁུངས་ཅུས་སུ། ལུའོ་ཁྲའོ་ཧྥེང་གིས་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་དང་ཞིང་ཆེན་ནུས་ཁུངས་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་ཉེ་བའི་ལོ་ཤས་རིང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ནུས་ལྡན་དང་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་དང་ཞིང་ཆེན་ནུས་རྒྱུ་ཅུས་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་མཛུབ་ཁྲིད་དང་རོགས་རམ་འོག བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ལ་འབད་བརྩོན་དང་། འཛུགས་སྐྲུན་བྱེད་པ། དམངས་འཚོ་ལ་ཕན་ཞིང་བདེ་འཇགས་འགན་ལེན་བཅས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་བ་དང་། དམངས་འཚོ་འགན་སྲུང་ནུས་ཤུགས་ཡོད་པ་དང་ཕན་ནུས་ལྡན་པ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། མིག་སྔར། བདེ་ཆེན་ནི་སྲིད་ཇུས་རིམ་བརྩེགས་ཀྱི་གོ་སྐབས་དུས་ཡུན་དང་ཡུན་རིང་བདེ་འཇགས་ཡོང་བའི་སྐུལ་འདེད་དུས་ཡུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་འགྱུར་སྐབས། དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཐོག་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་བཅས་སུ་གནས་ཡོད། ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་དང་ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་སྔར་རྒྱུན་ལྟར་བདེ་ཆེན་ལ་སེམས་ཁུར་དང་རོགས་རམ་བྱེད་དེ་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་བཟོ་འགོད་དང་། གནོད་མེད་ནུས་རྒྱུའི་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན། འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་ཆེན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྔར་བས་ལེགས་པའི་ངང་བསྒྱུར་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་ཞིང་ཆེན་ནོར་སྲིད་ཐིང་དུ་སྦྲེལ་མཐུད་ལས་དོན་སྙན་སེང་ཞུ།

ཞིང་ཆེན་ནོར་སྲིད་ཐིང་དུ། ལུའུ་ཁྲའོ་ཧྥེང་གིས་ཞིང་ཆེན་ནོར་སྲིད་ཐིང་གིས་ཐོག་མཐའ་བར་གསུམ་དུ་བདེ་ཆེན་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བདེ་ཆེན་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ནོར་སྲིད་འཁོར་སྐྱོད་གནས་ཚུལ་ལ་ངོ་སྤྲོད་ཀྱང་གནང་། ཁོས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་གྲུབ་ཆ་ཁེར་རྐྱང་དང་ཐོན་ལས་རྨང་གཞི་ཞན་པ། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་གོང་འོག་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ལ་དམ་པོར་དམིགས་ནས་གཏོང་ཡོང་ལག་བསྟར་བྱེད་པར་མུ་མཐུད་ནས་ཤུགས་སྣོན་རྒྱག་པ་དང་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་རིམ་པ་ལ་དོ་སྣང་དམ་ཟབ་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་འཁོར་སྐྱོད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་ཡོད། དེ་དང་ཆབས་ཅིག མིག་སྔའི་ལས་ཀའི་ཞན་ཆ་དང་དཀའ་ངལ་ཡོད་པའི་གནད་དོན་ལ་དམིགས་ནས། ཞིང་ཆེན་ནོར་སྲིད་ཐིང་གིས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བཞིན་སེམས་ཁུར་དང་དོ་ཁུར་བྱས་ཏེ། ནོར་ཤུགས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དང་ཆེད་དོན་བུན་འཛིན་སྙན་ཞུ། ཆེད་དོན་མ་དངུལ་བརྩོན་འཇོག བུ་ལོན་ཉེན་ཁ་སྔོན་འགོག་ཚོད་འཛིན་སོགས་ཐད་ཀྱི་ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རྒྱབ་སྐྱོར་སྔར་བས་མང་བ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་པའི་རེ་བ་ཡོད་ཅེས་གསུངས།

ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱིས་བདེ་ཆེན་གྱི་ཉེ་བའི་ལོ་ཤས་རིང་དུ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ནས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་བྱེད་པ་དང་། བདེ་ཆེན་གྱི་འཕེལ་རྒྱས་དགོས་མཁོ་ལ་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ་ཕྱོགས་བསྡུས་མཐུན་སྦྱོར་དང་སྲིད་ཇུས་ཇུས་འགོད། མ་དངུལ་བརྩོན་ལེན་བྱེད་པ། རྣམ་གྲངས་སྐུལ་འདེད་བཅས་ཀྱི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བདེ་ཆེན་ཡུན་རིང་བདེ་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཕན་འབྲས་སྔར་བས་ཆེ་བ་ཡོང་བར་རོགས་རམ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བསྟན།
ཞིང་ཆེན་ནོར་སྲིད་ཐིང་གི་རིམ་པ་དང་པོའི་སྐོར་ཞིབ་པ་ཙིའུ་ཉིང་དང་ཞིང་ཆེན་ནུས་ཁུངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཧྥན། ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་དེ་བཞིན་རང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་སྦྲེལ་མཐུད་ལས་དོན་ནང་ཞུགས།
责任编辑:仁欠才让 拉茸初姆
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཀྲང་ཝེ་ཏུང་གིས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སུ་ཕེབས་ནས་སྦྲེལ་མཐུད་ལས་དོན་སྙན་སེང་ཞུ།
མི་དམངས་ཉེན་རྟོགས་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་གངས་རི།
བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དུ་སྡོད་པའི་ལས་བྲལ་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་པ་རྣམས་ལ་འཚམས་འདྲི་གནང་།
ལུའོ་ཁྲའོ་ཧྥེང་གིས་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ལ་བརྟག་ཞིབ་གནང་བ།
བདེ་ཆེན་ཁུལ་དུ་2026ལོའི་ཟླ་བ་1པོའི་ཚེས་1ཉིན་ནས་བཟུང་གྲོང་མིའི་ཐོབ་ཐང་ལག་ཁྱེར་དེ་རྒན་རྒོན་གྱི་གཟིགས་སྐྱོང་ལག་ཁྱེར་གྱི་ཚབ་བྱེད་ཆོག
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
