中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས་པ།   

ཁྱབ་བསྒྲགས་དུས་ཚོད་:2026-01-09 14:50:23

ཟླ་1པོའི་ཚེས་7ཉིན་རྒྱལ་ཁབ་བདེ་འཇགས་པུའུ་ཡི་ཆབ་སྲིད་པུའུ་དང་།ཀྲུང་གུང་ཡུན་ནན་ཞིང་ཨུའི་དྲིལ་བསྒྲགས་པུའུ།  ཀྲུང་གུང་ཡུན་ནན་ཞིང་ཨུའི་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་བཅས་ཀྱིས་ཁུན་མིང་ནས་མཉམ་འབྲེལ་ཐོག་བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ཟླ་1པོའི་ཚེས7ཉིན།  བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས།    བློ་བཟང་བཀྲ་ཤིས་ནི་ད་ཆ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཡན་ལག་རུ་ཁག་ག་གེ་མོའི་ཡན་ལག་འགོ་བ་ཡིན།ཁོང་གིས་དུས་ཡུན་རིང་བོར་ཡུན་ནན་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་དང་ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་ཀྱི་མཐོ་གྲང་ས་ཁུལ་དུ་ཡུན་རིང་གཞིས་ཚུགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་།མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅིང་།   ཏང་དང་རྒྱལ་ཁབ་ལ་བློ་དཀར་བ་དང་།  གསར་གཏོད་དང་སྟོབས་ལྡན་བྱེད་ཕོད་པ།  འཐབ་ཕོད་ཅིང་འཐབ་མཁས་བྱེད་ཤེས་པ།  རང་ལས་གཞན་གཅེས་བཅས་ཀྱི་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་དམག་མིའི་སྙིང་སྟོབས་དང་ཉམས་འགྱུར་གང་ལེགས་ཀྱིས་མངོན་ཡོད།2025ལོའི་ཟླ་9པར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་བརྡ་ཐོ་པར་འགྲེམས་བྱས་ཏེ་རྒྱལ་ཡོངས་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ།2025་ལོའི་ཟླ་12་པར་ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡིས་བློ་མཐུན་བློ་བཟང་བཀྲ་ཤིས་ལ་ཡུན་ལིང་གི་དཔེ་བཟང་ཞེས་པའི་མཚན་སྙན་སྤྲད་པ་རེད།    སྙན་ཞུའི་ཚོགས་འདུའི་ལས་ཡུལ་དངོས་སུ་བློ་བཟང་བཀྲ་ཤིས་དང་ཁོའི་ཁྱིམ་མི།  ད་དུང་འཐབ་གྲོགས་ཚོས་ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་ཁོ་རང་གིས་ལུས་སེམས་གཉིས་ཀ་རྒྱལ་ཁབ་ཀྱི་བདེ་འཇགས་བྱ་གཞག་ནང་ཞུགས་རྒྱུའི་དམ་བཅའ་འཇོག་སྟངས་དང་།བློ་བརྟན་འགྱུར་མེད་ཀྱིས་འགན་འཁྲི་དང་ལས་འགན་སྒྲུབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་བྱུང་།    སྙན་ཞུའི་ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་།ཡུན་ནན་ཞིང་ཆེན་གྱི་ཁུལ་(གྲོང་ཁྱེར་)སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་དང་།སྲིད་ཁྲིམས་ཚན་པ་ཁག་གི་ལས་བྱེད་ཉེན་རྟོག་པ་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ཁག་ཏུ་སྙན་ཞུའི་ཚོགས་འདུར་ཞུགས་ཡོད།

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་གངས་རི།

བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས་པ།   

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དུ་སྡོད་པའི་ལས་བྲལ་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་པ་རྣམས་ལ་འཚམས་འདྲི་གནང་། 

ལུའོ་ཁྲའོ་ཧྥེང་གིས་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

བདེ་ཆེན་ཁུལ་དུ་2026ལོའི་ཟླ་བ་1པོའི་ཚེས་1ཉིན་ནས་བཟུང་གྲོང་མིའི་ཐོབ་ཐང་ལག་ཁྱེར་དེ་རྒན་རྒོན་གྱི་གཟིགས་སྐྱོང་ལག་ཁྱེར་གྱི་ཚབ་བྱེད་ཆོག

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཞིང་ཆེན་བསྡོམས་རྩིས་ཅུས་སུ་ལས་དོན་སྦྲེལ་མཐུད་དང་སྙན་སེང་ཞུས། 

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

མེ་དབྱི་ཁོ་ཞབས་བྲོ་ཁང་གི་གཅེན་སྲིང་གཉིས་ཀྱི་སྒྱུ་རྩལ་གྱི་ཕུགས་འདུན།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com